མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ཚོ་ཡ་རབས་དང་ཡུལ་ཁྲིམས་བརྩི་བ་ཞིག་བྱོས།

བོད་ཀྱི་དུས་བབ།
༢༠༠༩/༠༦/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སི་བོད་རིགས་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཕྱི་ཚེས་ ༧ ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་པའི་སྟེང་༧གོང་ས་མཆོག་གིས་ཧྥ་རན་སིར་གནས་སྡོད་བོད་མི་བདུན་བརྒྱ་ལྷག་ལ་མཇལ་ཁ་དང་འབྲེལ་ལམ་སྟོན་བཀའ་སློབ་གནང་ཡོད་ལ། ཡུལ་དེར་གནས་སྡོད་སོག་པོ་དང་འབྲུག་པ། བལ་བོ་བ་བཅས་ཀྱིས་ཀྱང་བོད་རིགས་ཚོ་དང་ལྷན་དུ་༧གོང་ས་མཆོག་གི་བྱིན་རླབས་དང་བཀའ་སློབ་ཞུས་ཡོད།

༧གོང་ས་མཆོག་གིས་ཞོགས་པ་དེར་གསུངས་དོན། ༼ཕར་བལྟས་ཚོད་ལ་ཁྱོད་ཚོའི་གནས་སྟངས་ཡག་པོ་དང་སྒྲིག་འཛུགས་སྲ་ཐག་ཆོད་ཅིག་ཡོད་པ་མཐོང་གི་འདུག མི་འབོར་ཡང་ན་ནིང་ལས་ཇེ་མང་དུ་སོང་འདུག ཧ་ཅང་གི་དགའ་བོ་བྱུང། ཡིན་ནའང་སྤྱི་ཚོགས་རྒྱ་ཆེན་པོ་ཞིག་གྲུབ་ཡོང་དུས་གང་ས་ནས་གཟབ་གཟབ་བྱེད་རྒྱུ་དེ་ཞེ་དྲག་གི་གལ་ཆེན་པོ་རེད། མིའི་ལུང་པ་གང་འདྲ་ཞིག་ཏུ་བསྡད་ནའང་ཡ་རབས་སྤྱོད་བཟང་དང་ཡུལ་ཁྲིམས་བརྩི་དགོས་པ་རེད། ནང་ཕན་ཚུན་འཆམ་པོ་མཐུན་པོ་མ་བྱས་པའི་ཐོག་ཡུལ་ཁྲིམས་དང་འགལ་བའི་ལས་ཀ་བྱས་བསྡད་ན་ཡག་པོ་མ་རེད། དེ་བོད་པའི་ཞབས་འདྲེན་ཆགས་ཀྱི་རེད། ལུང་པ་གཞན་པའི་བོད་རིགས་ཚོའི་ནང་འདི་འདྲའི་གནས་ཚུལ་ཏོག་ཙམ་ཡོང་གི་འདུག གཟབ་གཟབ་བྱེད་རྒྱུ་ཆེན་པོ་རེད།༽ཅེས་བོད་མི་ནང་ཁུལ་མཐུན་སྒྲིལ་དང་ཡུལ་ཁྲིམས་བརྩི་སྲུང་བྱེད་དགོས་པའི་སྐོར་ལ་ལམ་སྟོན་བཀའ་སློབ་གནང་ཞིང་། དེ་བཞིན་གཞོན་སྐྱེས་ཚོར་༼ དེ་རིང་འདིར་གཞོན་སྐྱེས་མང་པོ་ཞིག་འདུག བོད་རྗེས་ལུས་ཡིན་པའི་རྒྱུ་རྐྱེན་གཅིག་ནི་བོད་མིའི་ནང་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཉུང་ཉུང་ལས་མེད་པ་དེ་རེད། གཞོན་སྐྱེས་ཚོ་འདིར་འབྱོར་རྗེས་ལྟོ་གོས་གཅིག་པའི་སྟེང་མགོ་འཁོར་མ་བསྡད་པར། ལས་རིགས་འདྲ་མིན་ཐོག་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། སོ་སོ་དང་མ་འོངས་པར་བུ་ཕྲུག་ཚོ་དེང་དུས་ཀྱི་ལས་རིགས་འདྲ་མིན་ཐོག་རིགས་གཅིག་རྐང་འཛིན་པའམ་རང་རྐྱ་འཕེར་བ་ཞིག་ཡོང་བར་འབད་བརྩོན་བྱེད་རོགས། ༽ཅེས་ལམ་སྟོན་བཀའ་སློང་གནང་།

གཞན་ཡང་མཇལ་ཁར་བཅར་མཁན་ཧྥ་རན་སིའི་ནང་ཡོད་བོད་ཀྱི་དགོན་སྡེ་དང་ཆོས་ཚོགས་ཁག་གི་བླ་སྤྲུལ་ཚོར་གསུངས་དོན། ༼ ཧྥ་རན་སི་ནི་ནང་པའི་ལུང་པ་དེ་འདྲ་མ་རེད། རྣམ་པ་ཚོ་འདིར་ཕེབས་ཏེ་ལོ་མང་རིང་སྐུ་ལས་བསྐྱོན་ནས་ནང་ཆོས་ཀྱི་གཞི་རྐང་ཞིག་འཛུགས་ཐུབ་པར་གནང་བ་དེ་ཧ་ལས་པའི་ཡག་པོ་རེད། ཡིན་ནའང་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་རེད། གཞན་ལ་ཆོས་ཀྱི་བསླབ་བྱ་གནང་སྐབས་རང་གི་བྱ་སྤྱོད་ཆོས་དང་མཐུན་པར་གནང་དགོས། གཞན་ལ་ཆོས་གསུང་གིན་གསུང་གིན་རང་གི་སྤྱོད་པ་བག་མེད་དུ་ཕྱིན་ན་ཡག་པོ་མ་རེད། ཕྱི་རྒྱལ་ན་བཞུགས་པའི་བོད་པའི་བླ་སྤྲུལ་ཚོའི་སྤྱོད་ལམ་ལ་གནས་ཚུལ་ལྷག་བསྡད་ཀྱི་འདུག འདུལ་བ་རྣམ་བཞི་དང་མཐུན་པ་ཞེས་གསུངས་པ་ལྟར་གཞན་ལ་ཆོས་ཀྱི་བསླབ་བྱ་གང་གནང་བ་ནང་བཞིན་གནང་མཁན་བླ་མས་ཀྱང་དེ་ལྟར་བྱེད་དགོས་པ་རེད། བཤད་རྒྱུན་ལའང་རྟོག་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་བསྟུན་དགོས་ཞེས་ཟེར་སྲོལ་ཡོད་པ་རེད། ང་ཆུང་དུས་སྟག་བྲག་རིན་པོ་ཆེས་འདི་ཡང་ཡང་གསུངས་མྱོང་། ༽ཞེས་ཕྱི་རྒྱལ་དུ་བཞུགས་པའི་བླ་སྤྲུལ་ཚོའི་སྤྱོད་ལམ་ཆོས་དང་མཐུན་པར་གནང་དགོས་པའི་ལམ་སྟོན་གནང་ཡོད།

ཉིན་རྒྱབ་ཏུ་ཆུ་ཚོད་གཉིས་པའི་སྟེང་༧གོང་ས་མཆོག་གིས་གྲོང་ཁྱེར་ཕཱ་རེ་སའི་ Bercy ཚོགས་རྭ་ནང་ཡུལ་མི་བདུན་སྟོང་བརྒལ་བར་༼ སྤྱི་ཚོགས་དང་མིའི་ཀུན་སྤྱོད་༽ཅེས་པའི་བརྗོད་གཞི་སྟེང་གསུང་བཤད་གནང་ཡོད་པ་དང་། གསུང་བཤད་གྲུབ་རྗེས་ཧྥ་རན་སི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷོ་བེ་ཇོ་སེ་ལགས་དང་ལྗང་ཁུ་ཚོགས་པའི་བོད་དོན་རྒྱབ་སྐྱོར་བ་ཚོ་དང་མཇལ་འཕྲད་གནང་ཡོད།

ཡུ་རོབ་གསར་འགོད་པ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 8

  1. Gangthuk says:
    ལོ་ 17 སྔོན།

    hey nor, if you wana know me i will let you know who am i. i am khampa tashi tseten living in delhi. i am telling the truth. i dont care whatever peoples think. truth is truth. if u want to meet me give me your phone no or come to MT delhi. thats all now. thats all

    Reply
  2. ནོར། says:
    ལོ་ 17 སྔོན།

    གངས་ཕྲུག་ལགས་ཀྱིས་གནས་ཚུལ་ཁག་མཁྱེན་རྟོགས་ཡོད་ན། ངེས་པར་ཏུ་གནས་ཚུལ་མཁོ་སྤྲོད་བྱ་དགོས་བ་རེད། དེའང་ང་ཚོ་ཚང་མའི་འགན་རེད་བསམ།

    Reply
  3. གངས་ཕྲུག says:
    ལོ་ 17 སྔོན།

    བཀའ་ཁྲི་མཆོག་དགོངས་པ་ཞུས་ཀྱང་༧གོང་ས་མཆོག་གིས་དགོངས་པ་མ་གནང་པའི་གནས་ཚུལ་ཞིག་གང་གསར་སྤེལ་འདུག་ཀྱང་དུས་བབ་ནང་མ་ཐོན་པ་གང་ཡིན་ནམ།

    ད་དུང་འདི་ཟླའི་ཚེས་༧ ཉིན་ལྷ་སར་མི་༢༠༠་བསྐོར་གྱིས་སྐད་འབོད་བྱས་སྐད་འདུག

    Reply
  4. གངས་ཕྲུག says:
    ལོ་ 17 སྔོན།

    བཀའ་ཁྲི་མཆོག་དགོངས་པ་ཞུས་ཀྱང་༧གོང་ས་མཆོག་གིས་དགོངས་པ་མ་གནང་པའི་གནས་ཚུལ་ཞིག་གང་གསར་སྤེལ་འདུག་ཀྱང་དུས་བབ་ནང་མ་ཐོན་པ་གང་ཡིན་ནམ།

    Reply
  5. འཁྱམས་པོ། says:
    ལོ་ 17 སྔོན།

    དངོས་གནས་ཡིད་དྭངས་པ་ཞིག་རེད། ༧གོང་ས་མཆོག་ ང་ཚོ་བོད་གཅིག་བུ་མ་ཡིན་པར་མཁའ་མཉམས་སེམས་ཅན་ཀུན་གྱི་དོན་དུ་སྐུ་ཚེ་སྐལ་བརྒྱར་བརྟན་ཀྱང་བཞེད་དོན་ལྷུན་གྱིས་འགྲུབ་པར་སྨོན།།

    Reply
  6. Gangthuk says:
    ལོ་ 17 སྔོན།

    first i would like to so sorry for the writing in english becouse of there are not tibetan programe in my PC.

    lama become pure religion, dont be politician. dharma and political are totaly diffirent way. never ever mix dharma and political. example. why loard buddha left his king responsibility becouse of he wants to be a pure religious person. (Gyelsi pang ney rapjung gi) loard buddha cant then who can other then him.

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྐྱབས་སུ་འཆི་འོ་བླ་མ་རིན་པོ་ཆེ།

    Reply
  8. དགྲ་འདུལ། says:
    ལོ་ 17 སྔོན།

    གནས་ཚུལ་དུས་ཐོག་ཏུ་སྤེལ་བ་ནི་ཧ་ཅང་ལེགས།
    གསར་འགོད་པ་ཟླ་བ་ཚེ་རིང་ལགས་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese