མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་སློབ་ཕྲུག་ཚོ་༧གོང་ས་མཆོག་ལ་མཇལ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོ། གོང་ས་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གྲུབ་རྗེས། གྲོང་ཁྱེར་ཕཱ་རེ་སིའི་ས་གནས་ vendome དུ་ཧྥ་རན་སིར་གནས་སྡོད་རྒྱ་རིགས་ཁག་ཅིག་དང་ལྷན་དུ་མཇལ་འཕྲད་གནང་ཡོད་ལ།  དུས་ཚོད་གསུམ་རིང་གི་མཇལ་འཕྲད་སྐབས་༧གོང་ས་མཆོག་གིས་གཙོ་བོ་རྒྱ་རིགས་ཚོའི་བསམ་ཚུལ་ལ་གསན་བཞེས་དང་དྲི་བར་ལན་འདེབས་གནང་ཡོད།

མཇལ་འཕྲད་གནང་སའི་PARK HYATT PARIS ནི་གྲོང་ཁྱེར་ཕཱ་རེ་སའི་མགྲོན་ཁང་དྲགས་གྲས་མིན་པ་ལྟར་མཇལ་འཕྲད་གནང་ཡུལ་གྱི་ཚོམས་ཁང་ཡང་ཆེས་སྤྱིར་བཏང་བ་ཞིག་རེད། འོན་ཀྱང་ཐེངས་འདིར་མཇལ་འཕྲད་གནང་བར་ཕེབས་མཁན་ཚོ་ནི་དུས་རྒྱུན་ལྟར་རྒྱའི་དམངས་གཙོ་དོན་གཉེར་བ་དང་། དྲུག་བཞིའི་ལས་འགུལ་བ། རང་དབང་ཅན་གྱི་རྩོམ་པ་པོ་སོགས་བོད་དང་ཆེས་སྤྱིར་བཏང་གི་འབྲེལ་བ་ཡོད་པའི་རྒྱ་རིགས་གཅིག་བུ་མིན་པར་དམིགས་བསལ་དང་དོ་སྣང་བྱུང་ས་ཞིག་ཡོད་པ་ནི། འདས་ལོར་བོད་དང་༧གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་རྒྱ་རིགས་སློབ་ཕྲུག་བདུན་མངོན་གསལ་མིན་པའི་འོག་མཇལ་འཕྲད་དུ་བཅར་ཡོད་པ་དེ་ཡིན་ལ། ཐོག་མའི་འཆར་གཞི་ལྟར་ན་ཕྱི་སྡོད་རྒྱ་རིགས་སློབ་ཕྲུག་བརྒྱ་ལྷག་བཅར་འཆར་ཡོད་ནའང་མཇལ་འཕྲད་གནང་ཡུལ་གྱི་ཚོམས་ཁང་ཆུང་དྲགས་པའི་དབང་གིས་ཁོ་ཚོ་བདུན་སློབ་ཕྲུག་བྱིངས་ཀྱི་འཐུས་ཚབ་ལྟར་བཅར་བ་ཞིག་འདུག དྲི་བ་དྲིས་གནང་སྐབས་སློབ་ཕྲུག་ཅིག་གིས་ ༼ འདས་ལོར་བོད་ནང་གི་དོན་རྐྱེན་བྱུང་སྐབས་དང་པེ་ཅིན་ཨོ་ལིམ་པཀི་དཔལ་འབར་བསྐོར་བསྐྱོད་སྐབས་རྒྱ་རིགས་སློབ་ཕྲུག་གཙོས་པའི་གཞོན་སྐྱེས་ཚོས་བོད་དང་སྐུ་ཉིད་ལ་ངོ་རྒོལ་བྱས་པ་རེད། སྤྱིར་བཏང་ངོ་རྒོལ་དེ་དག་གི་སྐབས་སློབ་ཕྲུག་ཚོ་རྒྱ་གཞུང་གི་དྲིལ་བསྒྲགས་ཀྱི་འོག་ཏུ་ཤོར་བའམ། སློབ་ཕྲུག་ཚོས་གནས་སྟངས་དངོས་མ་ཤེས་པའི་གོ་ལོག་ཐེབས་ཡོད་ནའང་སྐབས་དེར་ཧ་ཅང་གིས་ཚོར་ཤུགས་རྣོན་པོའི་ཐོག་ངོ་རྒོལ་བྱས་པ་རེད། སྐབས་དེར་སྐུ་ཉིད་ཀྱིས་ངོ་རྒོལ་འདིར་དགོངས་ཚུལ་གང་འདྲ་ཞིག་བྱུང་ཞིང་། དམིགས་བསལ་དེའི་རྐྱེན་པས་སྐུ་ཉིད་རྒྱ་ནག་གི་ཕྱི་སྡོད་སློབ་ཕྲུག་ཚོའི་ཐོག་སེམས་ཤུགས་ཆགས་པ་འདྲ་བྱུང་ཡོད་དམ་། ༽ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ ༼ ངས་དུས་རྒྱུན་རྒྱ་གར་ནང་གི་བོད་རིགས་སློབ་ཕྲུག་ཚོ་དང་ལྷག་པར་བོད་ནས་རྒྱ་གར་ནང་སློབ་སྦྱོང་དུ་ཡོང་མཁན་གཞོན་སྐྱེས་ཚོར་འདི་འདྲ་ཞིག་བཤད་སྡོད་ཀྱི་ཡོད། རྒྱ་ནག་དང་བོད་ནང་ནས་ཚང་མས་མིག་གཅིག་དང་རྣ་བ་གཅིག་གིས་གནས་ཚུལ་ལ་ལྟ་གིན་དང་ཉན་གིན་ཡོད་པ་རེད། ད་ལྟ་ཕྱིའི་རང་དབང་ལུང་པར་སླེབས་ཚར་དུས་ཚང་མས་མིག་གཉིས་དང་རྣ་བ་གཉིས་ཀྱིས་ལྟ་དགོས་པ་དང་ཉན་དགོས་པ་དེ་གལ་ཆེན་པོ་རེད། མ་ཟད་མིག་གཉིས་དང་རྣ་བ་གཉིས་ཀྱིས་གང་མཐོང་ཞིང་ཐོས་པའི་གནས་སྟངས་གཞིར་བཞག་ནས་རང་ཉིད་ཀྱིས་ཡང་དག་པའི་བསམ་བློས་ཐག་གཅོད་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཤད་བསྡད་ཡོད། རྒྱ་ནག་གི་དྲིལ་བསྒྲགས་ནི་ཕྱོགས་གཅིག་རང་ཆགས་བསྡད་ཡོད། སོང་ཙང་རྒྱ་རིགས་གཞོན་སྐྱེས་ཚོ་དང་ལྷག་པར་དུ་ཕྱི་སྡོད་སློབ་ཕྲུག་ཚོས་ཀྱང་མིག་གཉིས་དང་རྣ་བ་གཉིས་ཀྱིས་བལྟས་ནས་ཉན་དགོས་པ་དེ་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་གང་བཤད་པ་དེ་མེས་རྒྱལ་ཁ་བྲལ་དང་མི་རིགས་སྲིད་ལ་གཏོར་བརླག་གཏོང་གི་ཡོད་པ་དང་། ཕྱི་རྒྱལ་གྱིས་གང་བཤད་པ་དེ་རྒྱ་ནག་དགྲ་འཛིན་རིང་ལུགས་ཀྱི་ལྟ་སྟངས་རེད་ཟེར་གྱིན་ཡོད་རེད། བོད་པས་གང་བཤད་པ་དེ་གཅིག་བྱས་ན་ཕྱོགས་གཅིག་ཏུ་ལྷུང་ཡོད་འགྲོ། འོན་ཀྱང་ཡར་རྒྱས་ཅན་གྱི་ཕྱི་རྒྱལ་བ་ཚོར་མཚོན་ན་ཧ་ཅང་གི་བློ་གཟུ་བོར་གནས་པ་རེད་བསམ་གྱིན་འདུག སོང་ཙང་ཕྱི་སྡོད་རྒྱ་རིགས་སློབ་ཕྲུག་ཚོར་མཚོན་ན་རང་དབང་ལུང་པར་སླེབས་ཚར་དུས་མིག་གཉིས་དང་རྣ་བ་གཉིས་སྤྱད་ནས་གང་མཐོང་ཤིང་ཐོས་པ་དེའི་སྟེང་ནས་ལངས་ཕྱོགས་འཛིན་དགོས་པ་དེ་གལ་ཆེན་པོ་ཆགས་པ་རེད་། ༽ ཅེས་བཀའ་ལན་གནང་བ་དང་། དེ་བཞིན་འདས་ལོར་བོད་ནང་བྱུང་བའི་ཞི་རྒོལ་ནི་གསུམ་པའི་ཚེས་བཅུ་བཞི་ནས་མགོ་བཙུགས་པ་མིན་པར་ཚེས་བཅུའི་ཉིན་རྒྱབ་ནས་མགོ་བཙུགས་པའི་དངོས་ཡོད་གནས་ཚུལ་ཐད་འགྲེལ་བརྗོད་གནང་ཡོད།

ཡང་སློབ་ཕྲུག་གཞན་ཞིག་གིས་༼ ད་ལྟའི་ཆར་ཕྱི་སྡོད་རྒྱ་རིགས་སློབ་ཕྲུག་སྤྱི་ཡོངས་ཀྱི་ངོས་ནས་བཤད་ན་རྒྱ་ནག་གི་ཛ་དྲག་གནས་སྟངས། དམངས་གཙོའི་དགོས་འདུན། དམིགས་བསལ་བོད་ཀྱི་གནས་སྟངས་ཐད་མིག་གཉིས་ཀྱིས་མ་མཐོང་བ་དང་རྣ་བ་གཉིས་ཀྱིས་མ་ཐོས་པའི་དཀའ་ངལ་དང་འཇིགས་སྣང་གང་ཡང་མི་འདུག ཁོ་ཚོར་དཀའ་ངལ་དང་འཇིགས་སྐྲག་གཞན་ཞིག་ཡོད་པ་ནི་རང་གིས་གང་མཐོང་ཞིང་ཐོས་པ་རྣམས་ལག་ལེན་བྱེད་མ་ཐུབ་པ་དེ་ཡིན། དཔེར་ན། ང་ཚོས་འདི་ནས་དམངས་གཙོའི་ལས་འགུལ་འདྲ་སྤེལ་སྐབས་རང་ཉིད་ལ་ཉེན་ཁ་མེད་ནའང་ནང་མི་ནི་སེམས་ཁྲལ་གྱི་གཞི་ཞིག་ཆགས་ཡོད་ལ། དེ་བཞིན་རྒྱ་ནག་གཞུང་གིས་ཀྱང་ཁོ་ཚོ་ཁུ་སིམ་པར་མི་འཇོག སྐུ་ཉིད་ཀྱིས་འདིའི་ཐད་ལམ་སྟོན་ཞིག་གནང་རོགས། ༽ཞེས་ཞུས་པར། ༧གོང་ས་མཆོག་གིས་ ༼  སྤྱིར་བཏང་ཕྱི་ལོག་ནས་ལས་ཀ་བྱ་རྒྱུ་དེ་དཀའ་ལས་མེད་པ་ཞིག་རེད། ཡིན་ནའང་རང་ཉིད་ལ་ཕྱིར་ལོག་རྗེས་ལས་ཀ་གང་ཞིག་བྱེད་ཐུབ་པའི་གདེང་ཚོད་ཡོད་ཚེ་དེ་ལས་ལེགས་པ་ཞིག་ཡོད་པ་རེད། འོན་ཀྱང་ཕྱིར་ལོག་རྗེས་དང་པོ་ནས་ཆབ་སྲིད་བྱས་ན་ཉེན་ཁ་ཚ་བོ་དང་ཕུགས་ལ་ཕན་ཐོགས་ཀྱི་མ་རེད། ལས་ཀ་གང་ཞིག་བྱེད་སྐབས་དང་པོ་ཐབས་ཤེས་དེ་གལ་ཆེན་པོ་རེད། དེ་ནས་རྒྱུན་བསྲིངས་རྒྱུ་དེ་རེད། བར་དེར་རང་ཉིད་ཀྱི་རང་ཚུགས་དགོས་རྒྱུ་གལ་ཆེན་པོ་རེད། དེང་སང་རྒྱ་ནང་ན་དཔལ་འབྱོར་ལ་མགོ་འཁོར་མཁན་མང་པོ་ཡོད་པའི་གནས་ཚུལ་འདུག དེ་འདྲ་ཡིན་ན་ཡོང་ཐབས་ཁག་པོ་རེད། གོ་སྐབས་དང་དུས་ཚོད་ལ་བསྟུན་དགོས་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད། སྔོན་མ་དྲུག་བཞི་དོན་རྐྱེན་བྱུང་སྐབས་ང་ངྷ་རམ་ས་ལར་ཡོད། ང་ལ་དེ་དུས་དོན་རྐྱེན་དེ་བྱུང་བར་ཅུང་སྔ་དྲགས་པའམ། ཡང་མིན་ན་ཕྱི་དྲགས་པའི་སེམས་ཚོར་ཞིག་བྱུང་། དུས་ཚོད་ཏག་ཏག་མེད་ན་གང་ཡང་ཕན་གྱི་མ་རེད། ༽ཅེས་གསུངས།

མཇལ་འཕྲད་འདིའི་སྐབས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རང་ཉིད་ཀྱི་བསམ་ཚུལ་ཕུལ་ཡོད་པ་དང་། དེ་བཞིན་ཧྥ་རན་སིའི་ནང་རྟེན་གཞི་བྱས་པའི་བརྒྱུད་ལམ་ཁག་གི་རྒྱ་རིགས་གསར་འགོད་པ་ཚོས་བོད་རྒྱའི་འབྲེལ་ལམ་དང་། ༧གོང་ས་མཆོག་གི་མ་འོངས་པའི་དགོངས་ཕྱོགས་ཐད་བཀའ་འདྲི་ཞུས་ཡོད།

གསར་འགོད་པ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. བདེ་འབྱུང་ says:
    ལོ་ 17 སྔོན།

    རྒྱ་རིགས་སློབ་ཕྲུག་ཚོ་དང་རྒྱ་ནག་གཞུང་དབར་བསམ་ཚུལ་མི་མཐུན་པ་སོགས་ཀྱི་གནས་ཚུལ་ཡོང་བཞིན་པ་དེ་ནི་རྒྱ་ནག་ནང་ཁུལ་གྱི་གནད་དོན་རེད་བསམ། ང་རང་ཚོའི་དམིགས་ཡུལ་དང་དགོས་མཁོ་མཐར་ཐུག་པ་དེ་བོད་དོན་ཐག་གཅོད་ཡོང་རྒྱུ་དེ་ཡིན་པ་ལས། རྒྱ་ནག་གཞུང་དམངས་གཙོར་བསྒྱུར་རྒྱུ་དང་ཡང་ན་རྒྱ་ནག་གཞུང་མགོ་རྟིང་བསློག་རྒྱུ་དེ་མ་རེད། ལམ་དབུ་མ་གཞིར་བཟུང་རྒྱ་གཞུང་དང་གྲོས་མོལ་གྱི་ལམ་ནས་བོད་དོན་ཐག་གཅོད་བྱེད་དགོས་ན་རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་གནད་དོན་ལ་ཇུས་གཏོགས་མ་བྱས་ན་ཡག་པོ་ཡོད་པ་རེད་བསམ། ཕྱི་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བྱེད་མཁན་དང་སློབ་ཕྲུག་དེ་དག་ལ་སྟོབས་དང་ནུས་པ་གང་ཡང་ཡོད་པ་མ་རེད། ང་ཚོས་ཉེ་ཆར་དྲུག་བཞིའི་དོན་རྐྱེན་ལ་གདུང་སེམས་མཉམ་སྐྱེད་སོགས་ཀྱི་ལས་འགུལ་སྤེལ་བ་དེ་དེག་བོད་ཀྱི་རྩ་དོན་ལ་དེ་ཙམ་ཕན་ཐོགས་ཨེ་ཡོད་སེམས།
    རྒྱ་ནག་གཞུང་དང་རྒྱ་མི་རིགས་དབྱེ་འབྱེད་བྱེད་པ་དེ་ཡང་ཧོབ་སྟེ་བལྟས་ན་སྙིང་རྗེ་བོ་འདྲ་ཞིག་འདུག་ཀྱང་དེ་ནི་རྒྱ་གཞུང་གིས་བོད་མི་རིགས་ཡག་པོ་དང་འདོད་པ་ཚིམ་ཡོད་པ་དང་ཁ་བྲལ་དང་རྙོག་ཟིང་བཟོ་མཁན་ཡོད་ཚད་ཏཱ་བླའི་བླ་མ་དང་བཙན་བྱོལ་བོད་གཞུང་ཡིན་པར་ཉེས་འཛུགས་བྱེད་པ་དང་གཅིག་མཚུངས་མ་ཡིན་ནམ། རྒྱ་རིགས་མི་དམངས་བརྒྱ་ཆ་མང་ཆེ་བས་འདོད་བློ་མེད་པའི་གཞུང་ཞིག་གནས་ཐུབ་བམ། སྔོན་ལོའི་ས་ཡོམ་གྱི་གནས་ཚུལ་ནས་རྟོགས་མ་སོང་ངམ།

    Reply
  2. འོས་ལངས། says:
    ལོ་ 17 སྔོན།

    ༧གོང་ས་མཆོག་ལ་མཇལ་བཅར་ཞུ་སའི་ཚོམས་ཁང་དེ་ཆུང་དྲགས་དོན་ག་རེ་ཡིན་ནམ། ག་དུས་ཡིན་ན་ཡང་ང་ཚོ་ལ་མ་འགྲིག་པ་ཞིག་ཡོད་ཡོད་པ་ཡིན། མ་གཞི་ནས་ང་ཚོ་རྒྱ་ཕྱོགས་ལ་སེམས་ཁྲལ་ཆེ་ཡང་རྒྱ་ཕྲུག་ཚོ་བོད་ཕྱོགས་ལ་སེམས་ཁྲལ་དང་གདུང་སེམས་ནམ་ཡང་མེད། སྤྱང་ཀའི་རྣ་བར་ཆོས་བཤད་དང་འདྲ་བར་རྒྱ་ཕྱོགས་ནི་བོད་ཐད་ལ་ཇེ་མཁྲེགས་དང་ཇེ་སྡུག་རེད། བོད་དོན་ལ་རྒྱབ་སྐྱོར་ལྟ་བུ་བྱེད་མཁན་རྒྱ་རིགས་ཁ་ཤས་ཡོད་པ་དེ་ཚོས་ཀྱང་རྩ་བའི་ལངས་ཕྱོགས་དང་ལྟ་བ་ནི་རྒྱ་རིགས་ཆེན་པོ་དང་འབྲེལ་ཡོད། བོད་རང་ངོས་ལ་ལངས་ཕྱོགས་དང་ཆོད་སེམས་བརྟན་པོ་ཞིག་མ་བྱུང་ན་བོད་དོན་ནི་འདས་ཟིན་པའི་ལོ་ངོ་མང་པོ་དེ་ལྟར་ད་དུང་མུ་མཐུད་ནས་ལྷག་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese