མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲིན་དྲན་པ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

མ་འོངས་པར་མུ་མཐུད་དུ་ཞལ་འདེབས་བསྡུ་རུབ་ཀྱིས་རྒན་པའི་མ་དངུལ་ཐེབས་རྩ་ཞིག་འཛུགས་འཆར་ཡོད་ཟེར།

ཕྱི་ཚེས་ ༡༣ ཉིན་སྐབས་བཅུ་གཅིག་པའི་མདོ་སྨད་ངྷ་ས་ས་གནས་རྒྱུན་ལས་གྱི་གོ་སྒྲིག་འོག  ངྷ་སར་གནས་བཞུགས་མདོ་སྨད་ཆོལ་ཁོངས་ཀྱི་དགུང་ལོ་ ༥༠ ཡན་ལ་སོན་པའི་ལོ་ལོན་རྒན་རབས་པ་ཉི་ཤུ་ལྷག་ལ་རྒན་བཀུར་ཆུང་བྱམས་དང་ཐུགས་རྗེ་ལེགས་གསོལ་མཚོན་ཆེད་ཉིན་གཅིག་གི་ཞལ་ལག་ཕུལ་ཡོད།  དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཙོས། མདོ་སྨད་དབུས་རྒྱུན་ལས་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་ཆེད་ཕེབས་ཀྱིས་རྒན་རབས་པ་རྣམས་ལ་ཁ་བཏགས་ཕུལ་ཏེ་བཀའ་དྲིན་ལེགས་གསོལ་ཞུས་ཡོད།   སྐབས་དེར། མདོ་སྨད་ངྷ་ས་ས་རྒྱུན་ཚོགས་གཙོ་གཡང་ཁོ་རྒྱལ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་ཐད་གསུངས་དོན། ང་ཚོ་སྐབས་བཅུ་གཅིག་པའི་མདོ་སྨད་ངྷ་ས་ས་རྒྱུན་གྱི་ངོས་ནས་གཞན་གྱི་ཞལ་འདེབས་བསྡུ་རུབ་བྱས་པའི་མ་དངུལ་དེས་ངྷ་སར་གནས་བཞུགས་མདོ་སྨད་ཀྱི་རྒན་རབས་པ་ ༤༠ ལྷག་ལ་ཉིན་གཅིག་གི་ཞལ་ལག་འབུལ་རྒྱུའི་མགྲོན་འབོད་ཞུས་ཡོད་མོད། རྒན་རབས་པ་ཁག་ཅིག་གཟུགས་གཞི་བདེ་ཐང་མིན་པའི་དཀའ་ངལ་སོགས་ཀྱི་རྐྱེན་པས། དེ་རིང་འདིར་རྒན་རབས་པ་ ༢༠ ལྷག་ལས་འབྱོར་མི་འདུག་ཟེར་ལ། ཚོགས་གཞོན་ཨ་ལོ་ཡིས་བཤད་དོན། ང་ཚོས་འདི་ལྟར་བསྒྲུབ་པའི་དམིགས་ཡུལ་ནི། ང་ཚོ་བོད་མི་རིགས་ཀྱི་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་རྒྱུན་བཟང་པོ་འདི་མི་ཉམས་རྒྱུན་འཛིན་ཡོང་ཆེད་དང་། གོ་སྐབས་འདི་བརྒྱུད་རྒན་པ་ཚོ་ངོ་ཤེས་པར་བྱ་རྒྱུ་དེ་ཡིན་ལ། རྒན་པ་ཚོའི་ངོས་ནས་ཀྱང་ཁ་པར་ཨང་གྲངས་ང་ཚོར་སྤྲད་པ་ཡིན་ན། རྗེས་ཕྱོགས་དཀའ་ངལ་ཅི་བྱུང་ཡང་ང་ཚོས་བདག་སྐྱོང་བྱ་རྒྱུར་སྟབས་བདེ་བཟོ་རྒྱུ་གལ་ཆེན་པོ་རེད། ང་ཚོའི་ངོས་ནས་ལོ་གསུམ་གྱི་ས་རྒྱུན་གྱི་དུས་ཡུན་འདིའི་རིང་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད།  མ་འོངས་པར་མུ་མཐུད་དུ་ལོ་རེར་ཐེངས་རེར་འཚོགས་ཐུབ་ཆེད་ཐེངས་འདིའི་ལྷག་དངུལ་རྣམས་ལོགས་སུ་གསོག་འཇོག་བྱས་ཐོག་ཞལ་འདེབས་བསྡུ་རུབ་ཀྱིས་རྒན་པའི་མ་དངུལ་ཐེབས་རྩ་ཞིག་འཛུགས་འཆར་ཡོད། ཅེས་བརྗོད་བྱུང་།
དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་འདིའི་ཐད་གསུངས་དོན། མིའི་མི་ཚེའི་བརྒྱུད་རིམ་ནང་ཆུང་དུས་ཕ་མས་བདག་སྐྱོང་བྱེད་ཀྱིན་ཡོད་པ་དང་། ཕ་མ་རིམ་བཞིན་རྒས་འགྲོ་གིན་ཡོད་པ་ཡིན་དུས། ཕ་མའི་བདེ་སྡུག་ལ་བལྟ་རྒྱུ་དེ་རང་བཞིན་གྱིས་ཕྲུ་གུ་ཚོའི་འགན་ཆགས་ཡོད། དེ་བཞིན། སྤྱི་ཚོགས་ཤིག་ཡིན་ནའང་དེའི་ནང་རྒན་པ་ཚོས་མགོ་ཁྲིད་ཅིང་གཞོན་པ་ཚོས་རྗེས་འབྲངས་དགོས་པ་རེད། ཐེངས་འདིར་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ངོས་ནས་མདོ་སྨད་ཀྱི་རྒན་རབས་པ་རྣམས་མཉམ་དུ་བསྡུས་ཏེ། ཁོང་ཚོ་གཞོན་པའི་དུས་སུ་མགོ་ཁྲིད་དང་འགན་ཁུར་བ་དེ་དག་ལ་ཐུགས་རྗེ་ལེགས་འབུལ་དང། ཕན་ཚུན་ངོ་ཤེས་སུ་འཇུག་རྒྱུའི་གོ་སྐབས་ཤིག་བསྐྲུན་པ་རེད། ང་རང་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ངོས་ནས་བསམ་ཚུལ་གསར་བ་དང་། ལས་འགུལ་གསར་བ་འདི་ལ་བསྔགས་བརྗོད་ཡོད། ང་ཚོའི་འཐབ་རྩོད་དང་སྤྱི་ཚོགས་མུ་མཐུད་གནས་དགོས་པར་བརྟེན། བོད་པའི་སྲོལ་རྒྱུན་བཟང་པོ་འདི་མི་ཉམས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་རྒྱུ་གལ་ཆེན་རེད། དེ་བས། འདི་མདོ་སྨད་ཙམ་མ་ཡིན་པར་ཆོལ་ཁ་གཞན་པའི་ངོས་ནས་ཀྱང་། མ་འོངས་པར་ས་རྒྱུན་དང་སྐྱིད་སྡུག་ཁག་གང་ཡིན་རུང་རྒན་པར་ཆེ་མཐོང་སྤྲད་དེ་ཁོང་ཚོར་ཐུགས་རྗེ་ལེགས་གསོལ་ཞུ་བའི་ལས་འགུལ་མང་པོ་སྤེལ་ཐུབ་ཚེ་བོད་པའི་གོམས་གཤིས་བཟང་པོ་དེ་མི་ཉམས་རྒྱུན་འཛིན་ཡོང་བར་ཕན་ཐོགས་གི་རེད། ཅེས་གསུངས་བྱུང།

ཐེངས་འདིའི་རྒན་པར་དྲིན་གཟོའི་ལས་འགུལ་འདི་ནི། མདོ་སྨད་ས་རྒྱུན་གྱིས་ལས་འགུལ་ཐོག་མ་དེ་ཆགས་ཡོད་པ་དང་། ས་རྒྱུན་གྱི་ངོས་ནས་༧གོང་ས་མཆོག་ལ་ཐུགས་རྗེ་ལེགས་གསོལ་གྱི་ཞལ་ལག་འབུལ་བཞེས་དང།  ངྷ་སར་གནས་བཞུགས་དགུང་ལོ་ ༥༠ ནས་ ༨༩ བར་གྱི་མདོ་སྨད་ཀྱི་རྒན་རབས་པ་ ༤༠ ལྷག་ལ་དྲིན་གཟོ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༡ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༤ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 6

  1. ནོར། says:
    ལོ་ 17 སྔོན།

    ས་རྒྱུན་གསར་བ་ཚོས་དངོས་གནས་མྱི་བྱ་ཞིག་སྒྲུབས་སོང་། ཡག་པོ་འདུག
    ལྷག་པར་ཏུ་རྒན་པའི་ཐེབས་རྩ་འཛུག་རྒྱུའི་འཆར་གཞི་དེ།

    Reply
  2. ཟུར་མཁར་ says:
    ལོ་ 17 སྔོན།

    ལས་འགུལ་ངོ་མ་ཡག་པོ་རེད། ཚོགས་སྐྱིད་ཚང་མས་འདི་ལྟར་བྱེད་ཐུབ་ན་ཞེ་དྲག་རེད། ཡིན་ནའང་ཞལ་ལག་བཞེས་ས་ལ་སྐུ་མགྲོན་གཙོ་བོ་ཞེས་པ་འདི་ཅུང་ཡ་མཚན་པ་ཞིག་དང་། ཞལ་འདེབས་སློང་ནས་སྤྲོ་སྐྱིད་གཏོང་བ་འདི་ཅུང་དགོད་བྲོ་ཞིག

    Reply
  3. རྭ་ལོ། says:
    ལོ་ 17 སྔོན།

    ཡག་པོ་རེད། ཡིན་ནའང་ག་ས་གང་ལ་རྒྱུག་ནས་ཞལ་འདེབས་ཤིག་བསྡུས་ནོ་འདི་ལྟར་རྫོགས་བཅུག་ན་དོན་སྙིང་ཆེར་མི་འདུག སྔོན་མ་ཨ་ལགས་འཇིགས་མེད་མཆོག་ནས་ཕྱི་རྒྱལ་དུ་ཡོད་པའི་ཨ་མདོ་ཚོའི་ལག་ནས་ཞལ་འདེབས་རེ་བསྡུས་ཡོང་ན་ཨ་མདོ་ཚོས་དབྱར་སྐྱིད་དང་དེ་མིན་ན་ལོ་གསར་གཏོང་གི་རེད། རག་ཚད་ཟ་རྐྱང་འཐུང་རྐྱང་བྱས་ན་ཡག་པོ་ཞིག་ཨེ་ཡིན།

    Reply
  4. རི་བོང། says:
    ལོ་ 17 སྔོན།

    ཆུ་ཐིགས་སྔོན་མོ་ལགས།
    གཞོན་རབས་པ་ཞིག་ཡིན་ན་གཞན་གྱི་རོགས་སྐྱོར་ལ་རེ་སྒུག་བྱེད་ཀྱི་ལང་ཤོར་ལ་སོང་ན་ཧ་ཅང་གི་མི་འཚམ་པ་ཞིག་རེད།་་་རང་གི་ནུས་བེད་སྤྱད་དེ་སོ་སོའི་རྐང་པའི་ཐོག་ལ་ལང་ཆེད་འབད་བརྩོན་ངེས་པར་དུ་བྱེད་དགོས་པ་རེད།་་གལ་སྲིད་ལམ་འགྲོ་མ་བརྒྱུག་ནས་ཕམ་ཁའི་གནས་སུ་ལྷུང་ན་ཡང་ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་པ་ལ་ངེས་ཤེས་ཇེ་བརྟན་དུ་འགྲོ་དགོས་པ་རེད།་་དེ་ལྟར་བྱས་ན་ད་གཟོད་ང་ཚོ་ལ་རེ་བ་ཡོད་པ་རེད།་་་ང་ལ་མཚོན་ན་ཕྱི་རྒྱལ་གྱི་སྦྱིན་བདག་དང་ནང་མིའི་དངུལ་དངོས་བེད་སྤྱད་དེ་སྐྱིད་ཟ་སྐྱིད་ཉལ་རྒྱག་མཁན་ཚོ་ནི་ནམ་ཡང་སྤྱི་ཚོགས་འདིའི་ཟ་འདྲེ་ཉག་གཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།་་དེ་ལས་ལྡོག་དེ་བག་ལེབ་དང་ལང་ཧྥིས་ཚུན་ཆད་ཀྱི་ཚོང་ལས་རེ་ཉར་ནས་རང་ཁ་རང་གསོ་ལ་འབད་ཀྱིན་པ་དང་།་་་ཟ་ཁང་གི་གཡོག་ལས་རེ་མ་གཏོགས་མ་རེག་ནའང་ཨུ་ཚུགས་ཀྱིས་འཐམ་མཁན་ཚོ་ལ་ངས་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད།་་ལས་མེད་ཀྱི་དཀའ་ངལ་ཟེར་བ་དེ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ནང་ལའང་མུ་འཐུད་དུ་གནས་བཞིན་པ་ཞིག་ཡིན་པས་འབད་བརྩོན་ཇི་ལྟར་བྱས་ཀྱང་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ནས་དཀའ་ངལ་དེ་གཙང་སེལ་བྱེད་མི་ཐུབ་པ་དེ་ཡང་མཁྱེན་དགོས་པ་ཞིག་རེད།་་༼གཞོན་རབས་པ་ཚོ་སྙིང་རྗེ་ས་གང་ཡིན་ནའང་མི་འདུག༽ཟེར་བ་ནི་ཧ་ཅང་ཐལ་དྲག་པ་རེད།་་བལ་ཡུལ་སྣེ་ལེན་ཁང་ནས་བཟུང་གོ་བསྒྲིག་ངེས་ཅན་ཞིག་གི་འོག་སློབ་གྲྭ་འགྲོ་མཁན་སློབ་གྲྭ་དང་གྲྭ་ས་འགྲོ་མཁན་གྲྭ་སར་སྐྱེལ་བཞིན་པ་འདི་སྙིང་རྗེ་བ་མིན་ན་གང་རེད།་་ང་རང་ཉིད་ནི་རྒྱ་གར་ལ་སླེབས་ནས་མི་ལོ་བཅོ་ལྔ་ལྷག་གི་རིང་འདིར་དམིགས་བསལ་གྱི་ཁེ་བཟང་འཕར་མ་གང་ཡང་རེག་མ་མྱོང་མོད་བཙན་བྱོལ་བོད་གཞུང་གི་བཀའ་དྲིན་ནི་དུས་ནམ་ཡང་འཇལ་ཐུབ་དཀའ་བ་ཞིག་ལ་ངོས་འཛིན་ཀྱིན་ཡོད།

    Reply
  5. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    ཐུགས་རྗེ་ཆེ། གཞོན་རབས་ཉམ་ཐག་ཚོ་སྙིང་རྗེ་ས་གང་ཡིན་ནའང་མི་འདུག་ དཀའ་ངལ་ཡོད་པ་མཐོང་གི་ལོས་ཡོད། མི་འགའ་ཤས་ཤིག་ལ་ལས་དཀའ་མེད་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་འདུག་ དེ་ཚོ་ལ་ཅི་ཡང་མེད་པ་དེ་ཐབས་སྐྱོ་བོ་རེད།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྗེས་སུ་ཡི་རང་ཡོད།
    ཆེ་བཀུར་ཆུང་བྱམས་ལས་སུ་བརྩོན་པ་དེ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་ཆེས་བཟང་བོ་ཞིག་ཡིན་ན་ཡང་། ད་ལྟའི་འཆར་བོད་ཕྱི་ནང་གཉིས་སུ་དེ་ནི་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས་མཐོང་ཚུལ་མི་མང་བོ་ཞིག་ལ་ཡོང་གི་འདུག་ན་དེའི་ཐད་དུ་སྤུན་གྲོགསཁྱེད་ཅག་ལ་བསམ་ཚུལ་གང་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese