མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲགས་འགུལ་ཅི་ཡང་མེད་པ་དེའང་སྐད་ཤུགས་ཆེན་པོ་ཞིག་རེད། འོད་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

འོད་ཟེར་གྱིས་བརྩམས། དོན་གོས་བསྒྱུར།

ཉེ་ཆར་ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པས་ང་ལ་འཕྲིན་ཡིག་ཞིག་བསྐུར་ཡོང་སྟེ། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་བྱུང་སྟེ་མི་ལོ་ ༢༠ འཁོར་བའི་དུས་དྲན་བགྲོ་གླེང་ཞིག་ཏུ་མགྲོན་འབོད་གནང་སོང་ལ། དེའི་སྟེང་བརྗོད་གཞི་གསུམ་གྱི་ཐོག་བགྲོ་གླེང་བྱ་དགོས་ཚུལ་བརྗོད་བྱུང། དང་པོ། འདས་པའི་རྒྱ་གཞུང་གི་སྲིད་བྱུས་ཁ་གཏད་དུ་ལངས་པའི་མི་སྣ་དེ་དག་སྐབས་དེའི་གནས་སྟངས་གང་འདྲ་ཞིག་གི་འོག་འཚོ་གནས་བྱས་ཏེ་རང་ཉིད་ཀྱི་དངོས་ཡོད་ཇི་ལྟར་འགྲེལ་བརྗོད་བྱས་ཡོད་ཚུལ་དང་། གཉིས་པ། ང་ཚོས་ད་ལྟའི་རྒྱ་ནག་གི་སྲིད་བྱུས་འདི་ལས་གུ་ཡངས་ཀྱི་རྣམ་པ་མཐོང་གི་འདུག་ཅེས་བཤད་ཕོད་དམ། གལ་སྲིད་མེད་པ་ཡིན་ན་དཀའ་ངལ་གང་ཞིག་ལ་ཐུག་འདུག་བསམ། གསུམ་པ། རྒྱ་ནག་དབང་འཛིན་པས་རང་ཉིད་ཀྱི་ལྟ་ཚུལ་བཞིན་ལག་བསྟར་བྱས་པའི་སྲིད་བྱུས་དེ་ཁྱེད་རང་གི་རེ་བ་བཞིན་འབྱུང་སྲིད་དམ། ཅེས་དྲི་བ་ཁག་ཅིག་དྲིས་བྱུང།

དོན་དངོས་ཐོག་བཤད་ན། དྲི་བ་འདི་དག་ནི་ནམ་རྒྱུན་ངས་བསམ་བློ་གཏོང་བཞིན་པའི་གནད་དོན་དང་གཅིག་མཚུངས་ཡིན་སྟབས། ངས་འདི་ལྟར་ལན་བསྐུར་བ་ཡིན།   སྤྱི་ལོ་ ༡༩༨༩ ལོའི་དུས་སྐབས་དེ་དང་ད་ལྟའི་གུ་ཡངས་ཀྱི་རྣམ་པ་བསྡུར་ཐབས་མི་འདུག ༡༩༨༠ ལོའི་དུས་དེ་ནི་སྤྱི་ཚོགས་ཁྱོན་ཡོངས་སུ་རིག་གནས་ཀྱི་ཚ་རླབས་ཤིག་འཕྱུར་བཞིན་པའི་དུས་སྐབས་ཤིག་ཡིན་པ་དང་། སྐབས་དེའི་མི་རྣམས་ཀྱིས་སྤྲང་བོ་ཟས་ལ་རྔམ་པ་ལྟར་ལོ་ཟླ་དེའི་ནང་རིག་གནས་གསར་བ་དང་བསམ་བློ་གསར་བ་ནང་འདྲེན་བྱས་པ་མ་ཟད། སྨྲ་བརྗོད་ཀྱི་རང་དབང་ཡང་ད་ལྟའི་དུས་དང་བསྡུར་ན་ཚད་མཐོན་པོ་ཡོད། ད་ལྟ་རྒྱ་ནག་དཔལ་འབྱོར་མ་རྩ་རིང་ལུགས་ཀྱི་ལམ་དུ་སྐྱོད་ཀྱིན་ཡོད་ནའང། ཆབ་སྲིད་ཀྱི་ཕྱོགས་ནས་ཏང་གཅིག་གི་སྒེར་གཅོད་ཀྱི་འོག་ཏུ་ལྷག་ཡོད་ལ། མི་མང་གི་སྨྲ་བརྗོད་རང་དབང་དང་ཆོས་ལུགས་དད་མོས་དེ་ཕྱིར་རིག་གསར་གྱི་དུས་སྐབས་སུ་ཕྱིར་ལོག་རྒྱག་བཞིན་པའི་རྣམ་པ་མངོན་ཡོད། དེ་བཞིན། དབང་འཛིན་མི་སྣས་ནང་ཁུལ་དུ་ཁེ་ཕན་ཁོ་ནར་དམིགས་ཏེ་ཚོགས་སྡེ་འདྲ་མིན་གསར་འཛུགས་བྱས་ཡོད་པ་དང་། ཤེས་ལྡན་མི་སྣས་མི་ཆོས་ལ་དོ་ཁུར་མི་བྱེད་པ། མི་རིགས་གཞན་གྱི་འགྲོ་བ་མིའི་རང་དབང་རྡོག་རོལ་དུ་གཏོང་བཞིན་པ། སྤྱི་ཚོགས་ཀྱི་ཀུན་སྤྱོད་ཚད་གཞི་ཉམས་དམས་སུ་འགྲོ་བཞིན་ཡོད་པ། འགྲོ་བ་མིའི་གནས་སྟངས་དེ་འཇིགས་སྣང་གི་གནས་སུ་གྱར་ཡོད་པ་སོགས་གནད་དོན་རིམ་བཞིན་འབྱུང་གི་ཡོད། 

དེ་བཞིན། དེང་སྐབས་རྒྱ་ནག་དང་སྲིད་བྱུས་ལངས་ཕྱོགས་མི་མཐུན་པའི་རིགས་ཀྱི་བར་སྟོང་ཆུང་དུ་འགྲོ་བཞིན་ཡོད་ལ།  དེ་ནི། རྒྱ་ནག་གི་ཤེས་ཡོན་པ་དག་གིས་གཞུང་གི་སྐྱོན་བརྗོད་པ་དང་ངོ་རྒོལ་གྱི་རྣམ་པ་སྟོན་མི་ཐུབ་པར། དེ་ལས་ལྡོག་ཏེ་རྒྱ་ནག་གཞུང་གི་གཡོག་པོ་ལྟ་བུ་དང་སྨྲ་ལྕེ་གཉིས་པ་ཆགས་ཡོད་ལ། དེ་ལྟར་མ་སྒྲུབ་ཚེ་ཁོང་ཚོའི་འཚོ་གནས་ལ་དཀའ་ངལ་སྤྲོད་བཞིན་ཡོད་འདུག  གལ་སྲིད། རྩོམ་པ་པོ་ཞིག་གིས་བརྩམས་ཆོས་སུ་རང་ཉིད་ཀྱི་དངོས་ཡོད་དང་མངོན་སུམ་གྱི་འཚོ་བ་ཞིག་ཞིབ་འབྲེི་བྱས་ཚེ། དེའི་མགོ་ཐོག་ལ་དབང་འཛིན་པའི་དྲག་ཤུགས་དང་ཁྲིམས་ལུགས་ལག་བསྟར་བྱེད་ཀྱིན་པ་མ་ཟད།  སྨྲ་བརྗོད་རང་དབང་དང་རྩོམ་ཡིག་འགྲེམས་སྤེལ་གྱི་དབང་ཆ་གཞུང་བཞེས་གཏོང་གི་རེད་ལ།  ཆེས་ཚབས་ཆེ་བ་ནི་རྩོམ་པོ་པོ་དེ་དག་གི་རང་དབང་གི་ཐོབ་ཐང་མེད་པ་བཟོ་རྒྱུ་དེ་རེད། ཡིན་ཡང།  འདི་དག་གི་རྐྱེན་གྱིས་རྒྱ་ནག་གིས་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱ་མི་སྲིད་ཅེས་བརྗོད་དཀའ། ལོ་འདི་དག་ཏུ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་ལག་བསྟར་ཐད་གླེང་སློང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན་སྤྱི་དམངས་ཀྱི་འདུ་ཤེས་མཐོ་རུ་འགྲོ་བཞིན་ཡོད།  འདི་ནི་དྲ་ལམ་དུ་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་བ་མང་དུ་འགྲོ་བཞིན་པར་བརྟེན་ཤེས་ལྡན་མི་སྣའི་ལས་དབང་ལ་འཕོ་འགྱུར་བ་བྱུང་ཞིང་། དེ་མཚུངས་མཐའ་འཁོར་གྱི་ཤེས་ལྡན་པ་དག་གི་སྐད་གདངས་ཀྱང་དྲ་ལམ་བརྒྱུད་དེ་ཕྱི་རོལ་གྱི་ཡུལ་གྲུ་ཀུན་ཏུ་ཁྱབ་ཐུབ་ཀྱིན་ཡོད་པས་རེད། ངས་རང་ཉིད་ཀྱི་ཉམས་མྱོང་དང་དངོས་ཡོད་ཀྱི་བྱུང་བ་ལས་དྲ་ལམ་གྱི་གལ་ཆེན་རང་བཞིན་གསལ་བོར་རྟོགས་ཐུབ་ཀྱིན་འདུག  དྲ་ལམ་འདིས་གཞུང་དང་ལངས་ཕྱོགས་མི་མཐུན་པ་ཚོར་མཁའ་དབྱིངས་གཞན་ཞིག་བཟོ་སྐྲུན་བྱས་ཡོད་ལ། དེ་ལས། རྫུན་བཟོ་དང་དངོས་ཡོད་ཀྱི་ལམ་ནས་འཚོ་ལམ་གྱི་བར་སྟོང་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱིན་ཡོད་པ་རེད། དྲ་ལམ་གྱི་ནུས་སྟོབས་འདིར་དབང་འཛིན་མི་སྣ་ཇི་འདྲ་ཞིག་གིས་ཀྱང་གནམ་འོག་ལ་ཁྱབ་པའི་གནས་ཚུལ་འགེབས་སྲུང་བྱ་མི་ཐུབ་པའི་ནུས་པ་ཞིག་ཡོད་པ་རེད།

ང་རང་བོད་མི་ཞིག་ཡིན་ལ། ངས་རང་ཉིད་ཀྱི་སྐད་གདངས་འདི་བོད་ཀྱི་ཆེད་དུ་གྱེར་བཞིན་ཡོད། ངས་དེབ་རྩོམ་པ་དང་དྲ་ལམ་གྱི་ཟིན་བྲིས་སྒོ་འབྱེད། གསར་ལམ་སོགས་བརྒྱུད་དེ་ནང་སེམས་ཀྱི་སྐད་གདངས་ཕྱི་རུ་གྱེར་བ་ནི། ང་རང་གཞུང་དང་ལྟ་བ་མི་མཐུན་པའི་རྩོམ་པ་པོ་ཞིག་འཚོ་སྟངས་ཤིག་ཏུ་གྱུར་ཡོད་སྟབས། ༢༠༠༥ ལོ་ནས་རྒྱ་གཞུང་གིས། ངའི་ཟིན་བྲིས་ཐེངས་གསུམ་ལ་སྒོ་བརྒྱབས་པ་མ་ཟད། ཕྱི་རོལ་གྱི་ཟིན་བྲིས་ཀྱང་སྒོ་བརྒྱབས་པ་རེད། ད་ལྟ་ངས་བེད་སྤྱོད་བྱེད་བཞིན་པ་འདི་ནི་ཐེངས་ལྔ་བའི་ཟིན་བྲིས་ཡིན། དྲ་རྒྱ་ནི་རལ་གྲི་ཁ་གཉིས་མ་ཞིག་དང་འདྲ་ལ།

སྲིད་དབང་སྒེར་གཅོད་པ་དག་གིས་འདི་རང་གི་དམིགས་ཡུལ་སྒྲུབ་ཐབས་སུ་བེད་སྤྱོད་གཏོང་སྲིད་པ་དང་། མཐར་རང་དབང་གི་སྐད་སྒྲ་སྒྲོག་མཁན་རྣམས་བཙོན་རྭ་ཞིག་ཏུ་འཇུག་ངེས་པ་ཡིན།

དུས་རབས་ཕྱེད་ཀའི་རིང་འདིར། རྒྱ་ནག་གཞུང་འཛིན་པས་བོད་ཐོག་བཀོལ་བའི་དབང་ཤུགས་དང་གནས་ཚུལ་ཞིབ་བརྗོད་བཅས་ལ་བལྟས་ཚེ། ཁོང་ཚོས་བོད་རྒྱལ་ཁབ་དང་མི་རིགས་འདི་ཉིད་ཡུན་རིང་དབང་བསྒྱུར་དང་ལོ་རྒྱུས་དང་དངོས་ཡོད་སྤྱི་ཚོགས་ཁྲོད་ནས་མེད་པར་བཟོ་བཞིན་པ་དང་དྲག་སྤྱོད་ཀྱི་བྱེད་ལས་དེ་དག་འགེབས་སྲུང་བྱས་ཏེ། བོད་ཀྱི་རང་དབང་གི་ནུས་པ་ཡོད་ཚད་ཁོང་ཚོ་རང་ལག་ཏུ་ཡོད་པར་འདོད་ཀྱིན་ཡོད། ཡིན་ཡང། འཛམ་གླིང་རྒྱ་ཆེ་ཞིང་བར་སྟོང་གང་མང་ཞིག་ཀྱང་རིམ་གྱིས་ཆེ་རུ་འགྲོ་བཞིན་ཡོད་སྟབས།  གདུག་རྩུབ་དང་དྲག་གནོན་གྱི་ལོ་རྒྱུས་མུན་ནག་ཁྲོད་ཇི་ལྟར་སྤས་སྐུང་བྱས་ཀྱང་། བོད་མི་གང་མང་ཞིག་གི་སྙིང་སྟོབས་དང་རྣམ་དཔྱོད་ཀྱིས་དངོས་ཡོད་ཀྱི་ཁུངས་གསལ་བོར་བརྟོལ་ཐུབ་ཡོད། གནས་སྟངས་འདི་དག་ལ་བལྟས་ཚེ་ང་ཚོར་རྒྱུན་འཁྱོངས་དང་བཟོད་སྲན་དགོས་པ་རེད། སྤུན་ཟླ་གྲངས་མེད་ཅིག་དམར་གསོད་དང་མནར་གཅོད་ཁྲོད་གནས་ཡོད་ཀྱང་། ང་ཚོ་ད་དུང་གྲགས་མེད་དུ་འདུག་དགོས་བྱུང་ཡོད། ཡིན་ཡང། དྲ་ལམ་གྱིས་སྐད་གདངས་དབྱངས་སུ་གྱེར་མི་ཐུབ་པ་ཚོར་སླར་གསོན་གྱི་མཁའ་དབྱིངས་ཞིག་སྐྲུན་ཡོད་པ་མ་ཟད། མ་འོངས་པར་འདིས་རྒྱ་ནག་བསྒྱུར་བཅོས་གཏོང་ཐུབ་ཀྱི་རེད་ལ་བོད་མི་རིགས་ཀྱང་བསྒྱུར་བཅོས་གཏོང་ཐུབ་སྟབས།  འདི་ནི་ང་ཚོའི་བར་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་རེད་བསམ་ལ། གྲགས་འགུལ་ཅི་ཡང་མེད་པ་དེ་ལའང་སྐད་ཤུགས་ཆེན་པོ་ལྟ་བུའི་ནུས་པ་འདུག་སྙམ།།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 4

  1. མདའ་ཚན་ཚེ་རིང་། says:
    ལོ་ 17 སྔོན།

    གྲགས་འགུལ་ཅི་ཡང་མེད་པ་དེའང་སྐད་ཤུགས་ཆེན་པོ་ལྟ་བུའི་ནུས་པ་འདུག་ཞེས་པ་འདི་ག་རེའི་དོན་ཡིན་ན། གྲགས་འགུལ་ཅི་ཡང་མེད་ཚེ་ཤི་སོང་བ་དང་གཅིག་པ་མ་རེད་དམ། འདི་བསྒྱུར་སྐྱོན་ཡིན་ནམ།

    Reply
  2. ཟུར་མཁར་ says:
    ལོ་ 17 སྔོན།

    གྲགས་འགུལ་མེད་ན་གཉིད་ཁུག་པའམ་ཡང་ན་ཤི་བ་དང་གཅིག་མཚུངས་མ་རེད་པས། གྲགས་འགུལ་ཅི་ཡང་མེད་ན་ཕྱི་རོལ་ཡུལ་ནས་བོད་ཀྱི་བདེ་སྡུག་དང་གནས་སྟངས་ངོ་མ་ག་ལ་རྟོགས། རྟོགས་ཐུབ་ལེ་མ་རེད་གོ

    Reply
  3. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    འོད་ཟེར་ལགས་འཚམ་འདྲི་བསུ་མ་དངོས་ལ་བཏང་ནི།
    ཞིབ་ཕྲ་བཀླག་རྗེས་བསམ་འཆར་འདོན་གི་ཡིན།

    Reply
  4. གནས་ཚང་། says:
    ལོ་ 17 སྔོན།

    ༼ཁོང་ཚོས་བོད་རྒྱལ་ཁབ་དང་མི་རིགས་འདི་ཉིད་ཡུན་རིང་དབང་བསྒྱུར་དང་༽ཞེས་པའི་ནང་གི༼བོད་རྒྱལ་ཁབ༽ཅེས་པ་བསྒྱུར་སྐྱོན་རེད། གལ་སྲིད་འོད་ཟེར་བཙོན་ཁང་དུ་འཇུག་རྒྱུར་དམིགས་མེད་ན་བསྒྱུར་བཅོས་གནང་རོགས། དེ་ལས་ལྡོག་ན། རྒྱ་གཞུང་གིས༼བདག་དབང༽སྒང་ནས་སོར་གང་ལའང་དམིགས་བསལ་སྤྲད་མི་སྲིད་པ་གསལ་བོ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese