མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་དམ་དྲག

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སྔོན་གྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་གྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་བོད་མི་རྣམས་ཕུ་བྲོས་མདོ་བྲོས་བྱེད་བཞིན་ཡོད་འདུག་པ་དང་། ལས་འགུལ་ནང་ཞུགས་མཁན་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་ ༡༣ ཉིན་ལྷ་སར་གནས་སྡོད་ཕ་ཡུལ་སྡེ་དགེ་འཇོ་མདའ་ཁ་སྒང་ནས་ཡིན་པ་འཕྲིན་ལས་ལྷུན་གྲུབ་འཛིན་བཟུང་གིས་ཁྲིད་ཟིན་པ་དང༌། ཁོང་ནི་ཕྱི་ཚེས་ ༧ ཉིན་ལྷ་སའི་ལས་འགུལ་ནང་ཞུགས་མཁན་ཞིག་ཡིན་པ་དང་ལྷ་ས་ནས་ཕྱི་ལོག་ཏུ་འབྲོ་རྩིས་བྱེད་བཞིན་པའི་སྐབས་གློ་བུར་དུ་འཛིན་བཟུང་བྱས་འདུག ན་ནིང་ཡང་ཁོང་འཛིན་བཟུང་བྱས་ནས་གང་འཚམ་བཀག་ཉར་བྱས་ཡོད་པ་རེད། ད་དུང་ལྷ་ས་ནས་ནག་ཆུ་དང་ཆབ་མདོ་སོགས་སུ་འགྲོ་སའི་འགག་སྒོ་རྣམས་བཀག་སྟེ་ཤིན་ཏུ་དམ་དྲག་བྱེད་བཞིན་པ་སོགས་ལྷ་སའི་ཉེ་འཁོར་ཛ་དྲག་གི་གནས་སུ་ལྷུང་ཡོད་འདུག་པ་དང༌། ཁ་སྔོན་གྱི་ས་ག་ཟླ་བའི་ཚེས་ ༡༥ ཉིན་གྱི་གནས་ཚུལ་དང་འབྲེལ་བ་ཡོད་པའི་བོད་མི་རྣམས་ཕུ་བྲོས་མདོ་བྲོས་བྱེད་བཞིན་ཡོད་འདུག་པ་དང་། ལས་འགུལ་ནང་ཞུགས་མཁན་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་འདུག་ཅེས་ཁུངས་ལྡན་མི་སྣ་ནས་ཁོང་ལ་བརྗོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 9

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གྲོགས་གཞན་མིང་དགའ་ལབ་ན་ཅི་འདྲ་རེད། དེ་ཡང་མི་འཐད་ན་ཅུང་སྒུག་དང་ངས་མོ་གཅིག་འདེབས་ཆོག ཕལ་ཆེར་ཁྱོད་རི་སུའི་མི་ཞིག་མིན་འདྲ། ཨ་གསར་མིན་ན་ཅོལ་ཆུང་ཞིག་ཡིན་ནམ། གང་ལྟར་མི་རྩ་མེད་གཅིག་ཡིན་པ་ཐག་ཆོད།

    Reply
  2. Galaxy says:
    ལོ་ 17 སྔོན།

    ཨ་རིག་གླེན་རྒན། ང་ཡི་མིང་དེ་ནོར་འཁྲུལ་དང་ཨ་གསར་གཉིས་ཆར་གྱི་སྒོ་ནས་བཏགས་པ་མིན། དེས་ན་བསྒྱུར་བཅོས་སོགས་དགོས་དོན་མེད། ཁྱེད་ཀྱིས་གུ་རུ་རིན་པོ་ཆེའི་གསུང་ལ་བཅོས་བསྒྱུར་བྱེད་དགོས་མ་མཐོང་ན་གོང་དུ། རྒྱ་དམར་འཇིག་པའི་དམག་གི་མཐའ་བསྐོར་ཚེ། སོགས་ཁྱེད་ཀྱིས་ཅི་ལ་བཅོས་བསྒྱུར་བྱས། རང་ཚིགས་དངོས་འགལ་དེ་འདྲ་མ་ལབ། མ་གཞི་ཁྱེད་ཀྱིས་བོད་གངས་ཅན་པའི་ལྷ་སྐལ་གུ་རུ་རིན་པོ་ཆེའི་གསུང་ལ་སློབ་སྤྱོང་བྱེད་ན་རང་ཡང་རྗེས་སུ་ཡི་རངས་དང་བཅས་དེ་དགའ་བསུ་ཡོད། ཡང་གོང་དུ་ཁྱེད་ཀྱིས། ཁྱེད་རུ་སུའི་མི་ཞིག་གིས་ ཞེས་པ་དེ་ཡིག་ནོར་མིན་ན་ཁྱེད་ཀྱིས་ད་དུང་ཡང་བོད་ཀྱི་ཐ་སྙད་གཞི་ནས་སྦྱང་དགོས་ངེས་རེད།

    Reply
  3. གངས་ཅན། says:
    ལོ་ 17 སྔོན།

    དེང་སང་ཨ་མདོ་རེབ་སོགས་སུ་ཡང་རྒྱ་གཞུང་གིས་གྲྭ་བའི་གྲངས་འབོར་ལེན་བཞིན་འདུག་ཟེར་ལ། ད་ཐེངས་བླངས་པའི་གྲངས་འབོར་དེ་དབུས་གཞུང་དང་ཞིང་ཆེན་དུ་ཉར་ཏེ། རྗེས་ཕྱོགས་དེའེ་སྟེང་གྲངས་ཀ་འཕར་ན་ཁྲིམས་འགལ་ཡིན་པར་བརྗོད་པ་དང་། དགོན་པ་ལ་ལྕགས་ར་སྐོར་བ། བརྙན་འཕྲིན་སྤྲོད་པ། བཤད་ཚོད་ལ་ཡོད་བཞིན་པའི་གྲྭ་བ་རྣམས་ཟླ་ཕོགས་སྤྲོད་རྒྱུ་རེད་ཟེར། དེ་ནི་ལོ་སྔོན་མར་ངོ་རྒོལ་བྱེད་མཁན་རྣམས་གྲྭ་བ་ཡིན་པས་དེ་ལ་དམིགས་པ་ཞིག་ཡིན་པ་འདྲ་ཟེར། ད་དུང་སྒེར་གྱིས་བཙུགས་པའི་བརྙན་འཕྲིན་འཕྲིན་ལམ་བཀོག་དགོས་པ་དང་། དེ་རྣམས་གཞུང་གིས་འཛུགས་རྒྱུ་ཡིན་རབས་བཤད་ཀྱི་འདུག་ཟེར། སྒེར་གྱིས་བཙུགས་ན་ཁྲིམས་འགལ་ཡིན་ཟེར་གྱིན་འདུག་ཟེར། དེ་ལྟར་བྱས་ཚེ་རྗེས་ཕྱོགས་ཨ་རུ་རླུང་འཕྲིན་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལ་ལྟ་ཉན་བྱེད་ཐུབ་རྒྱུ་མ་རེད་ཟེར། ཁོ་ཚོས་སེམས་ཁྲལ་ལ་དེང་སང་བོད་ནང་དུ་གྲྭ་བ་དང་གཞོན་སྐྱེས་དེ་ཚོའི་བསམ་བློ་ན་ནིང་དང་ད་ལོ་གཉིས་རྦད་དེ་ལོགས་ཀ་ཆགས་འདུག་ཟེར། ཁོ་ཚོས་བཤད་པ་ལ། ང་ཚོ་འདི་ནས་སྲོག་ཉེན་ལ་མ་འཛེམས་པར་ལས་འགུལ་སྤེལ་ཡང། རྒྱ་གར་རང་དབང་ལུང་པ་ཡིན་ན་ཡང་དམིགས་བསལ་ཞིག་བྱེད་ཐུབ་ཀྱི་མི་འདུག་ཟེར། དེང་སང་མི་ཚང་རང་ཟོན་ཆེན་པོ་ཞེ་བོ་འདུག་ཟེར། ད་དུང་ཁོང་གིས་སློབ་གྲྭ་ཁག་གི་ཡིག་རྒྱུགས་སྔོན་མ་ཁག་ཏུ་བཏང་འདུག་པ་དང། ང་ཚོས་འདི་ནས་རྒྱ་གཞུང་གིས་བཤད་སྟངས་དང་ལས་སྟངས་ལ་བལྟས་ན་བོད་དོན་ལ་རེ་བ་ཡོད་རྒྱུ་མ་རེད་དྲན་གི ཡང་ཨ་རི་རླུང་འཕྲིན་དང་ཨེ་ཤ་ཡ་ལ་ཉན་ན་རེ་བ་ཡོད་པ་ལྟ་བུ་ཞིག་འདུག མགོ་རྨོངས་ནས་ཅི་ཡིན་བཤད་ཤེས་ཀྱི་མི་འདུག་ཟེར། ཕྱོགས་གཞན་ཞིག་ནས་བོད་པའི་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་ཡིན་པ་ལྟ་བུ་ཞིག་ཀྱང་བཤད་ཀྱི་འདུག འདི་ཚང་བཤད་ཐོག་ནས་བསྡད་ན། གང་ལྟར་འདི་ཚང་ལ་རློམ་བཏང་རྒྱུ་མེད་ཀི

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གྲོགས་པོ་གཞན་མིང་ཅན་ལགས་དགོང་པ་མ་འཚོམ་ཕལ་ཆེར་གཞན་མིང་དེ་ཁྱེད་ལ་ཕོག་སོང་བ་འདྲ་དེ་ལྟར་ཡིན་ན་ཁྱེད་ཀྱིས་གཞན་མིང་ཐེབས་ཆག་དེ་བསྒྱུར་ཆོག་གི་རེད་། མི་སུ་ཡིན་ཡང་ནོར་འཁྲུལ་ཤོར་སྲིད་པས་དང་པོ་ཁྱེད་ཀྱི་ཨ་གསར་གྱིས་གཞན་མིང་བཏགས་ཟིན་ཡང་འགྱོད་པ་དང་བཅས་སྟེ་བསྒྱུར་ན་ཕྱིས་ཡོད་པ་མ་རེད། དོན་མེད་དོགས་འདྲོག་མ་བྱེད་ད་དུང་གུ་རུ་རིན་པོ་ཆེའི་གསུང་ལ་བཅོས་བསྒྱུར་བྱེད་དགོས་མ་མཐོང་། བརྒྱ་ལ་དགོས་གལ་བྱུང་ན་འཛེམ་མེད་བཤད་རྐྱང་བྱོས་དང་ཕྲན་གྱིས་ཁུར་ཏུ་ལེན་ཆོག མ་གཞི་ཁྱེད་རུ་སུའི་མི་ཞིག་གིས་ངེད་བོད་གངས་ཅན་པའི་ལྷ་སྐལ་གུ་རུ་རིན་པོ་ཆེའི་གསུང་ལ་སློབ་སྤྱོང་བྱེད་ན་རང་འདོད་རེད་མ་གཏོགས་ཇུས་གཏོགས་མ་བྱས་བཟང་།
    ཐུགས་རྗེ་ཆེ།

    Reply
  5. Galaxy says:
    ལོ་ 17 སྔོན།

    ཨ་རིག་གླེན་རྒན། གུ་རུའི་གསོལ་འདེབས་བསམ་པ་ལྷུན་འགྲུབ་སོགས་གསུངས་བ་པོ་གུ་རུ་རིན་པོ་ཆེ་དང་ཞུ་བ་པོ་བོད་ཀྱི་རྗེ་འབངས་སྙིང་གི་བུ་བདུན་རེད། ཁོང་དམ་པ་རྣམས་ཀྱི་གསུངས་ལ་ཁྱོད་ཀྱིས་རྟོག་བཟོ་ངན་པའི་སྒྲོ་དཀུར་མ་བྱེད། ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་བདེན་གསུངས་བྱིན་རླབས་ཅན་ཚོ་ལ་བརྒྱུར་བཅོས་མ་བྱས་ན་ཕན་ཡོན་དང་ནུས་པ་དེའི་ཆེ། སྔར་བོད་ཀྱི་མཁན་སློབ་ཆོས་གསུམ་ནས་བཟུང་ད་བར་དུ་གསོལ་འདེབས་ལིའུ་བདུན་མ་འདི་ལ་མཁས་པ་སུས་ཀྱང་བརྒྱུར་བཅོས་མ་མཛད་ལ་མི་དགོས་ན། ད་ལྟ་གླེན་རྒན་བབ་ཅོལ་སྨྲ་བ་ཁྱོད་ཀྱི་བརྒྱུར་བཅོས་བྱེད་པ་འདི་ནི་ངོ་མ་གླེན་རྟགས་དང་ལྟས་ངན་པ་ཞིག་རེད།

    Reply
  6. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ་་ཅེས་པ་དེ་དགྲ་ཤ་ལེན་ཆེད་དང་རང་རྒྱལ་གཞན་ཕམ་ཞིག་མ་རེད་།
    རྒྱ་དམར་འཇིག་པའི་དམག་གི་མཐའ་བསྐོར་ཚེ།།
    ཡིད་གཉིས་ཐེ་ཚོམ་མེད་པར་འཐབ་རྩོད་བྱོས།།
    ང་ཉིད་ཞི་དྲག་གཉིས་ལྡན་འཁོར་དང་བཅས།།
    རྒྱ་དམར་དམག་སྣ་ཟློག་པར་ཐེ་ཚོམ་མེད།།

    Reply
  7. དུག་སྦྲང་གི་སྲས says:
    ལོ་ 17 སྔོན།

    རྒྱ་ཧོར་འཇིག་པའི་དམག་གི་མཐའ་བསྐོར་ཚེ་།
    ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ་།
    ང་ཉིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་།
    རྒྱ་ཧོར་དམག་སྣ་ཟློག་པར་ཐེ་ཚོམ་མེད་།

    འགུ་རུ་རིན་པོ་ཆེ་མཁྱེན་ད་ཡིན་ན་མགྱོག་པོ་ཕེབས་རན་རེད་།

    Reply
  8. དུག་སྦྲང་གི་སྲས says:
    ལོ་ 17 སྔོན།

    ཨཨ

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    འོ་དོད་འབོད་པ།
    ཞི་བདེ་དང་དྲང་བདེན་ལ་དགའ་བའི་ཕུལ་བྱུང་གི་མི་སྣ་དག་དང་། བསྟན་པ་འགྲོ་བ་ལ་ཕན་པར་བཞེད་པའི་ཆོས་སྐྱོང་སྲུང་མ། དེ་བཞིན་ནག་ཕྱོགས་ལ་མི་དགའ་བའི་རྒྱལ་བཙན་ལ་སོགས་པ་འཇིག་རྟེན་གྱི་ཁམས་འདིར་ཡོད་ན། ཉམ་ཐག་གངས་ཅན་པ་ང་ཚོར་ཅི་ཕྱིར་མི་གཟིགས་མི་སྐྱོབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese