མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲང་བདེན་མིན་པའི་ཁྲིམས་ཆད་དང་མི་མང་གི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་འཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་ལྡན་ཆོས་འཁོར་དགོན་པའི་དགེ་འདུན་པ་དྲུག་ལ་ཉེས་མེད་ཉེས་འཛུགས་ཀྱིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་འདུག་པར། ལྡན་ཆོས་འཁོར་ཞང་གི་བོད་རིགས་མི་དམངས་ཚོས་གདུང་སེམས་མཉམ་ཆེད། དབྱར་རྩྭ་དགུན་འབུ་བརྐོ་རྒྱུ་མཚམས་འཇོག་བྱས་ཤིང༌། མང་ཚོགས་ ༦༠༠ ཙམ་འཇོ་མདའ་རྫོང་དུ་བསྐྱོད་དེ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་འདུག

 

ཟླ་ ༥ ཚེས་ ༢༢ ཉིན་འཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་ལྡན་ཆོས་འཁོར་དགོན་པའི་གྲྭ་བ་དྲུག་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཡོད་སྟབས། ཕྱི་ཚེས་ ༢༥ ཉིན་ལྡན་ཆོས་འཁོར་དགོན་པའི་ལྷ་སྡེ་ཁག་གི་མི་དམངས་འདུ་འཛོམས་བྱས་ཤིང༌། མི་ཚང་རེ་ནས་མི་རེ་ངེས་པར་དུ་འཇོ་མདའ་རྫོང་ཐོག་ལ་གཏུགས་བཤེར་བྱེད་དུ་འགྲོ་རྒྱུ་ཐག་གཅོད་བྱས་ཏེ། བསྡོམས་པའི་མི་དྲུག་བརྒྱ་ ༦༠༠ ལྷག་འཇོ་མདའ་རྫོང་ལ་ཕྱིན་ཡོད་ཀྱང༌། སྐབས་དེར་དྲག་ཆས་ཐོགས་པའི་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་ཡོང་སྟེ། བཀག་འགོག་གིས་ཉེས་རྡུང་ཚབས་ཆེན་བཏང་ཡོད་པ་མ་ཟད། མྱུར་དུ་ཕྱིར་ལོག་མ་བྱས་ཚེ་དྲག་ཆས་བཀོལ་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་འདུག ད་ལོ་ལྡན་ཆོས་འཁོར་ཞང་གི་བོད་རིགས་མི་དམངས་ཚོས་དྲང་བདེན་མིན་པའི་ཁྲིམས་ཆད་བཅད་པའི་གྲྭ་བ་དེ་དག་ལ་གདུང་སེམས་མཉམ་སྐྱེད་ཆེད། དབྱར་རྩ་དགུན་འབུ་བརྐོ་རྒྱུ་མཚམས་འཇོག་བྱས་ཏེ། ས་གནས་ཁག་གི་དབྱར་རྩ་དགུན་འབུ་བརྐོ་ཡུལ་ནས་ཕྱིར་ལོག་བྱས་ཡོད་འདུག

 

གོང་གི་གནས་ཚུལ་དེའི་སྐོར་ལ་ཁ་པར་བརྒྱུད། ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་འཇམ་གཅེས་ལེགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་དོན། སྤྱིར་ཉིན་འདི་འགར་ང་ཚོའི་ཕ་ཡུལ་འཇོ་མདའ་ས་ཁུལ་དུ་དབྱར་རྩ་དགུན་འབུ་བརྐོ་བའི་དུས་ཚིགས་ལ་འཁེལ་ཡོད་སྟབས། མི་མང་པོ་འདུ་འཛོམས་བྱེད་ཀྱིན་ཡོད། ཉེ་ཆར་འཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་ལྡན་ཆོས་འཁོར་དགོན་པའི་གྲྭ་བ་དྲུག་ལ་མ་ཉེས་ཁ་གཡོགས་ཀྱིས་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་ཡོད་སྟབས། མང་ཚོགས་ཚོས་གནས་སྐབས་འདི་འདྲ་ཞིག་ལ་དབྱར་རྩ་དགུན་འབུ་བརྐོས་ནས་འདུག་རྒྱུའི་དུས་ཚོད་མ་རེད། ཅེས་ཕྱི་ཚེས་ ༢༥ ཉིན་ལྡན་ཆོས་འཁོར་དགོན་འོག་གི་གྲོང་སྡེ་བདུན་གྱི་མི་ཚང་རེ་ནས་མི་རེ་འཇོ་མདའ་རྫོང་ལ་བསྐྱོད་དེ། གྲྭ་བ་དེ་དག་ལ་གུ་ཡངས་དང་བསྐྱར་དུ་ཁྲིམས་བཤེར་ཡོང་རྒྱུར་ཞུ་བ་བྱེད་དུ་བསྐྱོད་འདུག སྐབས་དེར་བསྡོམས་པའི་མི་ ༦༠༠ ལྷག་ཡོད་ས་རེད། ཁོང་ཅག་སྐོར་ཁག་གསུམ་བྱས་ཏེ་ཕྱིན་ཡོད་པ་ལས་སྐོར་ཁག་གཉིས་པ་དང༌། གསུམ་པ་འཇོ་མདའ་རྫོང་དང་སྡེ་དགེ་གཉིས་བར་གྱི་འབྲི་ཆུའི་ཟམ་པའི་ཁ་ནས་བཀག་འགོག་བྱས་འདུག སྐོར་ཁག་དང་པོ་དེ་ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པ་འཇོ་མདའ་རྫོང་ལ་འབྱོར་ཙམ་བྱུང་ཡོད་ཀྱང༌། དེ་མ་ཐག་རྒྱ་གཞུང་གི་དྲག་ཆས་མཚོན་ཆ་ཐོགས་པའི་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་ཡོང་སྟེ་ཉེས་རྡུང་ཚབས་ཆེན་བཏང་སྟེ། ཁྱེད་ཅག་ལམ་སང་ཕྱིར་ལོག་མ་བྱས་ཚེ། དྲག་ཆས་བཀོལ་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་འདུག 

 

ཉིན་འདི་འགར་ལྡན་ཆོས་འཁོར་ཞང་གི་བོད་རིགས་ཚོས་དབྱར་རྩ་དགུན་འབུ་བརྐོ་རྒྱུ་མཚམས་འཇོག་བྱས་ཏེ། མདན་ཁོག་སོགས་དབྱར་རྩ་དགུན་འབུ་བརྐོ་ཡུལ་དག་ནས་བོད་རིགས་ཚང་མ་ཕྱིར་ལོག་བྱས་ཡོད་འདུག ཟླ་བ་སྔ་ཕྱིའི་ནང་འཇོ་མདའ་རྫོང་ཁོངས་སུ་གནས་ཚུལ་འདྲ་མིན་བྱུང་ཡོད་སྟབས། ཉེན་རྟོག་པ་དང་དམག་མི་འབོར་ཆེན་སླེབས་ཏེ། དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་ཁར། ཕྱི་ཚེས་ ༢༨ ཉིན་བསྐྱར་དུ་དྲག་ཆས་ཐོགས་པའི་དམག་མི་ཉིས་སྟོང་ ༢༠༠༠ ཙམ་དང༌། ལྕགས་ཁྲབ་འཁོར་ལོ་མང་པོ་སླེབས་ཏེ། ཉིན་འདི་འགར་འཇོ་མདའ་རྫོང་ཧ་ཅང་ཛ་དྲག་ཆགས་ཡོད་འདུག ཅེས་བརྗོད་བྱུང༌།

 

ཁོང་གིས་མུ་མཐུད་དུ་ཁྲིམས་ཐག་བཅད་ཟིན་པའི་ལྡན་ཆོས་འཁོར་དགོན་པའི་གྲྭ་བ་དག་གི་སྐོར་བརྗོད་དོན། ཉེ་ཆར་ཟླ་ ༥ བའི་ཚེས་ ༢༢ འཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་ལྡན་ཆོས་འཁོར་དགོན་པའི་གྲྭ་བ་དྲུག་ལ་ཁྲིམས་ཐག་བཅད་སྐབས། གཞན་དང་མ་འདྲ་བ་ཞིག་བྱས་ཡོད་པ་རེད། ནམ་རྒྱུན་བཙོན་པ་ཞིག་ལ་ཁྲིམས་ཐག་གཅོད་སྐབས། སྔོན་ལ་གསལ་བསྒྲགས་བྱེད་པ་དང། ཁྲིམས་ཐག་དངོས་སུ་གཅོད་སྐབས་མི་མང་པོ་འདུ་འཛོམས་ཐོག བཙོན་པ་རེ་རེ་ཁྲིད་ཡོང་སྟེ། ཁོང་ཚོའི་ནག་ཉེས་དང༌། ཁྲིམས་གང་ལ་འགལ་ཡོད་པ་སོགས་གསལ་བཤད་བྱེད་པ་མ་ཟད། ཁྲིམས་དཔོན་དང་ཁྲིམས་རྩོད་པའི་བར་དྲི་བ་དྲིས་ལེན་བྱས་ཏེ། ཁྲིམས་ཐག་གཅོད་སྲོལ་ཡོད་མོད། ཐེངས་འདིར་དེ་འདྲ་གང་ཡང་མ་བྱས་པར། ཉིན་འགའི་སྔོན་ལ་རྒྱ་གཞུང་གི་ལས་བྱེད་ཁ་ཤས་ལྡན་ཆོས་འཁོར་དགོན་པར་ཡོང་ནས་ཚོགས་འདུ་འཚོགས་ཤིང་ཡིག་ཆ་རེ་སྤྲད་དེ། གྲྭ་བ་དེ་དག་གིས་ནག་ཉེས་འདི་བཟོས་པ་དང་ལོ་འདི་ཙམ་ལ་ཐག་གཅོད་བྱས་ཚུལ་བསྒྲགས་ཡོད་འདུག གྲྭ་བ་ཁོང་ཚོའི་ངོས་ནས་སྐད་ཆ་གང་བཤད་ཡོད་པ་དང༌། ངོས་ལེན་གང་འདྲ་བྱས་ཡོད་མེད་སོགས་ཀྱི་གནས་སྟངས་ཚིག་གཅིག་ཀྱང་ཤེས་རྟོགས་བྱུང་ཡོད་པ་མ་རེད། ཅེས་བརྗོད་སོང༌།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese