མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛངས་མའི་རྐྱལ་གོས་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ལོ་འདིའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་ཕྱི་ཚེས་ ༥ ཉིན་མགོ་བཙུགས་ཤིང་། ཉིན་དང་པོ་དེར་བོད་ཀྱི་མཛངས་མའི་འགྲན་བསྡུར་འདིའི་རྩོད་གཞི་ཆེ་ཤོས་ཀྱི་རྣམ་གྲངས་ཏེ། རྐྱལ་གོས་འགྲན་བསྡུར་བྱས་ཡོད།

ས་གནས་དང་རྒྱལ་སྤྱིའི་གསར་འགོད་པ་དང་། གཟིགས་མོ་བ་བཅས་ཀྱིས་བསྐོར་བའི་ཁྲོད། ༢༠༠༩ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ལ་ཞུགས་མཁན་བུ་མོ་བཞི་དེས་ཕྱི་ཚེས་ ༥ ཉིན་རྐྱལ་གོས་གོན་ཏེ། དངོས་སུ་འགྲན་བསྡུར་ནང་ཞུགས། བུ་མོ་བསྟན་འཛིན་ཆོས་འཛོམས་ལ་མཚོན་ན་རང་ལོ་ ༡༦ སྟེ། འདས་པའི་ལོ་བཞིའི་རིང་ནས་དེ་རིང་གི་འགྲན་བསྡུར་འདིར་བསྒུག་པ་ཡིན་ཟེར། ཁོ་མོས་རྐྱལ་གོས་ནི་བོད་མིའི་སྲོལ་རྒྱུན་གྱི་ཆས་གོས་མིན་ནའང་། དེང་རབས་ཡོངས་ཁྱབ་དང་ལུགས་མཐུན་གྱི་གྱོན་གོས་ཡིན་སྟབས། འཚེར་སྣང་དང་ངོ་ཚ་དགོས་པ་དེ་འདྲ་མ་རེད་ཟེར། དེ་བཞིན་དུ། ཁོ་མོས་ཕྱི་ཚེས་ ༥ ཉིན་གྱི་ཐོག་མའི་འགྲན་བསྡུར་སྐབས་བོད་རིགས་གཞོན་སྐྱེས་ཚོར་བརྡ་ལན་ཞིག་བསྐུར་བ་ནི། ཚང་མས་སྲིན་འབུ་འཁྲིགས་པའི་ན་ཚའི་ཕྱོགས་གཟབ་ནན་བྱེད་དགོས་པ་དང་། མི་རིགས་དང་རང་ཉིད་སོ་སོའི་འཕྲོད་བསྟེན་གྱི་ཆེད་དུ་ན་ཚ་འདིའི་རིགས་ལ་ངེས་པར་གཟབ་གཟབ་གནང་རོགས་ཞེས་དང་། ཁོ་མོར་བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་པ་ཡིན་ན་འདིའི་ཐད་རང་ཉིད་ལ་གང་ཡོད་པའི་ནུས་པ་འབུལ་འདོད་ཡོད་ཟེར། བོད་པའི་བུ་མོ་ཚོར་ངོ་ཚ་སྨིན་པོ་ཡོད་པ་མོས་ཤེས། ཡིན་ཡང་རྗེས་ཕྱོགས་འདི་ལྟའི་འགྲན་བསྡུར་ནང་ཞུགས་པ་ལ་ངོ་ཚ་དགོས་པ་མ་རེད། ཅེས་ཀྱང་བཤད་སོང་།

བུ་མོ་སྒྲོལ་དཀར་ལགས་ཀྱིས། ང་ཚོར་རང་གི་ལུང་པར་རང་བཙན་མེད་པའི་དུས་སྐབས་ཐབས་རྡུགས་འདི་འདྲ་ཞིག་ལ། བོད་པའི་བུ་མོ་ཚོས་བོད་ཀྱི་མཛངས་མའི་འགྲན་བསྡུར་ལྟ་བུའི་ལས་འགུལ་ནང་ཞུགས་ཏེ། སོ་སོའི་བསམ་ཚུལ་དང་ནུས་པ་ཅི་ཡོད་འདོན་ཐུབ་དགོས་པ་རེད། འདི་ལྟ་བུ་ཞིག་གི་ནང་དུ་ཞུགས་རྒྱུའི་བློ་སྟོབས་ཀྱང་མེད་དུས་ཚར་བ་རེད། ཅེས་ཟེར།

དེ་བཞིན། བུ་མོ་ཡེ་ཤེས་ལྷ་མོ་ལགས་ཀྱིས། ཁོང་ལ་བོད་ཀྱི་མཛངས་མའི་འགྲན་བའགྲན་གྱི་རྒྱལ་ཁ་ཐོབ་པ་ཡིན་ན་རྗེས་ཕྱོགས་བཙན་བྱོལ་བོད་གཞུང་ལ་རོགས་རམ་གང་ཐུབ་ཅིག་བྱ་གི་ཡིན་ཟེར། ཡིན་ཡང་། བུ་མོ་ངག་དབང་ཆོས་དབྱངས་ཀྱིས། བོད་ཀྱི་མཛངས་མའི་འགྲན་བསྡུར་གྱི་རྒྱལ་ཁ་དེ་ཁོ་མོར་འཐོབ་པའི་ཡིད་ཆེས་དང་གདེང་ཚོད་ཡོད་ལ། འདི་ནི་ཕྱོགས་གཅིག་ནས་ཁོ་མོ་འགྲན་བསྡུར་འདིའི་ཞུགས་མཁན་གྱི་ཁྲོད་ནས་ལོ་ན་ཆུང་ཤོས་དེ་ཡིན་སྟབས་བོད་ཀྱི་མཛངས་མར་འཆམ་ཤོས་ཡིན་ཟེར་ལ། ཁོ་མོར་མཚོན་ན་ད་དུང་རང་གི་མི་ཚེའི་མདུན་ལམ་ཐག་གཅོད་བྱས་མེད་སྟབས་བོད་ཀྱི་མཛངས་མའི་དབུ་རྒྱན་དེ་ཁོ་མོར་འཐོབ་པ་ཡིན་ནའང་ཐོག་མར་རང་གི་མི་ཚེ་ལ་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 5

  1. gedenyonten says:
    ལོ་ 17 སྔོན།

    བུ་མོ་འདི་ཚོས་བོད་དོན་ཟེར་ནས་མང་དུ་བཤད་བཤད་ནས།ད་གང་ལ་བུད་སོང་བ་རེད་

    Reply
  2. ཨ་སྟིས། says:
    ལོ་ 17 སྔོན།

    བོད་པའི་བུ་མོ་འདི་ཚོ་མཛངས་མ་རེད་ལ་མཛེས་མའང་རེད་འདུག། ཕྱིས་སུ་རྒྱལ་ཡོངས་མཛངས་མའི་འགྲན་བསྡུར་ཆེན་མོའི་ནང་དུ་ཚུད་པའི་རེ་བ་ཡོད།

    Reply
  3. དུང་མཚོ་སྐྱིད། says:
    ལོ་ 17 སྔོན།

    ང་ཚོ་བོད་པ་ཟེར་བ་དེ་ཕ་སྤྲེལ་བུ་བྱང་ཆུབ་སེམས་པ་ལས་རྒྱུད་པའི་ཡ་རབས་བཟང་སྤྱོད་རང་ཆས་སུ་ལྡན་ཞིང་རིགས་རུས་བཟང་ལ་ངོ་ཚ་ཁྲེལ་ཡོད་ལ་རྒྱུན་ཏུ་གཅེས་སྤྲས་སུ་བྱེད་མཁན་གྱི་རིགས་བཟང་ལྷ་ཡི་རྒྱུད་ཞིག་ཡིན་ཀྱང་ད་ཆ་སྙིགས་མ་ལྔའི་དུས་འདིར་དེ་ལས་ལྡོག་ཏེ་མཐའ་ན་བུ་མེད་རྣམས་ཀྱང་མི་ཚོགས་འདུས་ཁྲོད་དུ་གཅེར་བུར་འགྲོ་བའི་དུས་ངན་ཞིག་རེད་འདུག་པས་ངོ་ཚ་ཤེས་མཁན་གྱི་སྨྲ་ཤེས་དོན་གོ་ཞིག་ཡིན་ན་དེ་ལ་བསམ་ཤེས་ཤིག་བྱེད་ན་གང་ལེགས་སྙམས།
    མངས་ཚོགས་ཀྱི་ཁྲོད་དུ་གཅེར་བུར་རྒྱུ་བའི་ནག་མོ་འདི་རྣམས་ལ་ཟེར་རྒྱུ། ཁྱེད་རྣམས་ཀྱི་པར་རེས་དེ་ཁྱེད་རང་ཚོའི་ཕ་མ་སྤུན་ཆད་རྣམས་ཀྱི་མིག་ལམ་དུ་ཤར་ཚེ་ཁྱེད་རྣམས་ལ་ཚོར་བ་གང་ཞིག་བྱུང་ངམ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དེ་རིང་ཁོ་ཚོའི་ས྄ྤོབས་པ་ར྄ྒྱས་པ་མ་རེད། ཉིད་ཀྱི་འདོད་ཆགས་ར྄ྒྱས་པ་རེད། ཧཧཧཧ། ཀུ་རེ་ཡིན་དོ།

    Reply
  5. འདོད་ལྷའི་བུ། says:
    ལོ་ 17 སྔོན།

    འོ། དེ་རིང་ང་ཚོའི་བུ་མོ་ཚོ་གེ་སར་འདུག ཁར་ཉིན་སྔོན་མའི་དེ་ཚོ་མིན་ནི་འདྲ་ཟིག་རེད། བུ་མོ་ཟེར་བ་དེ་གཅེར་བུར་བུད་བཏང་ན་ཇེ་ཡག་ལ་འགྲོ་གི་ཡོད་ནི་མིན་ནམ། དེ་རིང་ཁོང་ཚོའི་སྤོབས་པ་རྒྱས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese