མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དུས་དྲན་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྦེལ་ཀོབ་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་གྱིས་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ཉིན་མོ་སྲུང་གཙི་བྱས་པ།

ཕྱི་ཚེས་ ༤ ཉིན་གྱི་དགོང་མོར་སྦེལ་ཀོབ་ས་གནས་བུད་མེད་དང་གཞོན་ནུ། དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱིས་གོ་སྒྲིག་འོག་སྦེལ་ཀོབ་སེར་སྐྱ་མི་མང་གིས་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་ལ། དེ་ནི་པེ་ཅིན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ཉི་ཤུ་ཧྲིལ་བོ་འཁོར་བར་དུས་དྲན་སྲུང་གཙི་དང་རྒྱ་ནག་གི་མཐོ་རིམ་སློབ་མ་གཙོས་ཤེས་ལྡན་མི་སྣ་དང་། མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་ཡིན་འདུག
དགོང་མོ་དེར་དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་གྱིས་གསུང་བཤད་གནང་དོན། རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་གྱི་ཉིན་མོ་འདི་སྲུང་གཙི་བྱེད་དོན། ང་ཚོས་འདྲ་ཆགས་ཆགས་དང་འཁྲབ་སྟོན་ཙམ། ཡང་ན་སྲོལ་རྒྱུན་ལྟ་བུ་ཞིག་སྲུང་གཙི་བྱེད་ཀྱིན་མེད་པར།  ༸གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་རྒྱ་ནག་གཞུང་ལ་ཡིད་ཆེས་བརླག་གྲབས་བྱེད་ཀྱིན་འདུག་ནའང་། རྒྱ་ནག་མང་ཚོགས་ལ་ཡིད་ཆེས་བརླག་མེད་གསུངས་པ་ལྟར། རྒྱ་ནག་མང་ཚོགས་དཀྱུས་མར་ཡིད་ཆེས་བརླག་མེད་ན། རྒྱ་ནག་གི་མཐོ་རིམ་སློབ་མ་གཙོས་ཤེས་ལྡན་མི་དང་མང་ཚོགས་ཁྲི་སྟོང་མང་བོས། ང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་འདུག མང་གཙོ་དགོས་ཀྱི་འདུག རང་དབང་དགོས་ཀྱི་འདུག་ཟེར་ནས་སྐད་འབོད་བྱེད་སྐབས། རྒྱ་གཞུང་གིས་རྒྱ་ནག་མགོ་སྟེང་སློག་མཁན་གྱི་ཉེས་མིང་འོག་མི་སྟོང་ཕྲག་དང་ཁྲི་ཕྲག་བསད་ཡོད་པ་རེད། དེས་རྒྱ་ནག་མང་ཚོགས་ཀྱི་སེམས་ལ་བཟོད་དུ་མེད་པའི་ན་ཟུག་ཅིག་དང་རྨ་ཁ་ཞིག་བཞག་ཡོད་པ་རེད་ལ། ང་ཚོར་མཚོན་ན་དེ་དང་ཆ་འདྲ་བའི་སྡུག་བསྔལ་ཞིག་མྱངས་པ་ཡིན་སྟབས། ང་ཚོས་ཁོང་ཚོར་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་ཞིག་དང་བྱེད་འོས་ཤིག་རེད། ལོ་སྔོན་མར་བོད་ནང་ཞི་བའི་ངོ་རྒོལ་བྱུང་སྐབས་རྒྱ་ནག་གི་ཤེས་ལྡན་མི་སྣ་དང་ཁྲིམས་རྩོད་པ་མང་བོས་མཚན་རྟགས་བསྡུ་རུབ་ཀྱིས་རྒྱབ་སྐྱོར་གནང་བ་དང་། ད་ལོར་ཡང་བོད་ནང་ཟིང་འཁྲུག་འབྱུང་བཞིན་པའི་ཐད་རྒྱ་གཞུང་ལ་སྙན་ཞུ་ཕུལ་བ་བཅས་བྱུང་ཡོད་པས་ང་ཚོས་ཀྱང་མང་ཚོགས་དང་ཟླ་སྒྲིལ་གྱིས་ལས་འགུལ་སྤེལ་དགོས་ཞེས་ཐེངས་འདིའི་ལས་འགུལ་འདི་སྤེལ་དགོས། འདིས་བོད་རྒྱའི་མང་ཚོགས་ཕན་ཚུན་བར་མཐུན་སྒྲིལ་དང་ཡིད་ཆེས་འཕེར་གི་རེད་ཅེས་གསུངས་ཡོད།
ཡིན་ནའང་། དགོང་མོ་དེར་ནམ་རྒྱུན་ལྟར་སེར་སྐྱ་མི་མང་མང་བོ་ཕེབས་མེད་པ་མ་ཟད། བཀྲ་ཤིས་ལྷུན་པོ་དགོན་གྱི་གྲྭ་བ་མ་གཏོགས་སེ་ར་བྱེས་སྨད་གཉིས་དང་རྣམ་གྲོལ་གླིང་བཅས་ཀྱིས་གྲྭ་བ་སུམ་ཅུ་ཙམ་ལས་གྲྭ་མང་ལ་དགོངས་འཁྲོལ་གནང་མེད་པར་བརྟེན། ཁོང་གིས་འདིའི་ཐད་གསུངས་དོན། སྦེལ་ཀོབ་ས་གནས་འདིར་སེར་སྐྱ་མི་མང་ག་ཚོད་མང་བོ་ཡོད་པ་རེད། ཡིན་ནའང་། རེ་ཟུང་རང་ངོས་ནས་ཕེབས་ཀྱི་ཡོད་པ་མ་རེད་ལ། རེ་ཟུང་སྒྲིག་གཞིའི་འོག་ནས་གཏོང་གི་ཡོད་པ་མ་རེད། སེ་ར་བྱེས་སྨད་དང་རྣམ་གྲོལ་གླིང་ལྟ་བུར་མཚོན་ན་གྲྭ་མང་སྟོང་ཕྲག་མང་བོའི་ནང་ནས་གྲྭ་བ་ལྔ་དྲུག་རེ་མ་གཏོགས་མ་ཕེབས་ན་མ་ཕེབས་པ་འདྲ་བོ་རེད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་རེད། མི་གཅིག་རེ་གཉིས་རེ་གཏོང་ལ་མི་གཏོང་ལ་བྱ་དགོས་ཀྱི་མ་རེད། མི་ལོ་ལྔ་བཅུའི་རིང་འདིར་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་བྱས་ནས་བསྡད་པ་རེད་མ་གཏོགས། ང་ཚོ་ལ་འགྲོ་འདུག་རང་དབང་གི་ས་ཆ་གང་ཡང་ཡོད་པ་མ་རེད།  ༸གོང་ས་མཆོག་དགུང་ལོ་ག་ཚོད་ལ་སླེབས་ཡོད་པ་རེད། ལོ་གཅིག་གཉིས་ལ་ཁོངས་འཁྱོལ་ཙམ་འཁྱོལ་ཙམ་བྱས་བསྡད་ནའང་། ༸གོང་ས་མཆོག་སྐུ་མི་བཞུགས་པའི་སྐབས་འགྱོད་པ་བློས་མི་ཤོང་བ་ཞིག་ཡོང་གི་རེད་ལ་ད་སྐབས་ཉིན་རེ་བྱེད་སྒོ་ལས་ཀྱང་བོད་གྱི་རྩ་དོན་ཆེད་ཤུགས་རྒྱག་དགོས་པ་རེད་ཅེས་དང་།  གྲྭ་ཚང་ཁག་ནས་གྲྭ་མང་ལ་དགོངས་འཁྲོལ་མ་གནང་བར་ཚོགས་པ་གསུམ་གྱིས་བློ་ཕམ་བྱེད་བཞིན་ཡོད་སྐོར་ཡང་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese