མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིག་རྒྱུགས་ཐུན་གཅིག་གི་སྔ་གཞུག

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

དུས་བཅད་བྱས་པ་ལྟར་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ དང་སྐར་མ་ ༣༠ ཡས་མས་སུ་ང་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གཞིས་ལས་ཁང་གི་གཞིས་མགོ་རྙིང་བ་བཀྲ་ཤིས་དབང་འདུས་སར་བཅར་ཡང་། ཁོང་ལས་བྲེལ་གཞན་ཞིག་གི་དབང་གིས་ཕྱི་ལ་ཕེབས་དགོས་བྱུང་འདུག་པས། མི་མང་ཚོགས་ཁང་ནང་འཚོགས་བཞིན་པའི་རིག་གནས་འཆད་ཁྲིད་ཀྱི་འཛིན་གྲྭར་བསྐྱོད། སྐབས་དེར་དགེ་རྒན་བློ་བཟང་བསྟན་དར་ལགས་དང་། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་རྒྱུན་ལས་གྲྭ་ཚེ་དབང་རྣམ་གཉིས་ཀྱིས་སློབ་ཕྲུག་ཚོར་ཚོད་ལྟའི་ཡིག་རྒྱུགས་ཤིག་གཏོང་མགོ་བརྩམས་སོང་ལ། ངས་ཀྱང་རྐང་བཙུགས་ནས་སློབ་ཕྲུག་ཚོའི་ཤེས་ཚད་ཅིག་གཞལ་དགོས་བསམ་ནས་བསྡད་པ་ཡིན། ཡིན་ནའང་། སློབ་ཕྲུག་འདི་ཚོས་ང་གང་ནས་ཡོང་དང་ཅི་ཞིག་བྱེད་དུ་ཡོང་མིན་མི་ཤེས་སྟབས། ཁོང་ཚོས་ངའི་མིག་མདུན་དང་རྒན་བློ་བཟང་བསྟན་དར་གྱི་རྒྱབ་ཕྱོགས་ནས་ཡིག་རྒྱུགས་ཕབ་བཤུ་བྱེད་མགོ་བརྩམས་སོང་། རྒན་ཁོང་གིས་སློབ་མ་ཚོས་ཕན་ཚུན་ལ་ཕབ་བཤུ་མི་བྱེད་ཆེད་སློབ་ཕྲུག་བུ་དང་བུ་མོ་རྣམས་ཕྱོགས་གཉིས་ལ་བགོས་ཤིང་། སློབ་ཕྲུག་བུ་ཚོ་ཡང་འཛིན་ཁང་ནང་དང་ཕྱི་ལོག་གཉིས་སུ་བཀྲམས་སོང་།

སྐབས་དེར་ང་འཛིན་ཁང་ནང་དུ་ཡོད་ལ། རྒན་ཁོང་གིས་སློབ་ཕྲུག་སྐོར་ཞིག་ལ་ཕྱི་ལོག་ནས་འདུག་ས་གོ་སྒྲིག་བྱེད་པར་བྲེལ་འདུག ངའི་མདུན་དུ་ཡོད་པའི་སློབ་ཕྲུག་དེས་དྲི་ཤོག་ཟུར་དུ་བཞག་སྟེ་འབྲི་དེབ་ཅིག་སྔོག་བཞིན་འདུག་ལ། ངས་ཁོས་བྲིས་པའི་ཡིག་གཟུགས་མི་ལེགས་ཤིང་། ཡིག་གཟུགས་ལས་ཁོའི་བོད་ཡིག་གི་གནས་སྟངས་ཞན་པ་ཚོར་རྗེས། ཁོའི་ལག་ནས་འབྲི་དེབ་བླངས་ནས་ཞིབ་ལྟ་བྱེད་མགོ་བརྩམས། ཅུང་མ་འགོར་བར་རྒན་ཁོང་ཕྱིར་ནང་དུ་ཕེབས་སོང་ལ། ཁོང་གིས་ངའི་ལག་གི་འབྲི་དེབ་དེ་སློབ་ཕྲུག་དེའི་ཡིན་པ་རྟོགས་རྗེས་ཡིག་རྒྱུགས་གཏོང་སར་འབྲི་དེབ་ཉར་ཆོག་གི་མ་རེད་ཟེར་ནས་སློབ་ཕྲུག་དེར་གཤེ་ཞོར་ཕར་བཞག་སོང་།

དེ་རྗེས་ངས་སློབ་ཕྲུག་རེ་རེའི་སར་ཉུལ་ཏེ་ཁོང་ཚོས་ཡིག་རྒྱུགས་ཇི་ལྟར་འབྲི་བཞིན་པར་ཞིབ་ལྟ་བྱས། ཡིན་ནའང་། སློབ་ཕྲུག་འདི་ཚོའི་ཤེས་ཡོན་གནས་ཚུལ་བཟང་ངན་ལ་མ་ལྟོས་པར་ཀུན་སྤྱོད་དེས་ང་ལ་སྐྱོ་སྣང་ཞིག་འགོག་མེད་དུ་བྱིན། རྒན་ཕྱི་ལོག་ཏུ་སོང་ཐེངས་རེར་ཁོང་ཚོས་ཕན་ཚུན་ལ་ལབ་རེས་བྱེད་པ་དང་དེབ་ལས་ཕབ་བཤུ་བྱེད་པ་མ་ཟད། སློབ་ཕྲུག་མིག་ཤེལ་ཅན་ཞིག་གིས་དེབ་ལ་བལྟས་ཏེ་སྒེའུ་ཁུང་ཕྱི་ལོག་གི་སློབ་ཕྲུག་དེར་བར་སྟོང་གང་དང་གང་དུ་ཅི་ཞིག་འབྲི་དགོས་མིན་ལབ་མགོ་བརྩམས་སོང་། ཁོང་ཚོས་ཡིག་རྒྱུགས་གཏོང་སྟངས་འདིས་ང་ལ་ཁོང་ཚོའི་ཉིན་རེའི་བྱེད་སྒོ་ཀུན་འགྲེལ་གྱིན་འདུག་ལ། དེ་བས་ཀྱང་ནང་བསམ་པའི་འཁྱེར་ཕྱོགས་ཤིག་སྟོན་གྱིན་འདུག ཚོད་ལྟའི་ཡིག་རྒྱུགས་ནི་སྦྱངས་ཟིན་པའི་ཤེས་བྱར་ཚད་འཇལ་ཙམ་བྱེད་པ་ལས་ཅི་ཡང་མིན་མོད། ཁོང་ཚོས་དེ་ཡང་ཕབ་བཤུ་བྱས་པ་དེས་ཁོང་ཚོའི་ཡ་རབས་དང་གཞུང་དྲང་གི་སྤྱོད་སྒོའི་ཚད་གཞི་ལྷང་ལ་བུད་སོང་།

མཐར་ང་འུ་ཐུག་སྟེ་ངའི་མདུན་གྱི་སློབ་ཕྲུག་དེའི་ལག་གི་འབྲི་དེབ་བླངས་པ་ཡིན། ཁོས། ཁྱེད་རང་ང་ཚོ་ལ་ལྟ་མཁན་རེད་དམ། ཞེས་ཧང་སང་བའི་ཉམས་ཀྱིས་དྲིས་མོད། ངས་ལན་བཏབས་མེད།

དེ་རྗེས་ངས་བུ་མོ་ཚོས་ཡིག་རྒྱུགས་འབྲི་སར་སྐོར་ཡང་བྱས། ཡིག་རྒྱུགས་གཏོང་མཁན་བུ་ལས་བུ་མོ་མང་བ་འདུག་ལ། ཚང་མས་རང་ནུས་གང་ཡོད་ཀྱིས་འབྲི་བཞིན་པ་ལས་ཕར་ཚུར་ལབ་རེས་དང་ཕབ་བཤུ་བྱེད་པ་མཐོང་མ་སོང་། ཡིན་ནའང་། བུ་མོ་ལྔ་དྲུག་ཅིག་ལས་སྤྱིའི་ཆ་ནས་འཛིན་རིམ་བདུན་པ་ནས་བཅུ་བ་བར་གྱི་སློབ་ཕྲུག་ཚོའི་བོད་ཡིག་གི་ཤེས་ཚད་སྐྱོ་བོ་ཡིན་པ་མ་ཟད། ཧ་ཅང་གི་སྐྱོ་བོ་རེད། སྔོན་འགྲོ་ནས་འཛིན་རིམ་བདུན་པ་དང་བརྒྱད་པ། དགུ་བ། བཅུ་བ། ཁོང་ཚོས་མི་ལོ་བཅུ་ཕྲག་ཙམ་ལ་ནང་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སྦྱངས་པའི་འབྲས་བུ་དེ་རིང་ཤོག་ངོས་སྟེང་བཤམས་འདུག

དེ་རྗེས་ང་ཕྱི་ལོགས་སུ་ཡོང་ནས་ཅུང་ཙམ་བསྡད་རིང་རྒན་ཁོང་གིས་སློབ་ཕྲུག་བུ་ཞིག་གི་ལག་ནས་ཤོག་བུ་ཞིག་འཕྲོག་སོང་ལ། དེའི་སྟེང་དུ་ཡིག་རྒྱུགས་སྐོར་ཞིག་བྲིས་འདུག མཐར་ཡིག་རྒྱུགས་ཚར་ལ་ཉེ་སྐབས་བུ་མོ་ཚོས་ཀྱང་གྲྭ་ཚེ་དབང་གིས་མི་ཐོས་ས་དང་མི་མཐོང་ས་ནས་ཕན་ཚུན་ལ་ལབ་རེས་བྱས་སོང་། ང་སྒོའི་གམ་དུ་ཡོད་ལ་དེར་འཛིན་རིམ་བཅུ་བའི་བུ་མོ་ཞིག་འདུག ཁོ་མོས་ང་ལ་ཁྱོད་ཀྱིས་བོད་ཡིག་ཤེས་སམ་ཟེར། ངས་མི་ཤེས་ཞེས་ལན་བཏབས། དབྱིན་ཡིག་ཤེས་སམ་ཟེར། ངས་ཡང་བསྐྱར་མི་ཤེས་ལབ་པ་ཡིན། ཁྱེད་ཀྱི་ཀླད་པ་སྟོང་པ་ཡིན་ནམ། ཡི་གེ་མི་ཤེས་ན་ག་རེ་བྱས་ནས་སྦྱོང་གི་ཡོང་གི་མེད་ཟེར་ལ། གལ་སྲིད་ཁྱེད་ཀྱིས་ཡི་གེ་མི་ཤེས་ན་ང་ཚོས་འབྲི་བཞིན་པ་འདི་དགོད་བྲོ་བོར་མཐོང་གི་རེད་ཅེས་བརྗོད་སོང་ལ། ཁོ་མོའི་བོད་ཡིག་གི་ཤེས་ཚད་གང་འཚམ་ཡག་པོ་འདུག་པ་མ་ཟད། ནང་ལོག་གི་སློབ་ཕྲུག་འགའ་བར་སྟོང་གན་དང་འདི་ལ་ལན་དེ་དང་ཕ་གི་འབྲི་དགོས་ཚུལ་ལབ་ཀྱིན་འདུག

འདི་ནི་དུས་ཡུན་ཐུང་ནའང་ངས་གསར་དུ་འཚར་ལོངས་འབྱུང་བཞིན་པའི་མི་རབས་གསར་བའི་སློབ་ཕྲུག་ཁྱུ་ཞིག་གི་སྒོ་གསུམ་གྱི་སྤྱོད་པ་མཐོང་བའི་དུས་ཡུན་ཡིན། ཁོ་ཚོ་འདི་ལྟར་ཁ་ལག་པའི་བར་ནས་ཡིག་རྒྱུགས་ཕབ་བཤུ་ལས་རྒྱུན་ལྡན་གྱི་སློབ་སྦྱོང་ལ་མི་བརྩོན་པའི་སོན་རྩ་ཁྱུ་ཞིག་ཏུ་འཚར་ལོངས་འབྱུང་བཞིན་འདུག

ཏག་ཏག་ཞོགས་པ་དེར་ངས་རྒན་བློ་བཟང་བསྟན་དར་ལགས་སུ་བཅར་འདྲི་ཞིག་ཞུས་སྐབས་ཁོང་གིས་གསུངས་དོན། འདས་པའི་ཟླ་གཅིག་ཙམ་གྱི་རིང་གི་དགེ་སློབ་ཚོའི་གྲུབ་འབྲས་ཡག་པོ་བྱུང་ལ། མུ་མཐུད་འབད་བརྩོན་བྱས་ཏེ་ཡར་རྒྱས་བཏང་ཚེ་སློབ་ཕྲུག་འདི་དག་ད་དུང་རྦད་དེ་འཕྲོ་བརླག་ཏུ་སོང་མེད་པའི་ཚོར་སྣང་འདུག་ལ། ཡར་རྒྱས་གཏོང་རྒྱུ་འདུག་བསམ་བསམ་ཞིག་འདུག  ཡིན་ནའང་སྤྱིར་བཏང་སློབ་ཕྲུག་ཚོའི་ད་ལྟའི་ལོ་ཚད་དང་བསྡུར་ན་ཁོང་ཚོའི་ཤེས་ཡོན་གནས་ཚུལ་ལ་འདོད་པ་མ་ཁེངས་པ་ཏོག་ཙམ་འདུག་མོད། ཁོང་ཚོའི་ཕ་མ་ཚོས་ཁོང་ཚོའི་སློབ་སྦྱོང་ཐད་ཅུང་ཙམ་འཐུས་ཤོར་ཕྱིན་པ་ཚོར་ཡོད་ས་རེད་ལ། ཕ་མའི་ངོས་ནས་ཟླ་གཅིག་ལ་ཉེ་བའི་རིང་གི་ཟུར་ཁྲིད་འདིར་རྒྱབ་སྐྱོར་དང་འགན་ལེན་ཡག་པོ་གནང་བཞིན་པ་མ་ཟད། རེ་བ་ཆེན་པོ་ཞིག་བརྒྱབས་ཏེ་འཛིན་གྲྭར་གཏོང་གི་འདུག་ལ། སྤྱི་མི་ཚོས་ཀྱང་འགན་བཞེས་ཡོང་གི་འདུག ཅེས་དང་ཡང་ཁོང་གིས། དང་ཐོག་སློབ་ཕྲུག་ཚོའི་ནང་དུ་སོ་སོའི་མིང་འབྲི་མི་ཤེས་མཁན་མང་དག་ཅིག་འདུག་ནའང་། ཟླ་གཅིག་མ་ཟིན་ཙམ་རིང་ཁོང་ཚོས་སུམ་ཅུ་བའི་ཕྲད་དང་རྣམ་དབྱེ་གང་འཚམ་ཡག་པོ་ཤེས་པས་མི་ཚད། རྟགས་འཇུག་གི་བདག་གཞན་དུས་གསུམ་ཡང་གང་འཚམ་ཡག་པོ་ཤེས་ཡོང་གི་འདུག་ལ། སྤྱིར་བཏང་ཐེངས་འདིའི་རིག་གནས་ཟུར་ཁྲིད་འདིར་བསམ་ཤོག་ཅིག་བསྡུ་རྒྱུ་ཡིན་པས་སློབ་ཕྲུག་ཚོར་ཕན་མ་ཕན་གྱི་གནས་སྟངས་ངོ་མ་དེ་འགྲེལ་རྒྱག་གི་རེད་ཅེས་གསུངས།

ཡང་ཁོང་ལ་བོད་ཁྱིམ་སློབ་ཕྲུག་དང་ཉིན་སློབ་བར་ཁག་གི་སློབ་ཕྲུག་ཚོའི་བོད་ཡིག་གནས་ཚུལ་སྐོར་དྲིས་པར་ཁོང་གིས། དྲང་མོར་ཞུས་ན་བོད་ཁྱིམ་གྱི་སློབ་ཕྲུག་ལས་ཉིན་སློབ་ཁག་གི་སློབ་ཕྲུག་ཚོའི་བོད་ཡིག་གི་གནས་སྟངས་ཏོག་ཙམ་སྐྱོ་བ་ཡོད་པ་དེ་ཡོངས་གྲགས་རེད། དེ་ཕལ་ཆེར་བོད་ཁྱིམ་སློབ་ཕྲུག་ཕལ་ཆེ་བ་བོད་ནས་ཡོང་སྟབས་མིན་འགྲོ། ཞེས་གསུངས་སོང་ལ། དེ་བཞིན་བོད་ཕྱི་ནང་གི་སློབ་ཕྲུག་ལས་བོད་ནང་གི་སློབ་ཕྲུག་ཚོར་བོད་ཡིག་གི་ཤེས་ཚད་ཡག་པོ་འདུག་ལ། དེ་ནི་རྒྱ་ནག་གི་བཙན་གནོན་འོག་ཡོད་ཀྱང་བོད་ཡིག་གི་ཁོར་ཡུག་དེ་བོད་དུ་ཡག་པོ་ཡོད་སྟབས་བོད་ནང་གི་སློབ་ཕྲུག་དང་བཙན་བྱོལ་གྱི་སློབ་ཕྲུག་ཚོའི་བོད་ཡིག་ཤེས་ཚད་ལ་གནམ་ས་ལྟ་བུའི་ཁྱད་པར་ཤོར་ཡོང་གི་འདུག་ཅེས་གསུངས་སོང་།

གྲྭ་ཚེ་དབང་ལགས་ཀྱིས་རྒན་ཁོང་གིས་ཞོགས་པའི་ཆུ་ཚོད་ ༩ ནས་ ༡༢ བར་དང་ཉིན་རྒྱབ་ཆུ་ཚོད་ ༡ ནས་ཕྱི་དྲོའི་ཆུ་ཚོད་ ༥ པ་བར་འཛིན་གྲྭ་འཚོགས་རྗེས། དགོང་མོ་སློབ་ཕྲུག་ཚོའི་ནང་སྦྱོང་ལ་གཟིགས་ཞིབ་མཛད་དེ་མཚན་གྱི་ཆུ་ཚོད་ ༡༡ བར་དུ་ལྷག་འགྲོ་གི་འདུག་ལ། སྐུ་ངལ་ཧ་ཅང་བསྐྱོན་དགོས་ཀྱི་འདུག་ཅེས་རྒན་བློ་བཟང་བསྟན་དར་ལགས་ཀྱིས་ཐེངས་འདིའི་རིག་གནས་འཆད་ཁྲིད་སྐབས་སྐུ་ངལ་བསྐྱོན་སྟངས་འགྲེལ་མོད། སློབ་ཕྲུག་ཚོས་ཡིག་རྒྱུགས་རང་ནུས་གང་ཡོད་དང་ཤེས་བྱས་ལྕོགས་ཚོད་ཀྱིས་མ་བཏང་བ་དེས། འབྲེལ་ཡོད་མང་བོ་ཞིག་དང་སློབ་ཕྲུག་རང་ཉིད་ཚོས་དབྱར་གནང་གི་གུང་སེང་བེད་སྤྱད་པའི་དུས་ཚོད་དག་དོན་མེད་ཆུད་ཟོས་སུ་སོང་བ་མ་ཡིན་ནམ་སྙམ་པ་ཞིག་གིས་བདག་ལ་སྐྱོ་སྣང་ཚད་མེད་སྦྱིན་ཡོང་ལ། ཁོང་ཚོའི་མ་འོངས་པའི་མདུན་ལམ་དང་བོད་ཀྱི་མ་འོངས་པའི་མདུན་ལམ་ཡང་རབ་རིབ་དང་མག་མོག་ཅིག་ཏུ་འགྱུར་བཞིན་པ་ལྟ་བུའི་ཚོར་བ་ཞིག་འགོག་མེད་དུ་སྐྱེས་འོང་།

རྒན་བློ་བཟང་བསྟར་དར་དང་ངེད་གཉིས་ལ་མཐུན་སྣང་གི་དོགས་གཞི་འགའ་ཡོད་པ་ནི། སློབ་ཕྲུག་འདི་ཚོ་འཕྲོ་བརླག་ཏུ་འགྲོ་བཞིན་པའི་ཁོར་ཡུག་ན་ཕ་མ་དང་དགེ་རྒན། སློབ་སྤྱི་དང་གཞིས་མགོ་སོགས་ཀྱིས་ཁོང་ཚོར་འགན་ལེན་དང་ཁོར་ཡུག་གང་འདྲ་ཞིག་བསྐྲུན་གྱིན་ཡོད་དམ་ཟེར་བ་དེ་རེད། 
གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese