མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་དང་ཕོང་ཡང་།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རི་ཡའི་གནས་ཚུལ་ནི་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་གིན་འདུག ཕྱི་ཟླ་བཞི་བའི་མེ་ཤུགས་འཕུར་མདེལ་གྱི་རྗེས་ལ་མཐུད་ནས་ཕྱི་ཟླ་ལྔ་བའི་ནང་དུ་གསང་བའི་ངང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས། ད་ཆ་སླར་ཡང་རྒྱལ་སྤྱི་རང་བཞིན་གྱི་མེ་ཤུགས་འཕུར་མདེལ་ཆེན་པོ་ཞིག་འཕེན་པར་རྩིས་རྒྱག་གིན་ཡོད། ཨ་རིའི་གསར་འགོད་པ་གཉིས་ལ་ཁྲིམས་ཐག་ནན་པོ་བཅད་པ་མ་ཟད། ཆ་རྐྱེན་གསར་པ་བཏོན་ཏེ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་མཉམ་འབྲེལ་གྱི་ཆིངས་དོན་རྡོག་རོལ་ལ་གཏོང་གི་ཡོད།

༢༠༠༦ ལོར་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐོག་མ་དེ་བྱས་པ་ནས་བཟུང་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་བཀལ་རུང་། དེ་དག་ལ་ནུས་པ་ཅི་ཡང་མེད་པར་གྱུར། དེའི་ཁར་ཉེས་ཆད་དེ་དག་གཟབ་ནན་གྱིས་ལག་བསྟར་ཡང་བྱས་མེད། ཨ་རིའི་ཉེན་བརྡ་བཙན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཁ་རྡུང་གང་གིས་ཀྱང་བྱང་ཀོ་རི་ཡའི་ཕོང་ཡང་གི་བྱ་སྤྱོད་འདི་ལ་ཤུགས་རྐྱེན་ཐེབས་རྒྱུ་མིན་པ་ནི་གསལ་གསལཐིང་ཐིང་རེད།

ལམ་ཁ་མཐའ་དག་རྫོགས་པའི་སྐབས་སུ་རེ་བ་ཉག་གཅིག་ལྷག་ཡོད་ལ། དེ་ནི་རྒྱ་ནག་ཡིན། ད་སྐབས་བྱང་ཀོ་རི་ཡའི་ཚོང་དོན་གྱི་བརྒྱ་ཆ་ ༤༥ ནི་རྒྱ་ནག་མཉམ་དུ་ཡིན། རྒྱ་ནག་གི་ཕྱི་རྒྱལ་རོགས་དངུལ་གྱི་བརྒྱ་ཆ་ ༣༠ ནས་ ༥༠ བར་གྱི་སྔོན་རྩིས་མ་དངུལ་ནི་རྒྱལ་ཁབ་ཆུང་ཆུང་འདིའི་ཐོག་ལ་གཏོང་གི་ཡོད། དེ་བས། པེ་ཅིན་གྱིས་ད་གཟོད་ཕོང་ཡང་གི་བྱ་སྤྱོད་འདིའི་ཐོག་ལ་གཞན་དང་མི་འདྲ་བའི་ཤུགས་རྐྱེན་ཞིག་ཐེབས་ངེས་པ་ནི་གནས་ལུགས་གསལ་བོ་དག་པོ་ཞིག་ཡིན།

དོན་དངོས་ཐོག རྒྱ་ནག་གིས་བྱང་ཀོ་རི་ཡར་འབྲེལ་བ་འཛིན་ཕྱོགས་ལའང་འགྱུར་བ་ཞིག་འགྲོ་གིན་ཡོད། པེ་ཅིན་གྱིས་ཕོང་ཡང་གི་རྡུལ་ཕྲན་མཚོན་ཆའི་ལས་གཞིའི་ཐོག་ལ་མི་འཐད་པའི་རྣམ་འགྱུར་མཁྲེགས་པོ་ཞིག་བཟུང་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ཐོག་བཞག་པའི་གྲོས་ཆོད་ཀྱི་འབྲུ་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད། རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་བྱང་ཀོ་རི་ཡའི་བྱ་སྤྱོད་རྩོག་རབས་ཐད་སྐྱོན་བརྗོད་བྱེད་བཞིན་པ་ལའང་དོགས་པ་སྐྱེས་མི་དགོས། དེས་ན། རྒྱ་ནག་ང་ཚོ་སྐྱོབ་གིན་བསླེབས་པ་རེད་དམ།

ཨ་ལེ་བསམ་བློ་མང་པོ་མ་གཏོང་།

རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་ཅན་གྱི་བྱང་ཀོ་རི་ཡ་ཞིག་དགོས་ཀྱི་མེད་པ་ནི་གསལ་བོ་རེད། རྒྱལ་སྤྱིའི་གོ་མཚོན་འགོག་སྡོམ་གྱི་བཀའ་རྒྱ་ལ་ཚབས་ཆེའི་རྒྱབ་འགལ་བྱེད་མཁན་གྱི་གཞུང་འདི་ལྟ་བུས་རྒྱ་ནག་རང་ཉིད་ཁྲིམས་མཐུན་གྱི་རྡུལ་མཚོན་ནུས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཁེ་དབང་ལ་གནོད་སྐྱོན་གཏོང་གི་རེད། དེའི་ཁར། བྱང་ཀོ་རི་ཡ་རྡུལ་མཚོན་ཅན་དུ་འགྱུར་བཞིན་པ་འདིས་ཤར་ཨེ་ཤ་ཡའི་ནང་དུ་རྡུལ་ཕྲན་མཚོན་ཆའི་འགྲན་བསྡུར་སློང་ངེས་ལ། ཉི་ཧོང་ཡང་རྡུལ་ཕྲན་མཚོན་ཆ་ཅན་ཞིག་ཏུ་འགྱུར་ངེས། དེ་ནི་རྒྱ་ནག་གི་འཐབ་བྱུས་ཐད་ཀྱི་གཉིད་འཁྲུགས་ཡིན། དེར་བརྟེན་བྱང་ཀོ་རི་ཡའི་རྡུན་ཕྲན་མཚོན་ཆའི་དམིགས་ཡུལ་འདིས་རྒྱ་ནག་ལ་དཀའ་ངལ་བསྐྲུན་གྱིན་ཡོད།

དེ་ལྟར་ཡང་། རྒྱ་ནག་གིས་བྱང་ཀོ་རི་ཡ་ལ་དེ་ཙམ་གྱི་ངམ་གནག་མི་བྱེད་པ་ལའང་གཅིག་མཚུངས་ཀྱི་གནས་ལུགས་བགྲང་རྒྱུ་ཡོད།

བྱང་ཀོ་རི་ཡས་རྒྱ་ནག་གི་རོགས་དངུལ་ལེན་གི་རེད། ཡིན་ཡང་། པེ་ཅིན་གྱི་བསླབ་བྱ་ལ་ཉན་འཇོག་བྱེད་པའི་བརྡ་ཅི་ཡང་བསྟན་ཡོད་པ་མ་རེད། བྱང་ཀོ་རི་ཡ་ནི་འདི་ལྟར་ཕྱིའི་གནོན་ཤུགས་ཀྱིས་རྩ་བ་ནས་སྒུལ་མི་ཚུགས་པའི་གཞུང་ཞིག་ཡིན། སྔོན་མ་ཚོད་ལྟ་བྱས་པ་རེད། ཡིན་ཡང་གནོན་ཤུགས་དེ་དག་ཚུལ་མཐུན་ཞིག་གི་ངོ་བོར་ཡོད་སྟབས། རོགས་དངུལ་ཕྱེད་ཀ་གཅོད་པའམ། ཚོང་འབྲེལ་འགོག་པ་ཙམ་ནི་བྱང་ཀོ་རི་ཡའི་མགོ་ཁྲིད་ཚོས་ཡ་མེད་ལ་གཏོང་གི་རེད།

ཕྱིའི་རོགས་སྐྱོར་བཅད་ན་ནང་གི་འཚོ་བའི་ཚད་གཞི་ཇེ་སྡུག་ལ་འགྲོ་སྲིད་གི་རེད། ཡིན་ཡང་། མི་དམངས་ཀྱི་བདེ་དོན་ནི་ཕོང་ཡང་གི་སེམས་ཁྲལ་ཆེ་ཤོས་ཀྱི་གྲས་ནམ་ཡང་མིན། བྱང་ཀོ་རི་ཡའི་མི་དམངས་ཀྱིས་གཞུང་གི་སྲིད་བྱུས་ཐོག་ལ་ཤུགས་རྐྱེན་ཅི་ཡང་མི་ཐེབས་ལ། ཁོང་ཚོས་ངོ་ལོག་ཀྱང་བྱེད་མདོག་ཁ་བོ་མེད། གལ་སྲིད་ཟ་མ་ཆད་མགོ་བརྩམས་ན། ཁོང་ཚོར་མུ་གེ་ཡོང་ངེས་ལ། དེ་ནས་ཁུ་སུམ་མེར་ཤི་ངེས། དེར་བརྟེན་ཕོང་ཡང་གི་གཤིས་ཀ་འཁྱོག་པོ་འདི་ཇེ་དྲང་ལ་གཏོང་དགོས་ན། དངོས་གནས་ཤུགས་ཆེན་པོ་ཞིག་གིས་རྡུང་དགོས་པ་རེད། རྒྱ་ནག་གི་ངོས་ནས་བཤད་ན། རོགས་སྐྱོར་མཐའ་དག་གཅོད་པ་དང་རྡོ་སྣུམ་སྐྱེལ་འདྲེན་མཚམས་འཇོག་དགོས་པ་རེད།

འདི་ལྟའི་ཁེར་རྐྱང་གི་ཚད་གཞི་ཞིག་གི་ཐོག་དེད་པ་ཡིན་ན་ལམ་སྒོ་ཡོད་ཚད་འགག་འགྲོ་གི་རེད། དེས་བྱང་ཀོ་རི་ཡའི་ནང་གི་གནས་སྟངས་བརྟན་ལྷིང་མེད་པར་བཟོ་ལ། མཐའ་མ་དེར་ཡོང་རྒྱུ་ནི་ད་ལྟའི་ཕོང་ཡང་གི་གཞུང་འདི་མགོ་རྟིང་འགྱེལ་ངེས་པ་དེ་ཡིན།

རྒྱ་ནག་ལ་མཚོན་ན་བྱང་ཀོ་རི་ཡའི་གཞུང་མགོ་རྟིང་འགྱེལ་བ་ནི་མི་གྲངས་ས་ཡ་འགའ་ཤས་རྒྱ་ནག་གི་ས་ཁོངས་སུ་འཛུལ་རྒྱུ་དེ་ཡིན་ལ། དེའི་ནང་གི་མང་ཤོས་ནི་དམག་མི་ཡིན། དེས་རྒྱ་ནག་གི་བཟོ་ལས་དང་མི་འབོར་མང་སའི་ས་གནས་ཁག་ཏུ་བརྟན་ལྷིང་མེད་པ་བཟོ་ངེས། མཐའ་མ་དེར་དེར་བྱང་ཀོ་རི་ཡའི་གོ་མཛོད་ནང་གི་རྡུལ་མཚོན་གྱི་རྒྱུ་ཆ་དང་སྐྱེ་དངོས་དང་རྫས་འགྱུར་ལས་བཟོས་པའི་མཚོན་ཆ་མཐའ་དག་གི་སྟངས་འཛིན་ཤོར་ངེས་པ་དེ་ཡིན།

བྱང་ཀོ་རི་ཡའི་རྒྱལ་ཁབ་སིལ་བུར་འཐོར་ཏེ་ཡུན་རིང་འགོར་བའི་མཇུག་འབྲས་འདི་ཡང་རྒྱ་ནག་གིས་མཐོང་འདོད་མེད། དེས་བྱང་གི་མངའ་ཁུལ་འདི་ཀོ་རི་ཡ་ལྷོ་མའི་འོག་ལ་བསྡུ་བ་དང་། རྒྱ་ནག་འདི་ལྷོ་བྱང་ཀོ་རི་ཡ་གཉིས་བར་གྱི་འཐབ་བྱུས་ཀྱི་བར་གནས་རྒྱལ་ཁབ་ནས་ཕྱིར་འབུད་བྱེད་སྲིད་ལ། ད་དུང་སྡུག་ན། ཨ་རིའི་དཔུང་རོགས་ཆེན་པོ་ཞིག་འགྲུབ་ཀྱང་ངེས། མཐའ་མཇུག་གི་ཐབས་ལམ་ནི་དམག་ཤུགས་ཀྱི་ཐེ་བྱུས་ཡིན་ལ། འདི་ནི་པེ་ཅིན་གྱིས་ངེས་པར་གཡོལ་འོས་པའི་འགྲོ་སོང་ཆེན་པོ་དང་ཉེན་ཁ་ལྗིད་པོ་དེ་ཡིན།

ཕྱོགས་གཞན་ནས་བཤད་ན། རྒྱ་ནག་ད་སྐབས་བགེགས་ཆེན་པོ་གཉིས་ཀྱི་བར་ལ་ལྷུང་ཡོད་ཅིང་། གཅིག་ནི་རྡུལ་ཕྲན་མཚོན་ཆ་ཅན་གྱི་བྱང་ཀོ་རི་ཡ་དང་། ཅིག་ཤོས་ནི་བྱང་ཀོ་རི་ཡ་མགོ་རྟིང་འགྱེལ་རྒྱུ་དེ་ཡིན། དེ་གཉིས་ལས་ཀྱང་བགེགས་ཆེ་ཤོས་ནི་བྱང་ཀོ་རི་ཡ་འཐོར་བཤིག་འདི་ཡིན་ངེས། རྒྱ་ནག་གིས་བྱང་ཀོ་རི་ཡར་ཉེས་འགེལ་བཙན་པོ་བྱེད་འདོད་མེད་པ་དང་། རོགས་སྐྱོར་མུ་མཐུད་ནས་སྤྲོད་དོན་ཡང་འདི་ལ་ཐུག་ཡོད།

དེ་བས་པེ་ཅིན་གྱིས་བྱང་ཀོ་རི་ཡའི་ཐོག་ལ་ལག་མི་འགུལ་བ་ནི་ནོར་འཁྲུལ་ཤོར་ནས་མིན་པར། འདང་དཔོག་པའི་གདམ་ག་ཞིག་ཡིན། གདམ་ག་འདི་ལ་བརྟེན་ནས་འདས་པའི་ལོ་རབས་ནང་པེ་ཅིན་གྱིས་བྱང་ཀོ་རི་ཡར་བཟུང་བའི་སྲིད་བྱུས་དེ་བྱུང་ཞིང་། སྲིད་བྱུས་འདི་ལ་ཉེ་བའི་འབྱུང་འགྱུར་གྱི་ནང་དུ་འགྱུར་བ་མེད་པར་འདོད།

རྒྱ་ནག་གིས་མུ་མཐུད་ནས་སྐྱོན་བརྗོད་ཀྱི་རྣམ་འགྱུར་སྟོན་ལ། འདི་ནི་ཁག་ཅིག་གིས་རྒྱ་ནག་གི་གཡོ་བྱུས་ལ་མཐོང་བ་ལྟར་མིན་པར། ཁོ་ཚོའི་སྐྱོན་བརྗོད་ནི་ཁ་ཞེ་གཉིས་མེད་ཡིན། འོན་ཀྱང་། པེ་ཅིན་ནི་འདི་ལས་ལྷག་པ་ཞིག་ལ་འགྲོ་ཐུབ་གི་མ་རེད། ཁོ་ཚོས་བྱང་ཀོ་རི་ཡའི་བརྟན་ལྷིང་ལ་གནོད་པའི་ལས་ཀ་ཅི་ཡང་བྱེད་གི་མ་རེད། སྲིད་དོན་འཁྲབ་མཁན་གཞན་དང་འདྲ་བར། རྒྱ་ནག་གིས་རང་ཉིད་བགེགས་ཆུང་ས་དེར་འཇོག་གི་རེད།

མཆན། བསམ་ཚུལ་འདི་དག་ནི་བྱང་ཀོ་རི་ཡའི་སྟེང་ལ་ཉམས་ཞིབ་གནང་མཁན་སྐུ་ཞབས་ཨན་ཌུ་རེ་ ལན་ཁོ་ཧྥུ་ཡི་དཔྱད་རྩོམ་ལ་གཞི་བྱས་ནས་བྲིས་པ་ཡིན་ལ། ཁོང་ནི་ལྷོ་ཀོ་རི་ཡ་ཁོག་མིན་གཙུག་ལག་སློབ་གླིང་གི་སློབ་དཔོན་ཞིག་ཡིན། ལུང་རིགས་རྒྱལ་ནས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 3

  1. དགེ་འདུན་རབ་གསལ། says:
    ལོ་ 17 སྔོན།

    ལུང་རིགས་ལགས་ཀྱི་ཆེད་རྩོམ་འདི་བཀླགས་ནས་བློ་སྐྱེད་ཆེན་པོ་ཐོབ་བྱུང་། བོད་དོན་ལ་ཡང་རྡ་ས་དང་པེ་ཅིན་ནམ་ཡང་ན་བོད་དང་རྒྱ་གཅིག་པུ་མ་ཡིན་པར་འཛམ་གླིང་རང་བཞིན་གྱི་ཐོག་ནས་ལྟ་དགོས་པ་དང་། དེ་ཡང་ཀོ་རི་ཡའི་གནད་དོན་གྱི་ཐོག་ནས་ལྟ་ཐུབ་པ་ཞིག་དགོས་པ་རེད། རྩོམ་འདི་འདྲ་ལ་ནི་གསེར་གྱི་རྟགས་མ་སྤྲོད་ངེས།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བྱང་ཀོ་རི་ཡས་རྡུལ་ཕྲན་གྱི་ལས་གཞི་མཇུག་སྐྱོང་རྒྱུའི་དམ་བཅའ་བཞག་འདུག་ལ། གལ་སྲིད་བྱང་ཀོ་རི་ཡ་འགོག་མ་ཐུབ་ཚེ་ཨི་རན་ཡང་དེ་དང་རང་བཞིན་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། དེ་ནས་འཛམ་གླིང་འདིར་རྡུལ་ཕྲན་མཚོན་ཆས་ཁེངས་འགྲོ་གི་རེད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བྱང་ཀོ་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེན་བརྡ་དེར་ལན་དུ། རྒྱལ་ཁབ་སུ་ཞིག་གིས་ཁོང་ཚོའི་མཚོ་འགྲུལ་བཀག་ན་དམག་འཁྲུག་བསླངས་པ་ཡིན་ཞེས་བཤད་འདུག་ལ། ཉིན་ཤས་གོང་བྱང་ཀོ་རི་ཡའི་སྲིད་འཛིན་བུ་ཕ་རྒན་གྱི་སྐུ་ཚབ་ཐོག་ནས་པེ་ཅིན་ལ་ཕྱིན་ཏེ་ཧུའུ་ཅིན་ཐའོ་ལ་ཐུག་འདུག འདི་ནི་ཁོ་བྱང་ཀོ་རི་ཡའི་མ་འོངས་པའི་མགོ་ཁྲིད་ལ་དམིགས་འཛུགས་བྱས་རྗེས་རྒྱལ་དོན་ལ་བསྐྱོད་པ་ཐོག་མ་དེ་རེད་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese