མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦེལ་ཀོབ་ཏུ་ཆབ་སྲིད་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp
དེང་སྐབས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྐབས་གཞོན་སྐྱེས་མང་བོ་ཞིག་གིས་མཉམ་ཞུགས་བྱེད་ཀྱིན་འདུག འདི་བོད་དོན་འཐབ་རྩོད་ཁྲོད་ཀྱི་གཏམ་བཟང་དེ་རེད་ཟེར།
ཕྱི་ཚེས་ ༡༢ ཉིན་འོད་དཀར་དྲ་ཚིགས་ཀྱིས་གོ་སྒྲིག་འོག་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ཀྱིས་སྦེལ་ཀོབ་བདེ་སླར་མི་དམངས་ཚོགས་ཁང་དུ་གྲྭ་བ་དང་མི་མང་ ༥༠༠ ལྷག་ལ་ཆབ་སྲིད་ཀྱི་ཟབ་སྦྱོང་ཞིག་སྤྲད་པ་དང་། མཇུག་མཐར་མི་དམངས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
ཉིན་དེར་བོད་དོན་ཆབ་སྲིད་པ་བསྟན་འཛིན་བརྩོན་འགྲུས་ཁོང་གིས་གསུངས་དོན། ང་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཟེར་བ་འདི་ལ་ནམ་ཡང་མཇུག་སྒྲིལ་རྒྱུ་ཡོད་པ་མ་རེད། མུ་མཐུད་དེ་སྤེལ་དགོས་པ་རེད། དེ་བཞིན་གཞོན་སྐྱེས་ཚོས་འདིའི་སྟེང་ལ་འགན་མང་ཙམ་འཁུར་དགོས་ཀྱི་འདུག མི་རབས་རྒན་པའི་དཀའ་ལས་མང་བོ་བརྒྱབས་པར་བརྟེན་ནས་ད་ལྟའི་གཞིས་ཆགས་ཁག་འདི་དག་གྲུབ་པ་རེད། ད་ལྟ་ང་ཚོས་གཞིས་ཆགས་ཁག་སྲ་བརྟན་གཏོང་རྒྱུ་ལྟ་བུར་དེ་ཙམ་ཤུགས་རྒྱག་དགོས་ཀྱི་མི་འདུག དེ་བས་སློབ་སྦྱོང་འཐོལ་བ་ག་རེ་སྦྱོང་ཐུབ་ཀྱི་རེད། ནུས་པ་གསར་བ་ག་རེ་འདོན་ཐུབ་ཀྱི་རེད། དེའི་སྟེང་ལ་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་དང་། ང་ཚོ་སྐྱབས་བཅོལ་ནས་མུ་མཐུད་དེ་གཞིས་ཆགས་ནས་མི་ཚེ་བསྐྱལ་རྒྱུ་དེ་འདྲ་མ་རེད། མཐའ་མར་རང་གི་ཕ་ཡུལ་དུ་ལོག་དགོས་པ་རེད། འདིར་ང་ཚོས་སྦྲག་སྦྲག་དང་ལག་ཐོགས་ཁ་པར་རྫིག་པོ་རེ་ཁྱེར་ཏེ། རང་ཉིད་ལ་ཧང་སང་གི་ཡོད་སྲིད་ནའང་། རང་ས་ལག་མཐིལ་ཙམ་ཞིག་མེད་དུས་རྒྱ་གར་ཡུལ་མི་དང་ཕྱི་གླིང་བའི་མི་ཚོས་ང་ཚོ་ལ་གད་མོའང་འཆོར་གི་ཡོད་སྲིད་པ་ཞིག་རེད་ཅེས་ཀྱང་གསུངས།
ཡང་ཁོང་གིས་མང་བོ་ཞིག་གིས་རྒྱ་ནག་མི་འབོར་མང་བོ་རེད། སྟོབས་ཆེན་རྒྱལ་ཁབ་རེད། ང་ཚོས་ཁོང་ཚོའི་ཁ་གཏད་ཆོག་གི་མ་རེད་ཟེར་གི་འདུག ཡིན་ནའང་། དེ་བསམ་བློ་གཏོང་ཕྱོགས་ནོར་བ་རེད། ང་ཚོས་རྒྱ་ནག་ལ་ཁ་གཏད་ནམ་ཡང་གཅོག་གི་ཡོད་པ་མ་རེད། གཅོག་དགོས་ཀྱི་ཡང་མ་རེད། ང་ཚོས་དམིགས་ཡུལ་ནི། ང་ཚོའི་རྒྱལ་ཁབ་ཁོང་ཚོས་འཕྲོགས་བཞག་པ་དེ་ཚུར་ལེན་དགོས་པ་དང་རང་དབང་སླར་གསོ་བྱ་དགོས་ཀྱི་དེ་རེད། རང་ཉིད་ལ་སྔར་བཞིན་རང་དབང་གི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱ་རྒྱུ་དེ་རེད་ཅེས་དང་། ཡང་ཁོང་གིས་དེང་སྐབས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་སྐབས་གཞོན་སྐྱེས་མང་བོ་ཞིག་གིས་མཉམ་ཞུགས་བྱེད་ཀྱིན་འདུག འདི་ནི་བོད་དོན་འཐབ་རྩོད་ཁྲོད་ཀྱི་གཏམ་བཟང་དེ་རེད་ཅེས་གསུངས་ཡོད།
ཁོང་སྦེལ་ཀོབ་ས་གནས་འདིར་མ་ཕེབས་པའི་སྔོན་དུ་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་ཏེ་ཆབ་སྲིད་ཟབ་སྦྱོང་སྤྲད་པ་དང་། འདིར་ཡང་མི་མང་དང་སེ་ར་བྱེས་སྨད་ཀྱི་གྲྭ་ཚང་གཉིས་ལ་ཟབ་སྦྱོང་སྤྲད་རྗེས། ཧོང་སུར་དང་ཀོ་ལི་གྷལ་དུའང་ཕེབས་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༡༠ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 5

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    དྲ་གྲོགས་རི་བོང་གིས་བཤད་ཟེར་བ་དེ་ག་རང་རེད་། བསྟན་བརྩོན་གྱིས་བཤད་པའི་་་ང་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་གི་མེད་། རྒྱ་དམར་གྱིས་ང་ཚོའི་རང་དབང་འཕྲོགས་སོང་པ་དེ་ཚུར་ལེན་ཐབས་བྱེད་ཀྱི་ཡོད་་་ཅེས་པ་འདི་ལ་ནང་འགལ་མི་འདུག་ནང་འགལ་འདྲ་བོའི་ཡོད་ན་དོན་ལ་ནང་འགལ་མེད་པར་ཁས་ལེན་ཏེ་་་འདྲ་བའི་ཆོས་ནི་དངོས་མ་ཡིན་་པས་སོ།
    འདི་ལ་ནང་འགལ་མེད་པ་མ་ཟད་རིན་ཐང་ཅནགྱི་གསུང་བཤད་གནང་འདུག་པས་ཉན་ཤེས་ན་ཆབ་སྲིད་བསམ་བློའི་ཁ་ཕྱོགས་སྟོན་པའི་གསུང་དུམ་གཅིག་རེད། རྣ་དང་སྐྲ་ལོ་རིང་ཡང་།། བློ་དང་སུག་ཐུ་ཐུང་བའི།།ང་དང་རི་བོང་ལྟ་བུའི།།

    Reply
  2. རི་བོང། says:
    ལོ་ 17 སྔོན།

    ང་ཚོས་རྒྱ་ནག་ལ་ཁ་གཏད་ནམ་ཡང་གཅོག་གི་ཡོད་པ་མ་རེད། གཅོག་དགོས་ཀྱི་ཡང་མ་རེད། ཅེས་དང་། ང་ཚོས་དམིགས་ཡུལ་ནི། ང་ཚོའི་རྒྱལ་ཁབ་ཁོང་ཚོས་འཕྲོགས་བཞག་པ་དེ་ཚུར་ལེན་དགོས་པ་དང་རང་དབང་སླར་གསོ་བྱ་དགོས་ཀྱི་དེ་རེད། ཅེས་པ་གཉིས་ལ་ནང་འགལ་འདྲ་བོ་ཞིག་ཤོར་བསྡད་འདུག། ང་ཚོའི་མི་མང་ཆེ་བས་༸གོས་ས་མཆོག་གི་ལད་ཟློས་རྐྱང་བྱེད་དུས་ང་དགོད་ཁ་ཤོར་གྱིན་ཡོད།

    Reply
  3. ཨ་མྱེ says:
    ལོ་ 17 སྔོན།

    མི་སུ་ཞིག་གིས་བོད་དོན་ལས་འགུལ་གང་ཞིག་སྤེལ་ན་ཡང་ངས་རྒྱབ་སྐྱོར་བྱེད་རྒྱུ་ཡིན།་་་་་རང་བཙན་དང་དབུ་མའི་ལམ་སོགས་ཐབས་ལམ་རེ་རེ་ཡོད་རེད།་་་་སྤེལ་དགོས་པ་གལ་ཆེན་རེད།

    Reply
  4. ཨ་མྱེ says:
    ལོ་ 17 སྔོན།

    མི་སུ་ཞིག་གིས་བོད་དོན་ལས་འགུལ་གང་ཞིག་སྤེལ་ན་ཡང་ངས་རྒྱབ་སྐྱོར་བྱེད་རྒྱུ་ཡིན།་་་་་རང་བཙན་དང་དབུ་མའི་ལམ་སོགས་ཐབས་ལམ་རེ་རེ་ཡོད་རེད།་་་་སྤེལ་དགོས་པ་གལ་ཆེན་རེད།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཟབ་སྤྱོང་འདི་ལྟར་གནང་པ་དངོས་ནས་ཡག་པོ་རེད། ཡིན་ཡང་། ཟབ་སྤྱོང་འདི་ཐོབ་མཁན་གྱི་སྐྱེ་བོ་དང་ཟབ་སྤྱོང་འདི་སྤྲོད་མཁན་གྱི་མི་སུ་ཞིག་ཡིན་ཡང་། བོད་དོན་ནི་རང་གི་འཚོ་བ་ལས་གལ་ཆེན་ཏུ་བཟུང་ཉིན་ད་གཟོད་བོད་དོན་ལ་རེ་བ་ཞིག་ཡོད་པ་ལས། ཟབ་སྤྱོང་ཁྲི་སྟོང་ལས་བརྒལ་བ་ཐོབ་ཀྱང་དེ་ཙམ་མོ། འདི་ནི་ང་རང་གི་དྲན་ཕྱོགས་ཤིག་བཤད་པ་ལ་སྤུན་གྲོགས་དག་གིས་མི་འདོད་པ་ཡོད་ན་ཐད་ཀར་སྐྱོན་བརྗོད་གནང་ན་འགྲིག་གི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese