མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲི་བུད་མེད་ཅིག་གདམ་འོས་མིན་སྐོར། མ་སངས་བརྩོན་རྒྱམ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་བུད་མེད་ཅིག་གདམ་འོས་མིན་སྐོར་གླེང་བ།

                           ངྷ་ས།  མ་སངས་བརྩོན་རྒྱམ། 

དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འདི་ཧ་ཅང་གི་ཟིང་ཆ་ཆེ་ཞིང། མིའི་རྣམ་དཔྱོད་ཀྱི་ནུས་པ་འགྲན་རྩོད་བྱེད་པའི་དུས་སྐབས་འདིར་གང་ཟག་སུ་ཞིག་ཡིན་རུང་རང་ཉིད་ཀྱི་བསམ་ཚུལ་བརྗོད་རྒྱུ་ནི་ཐོབ་ཐང་ཡིན་པས་དེ་ལ་དགག་བྱ་བྱེད་དོན་མེད་ལ་བྱེད་དགོས་པ་དེ་བས་ཀྱང་མེད། འོན་ཀྱང། བསམ་ཚུལ་དེ་རྒྱུ་མཚན་ཡང་དག་ཅིག་རེད་དམ་ནོར་བ་ཞིག་རེད། སྤྱི་ཚོགས་ཀྱི་ངོས་ནས་ཁ་གྲགས་གི་རེད། གང་ལྟར་ད་ལྟའི་སྤྱི་ཚོགས་འདིར་རྨོངས་གཉིད་ལས་སད་ནས་མ་འོངས་པ་བཀའ་ཁྲི་གསར་པ་འདེམས་སྟངས་སོགས་ཀྱི་ཐད་ལ་དགོངས་ཚུལ་མང་པོ་འབྱུང་བཞིན་པ་འདི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་པ་རྒྱལ་སྤྱིའི་གནས་ཚུལ་སོགས་ལ་གཟིགས་དང༌། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོའི་སྲིད་འཛིན་དང་སྲིད་བློན་སོགས་གང་འདྲ་བྱས་ནས་འདེམ་གྱིན་འདུག

 

ང་ཚོས་དེ་ལ་མིག་ལྟོས་དང་བསམ་ཚུལ་ཁག་ལ་ཉམས་ཞིབ་ཀྱིས་མིའི་བསམ་བློའི་ནུས་པ་གཅིག་ཏུ་བཏོན་ནས་ཡར་ཐོན་གྱི་རྣམ་པ་ཅན་དུ་བསྒྱུར་རྒྱུ་ང་ཚོའི་འོས་འགན་ཡིན་པས། དེ་ལ་སྣང་ཆུང་མི་བྱེད་པར་དེའི་ཐད་གོ་རྟོགས་གསར་བ་དང་ཐབས་ལམ་འདྲ་མིན་སྟོན་རྒྱུ་སོགས་འབད་བརྩོན་བྱེད་དགོས་སྙམ། གཙོ་བོ་གང་ཟག་རང་ཉིད་ཀྱི་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་ཕྱིར་རང་ཉིད་གཞན་དབང་དུ་མ་སོང་བར་རང་གིས་བརྟག་དཔྱད་བྱས་ནས་བོད་པའི་སྤྱི་ཚོགས་འདི་ལ་ཕན་ཐོགས་པ་དང༌། བོད་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཞུ་མཁན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་ཤར་སྐྱོད་བྱ་མཁན་ཞིག་བྱུང་ན་དེ་སྐྱེས་པ་དང་བུད་མེད་ལ་ཁྱད་པར་གང་ཡང་མེད།

 

རྒྱལ་ཁབ་གང་ཞིག་ཡིན་རུང་བརྟན་བརླིང་དང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་ནི་མི་རིགས་འདིའི་བསམ་བློའི་གོ་རྟོགས་དང་ཤེས་ཡོན་ལ་རག་ལས་ཡོད། དེའི་ཕྱིར་ཤེས་ཡོན་ཅན་དང་སྨྱུག་འཛིན་པ་ཚོའི་ཁ་ཕྱོགས་ནི་སྤྱི་ཚོགས་ཀྱི་བདེ་སྡུག་གླེང་བ་དང་མི་མང་ལ་སྣེ་ཁྲིད་བྱས་ཏེ། དེའི་འགན་དབང་ཁུར་ནས་མི་མང་གི་བསམ་བློའི་གོ་རྟོགས་ཡར་རྒྱས་ཡོང་བ་དང་ཆབ་སྲིད་ཐད་དོ་སྣང་ཡོང་ཐུབ་ཐབས་འབད་པ་དང༌། དེ་མཚུངས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་ཉམས་ཞིབ་བྱེད་རྒྱུ་དང་དེའི་ཐད་བསམ་བློའི་གོ་རྟོགས་གསར་བ་སྤེལ་ཐབས་གང་ཡོད་སོགས་ལ་བགྲོ་གླེང་གིས་རྒྱུས་ལོན་བྱས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་དངོས་པོའི་དཔལ་ཡོན་དང་ནང་བསམ་བློའི་འཁྱེར་ཕྱོགས་གང་ཡིན་ཡང་དུས་རབས་ཉེར་གཅིག་པའི་མིའི་གྲལ་དུ་ཚུད་པ་བྱ་རྒྱུ་ང་ཚོའི་འོས་འགན་ཡིན། ཞེས་གསུངས་པ་བཞིན། བཙན་བྱོལ་སྤྱི་ཚོགས་འདི་ལ་མཚོན་ན་བཀའ་ཁྲི་ནི་ཆབ་དཔལ་རིག་གསུམ་གང་གི་ཕྱོགས་ནས་བལྟས་ཀྱང་ལམ་སྟོན་བྱེད་མཁན་གྱི་དེད་དཔོན་ལྟ་བུར་གྱུར་ཡོད་སྟབས། ཕན་ཚུན་ཕྱོགས་ཞེན་གྱིས་འགྲན་རྩོད་དུ་མ་སོང་བར་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་མི་རིགས་ཤིག་གི་རྩ་དོན་ཐད་གཉན་འཕྲང་ཅན་དང་སྤྱི་ཚོགས་ཀྱི་ཟིང་ཆའི་ཉེན་ཁ་དང་ཆབ་སྲིད་ཀྱི་དངངས་འཚབ་ཇེ་ཆེར་འགྲོ་བཞིན་པའི་སྐབས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་དེས་མ་འོངས་པར་བོད་རྒྱ་མི་རིགས་གཉིས་ལ་ཕུགས་རྒྱང་རིང་པོར་ཕན་རླབས་ཆེ་བ་དང༌། མཛའ་བརྩེའི་རྣམ་པ་ཞིག་བསྟན་ཡོད།

 

དེ་ལྟར་ཡིན་དུས་འབྱུང་འགྱུར་བཀའ་ཁྲི་ལ་གསར་རྙིང་དང་རྒན་གཞོན། སྐྱེས་པ་དང་བུད་མེད་གང་འདྲ་ཡིན་ཡང་མགོན་པོ་གང་ཉིད་ཀྱི་ཡང་དག་པའི་དགོངས་གཞི་བརྩེ་བའི་མ་ཡིས་བུ་ལ་ལམ་སྟོན་གནང་བ་ལྟར་མ་འོངས་སྔོན་གཟིགས་ཀྱིས་བོད་ཀྱིས་དཀའ་རྙོག་དེ་འཚེ་བ་མེད་པའི་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་གནང་བཞིན་པའི་རླབས་ཆེན་གྱི་དགོངས་གཞི་ཞིག་ཡིན་པ་འཛམ་གླིང་གི་དབུ་ཁྲིད་རྣམས་དང༌། ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་མང་ཡོངས་ཀྱི་མགྲིན་གཅིག་ཏུ་ཡི་རང་བསྔགས་བརྗོད་དང་རྒྱབ་སྐྱོང་གནང་གི་ཡོད་པའི་རྩ་དོན་དེ་དང་མ་འགལ་བར་འབད་བརྩོན་གནང་མཁན་ཞིག་དང་ནུས་པ་ཐོན་མཁན་ཞིག་གདམ་རྒྱུ་འུ་ཅག་གི་འགན་འཁྲི་ཡིན་པས་དེ་ད་ལྟ་ནས་ཐུགས་བསམ་བཞེས་དགོས་ཞེས་བརྗོད་འདོད་བྱུང་།།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 52

  1. འཕྲུལ་མིག says:
    ལོ་ 16 སྔོན།

    དྲ་གྲོགས་ཁང་རྡོར་ལགས། ཉིད་ཀྱིས་ལན་ལྷུག་པོ་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་ངས་རྗེ་བཙུན་པདྨ་མཆོག་ལ་མཛད་རྗེས་མི་འདུག་ཅེས་ལབ་རྒྱུ་མ་བྱུང་ལ་དེ་འདྲ་ཞིག་སེམས་ལའང་དྲན་མ་མྱོང། མོའི་འཇོན་ཐང་གི་ཆ་ནས་བཀའ་ཁྲི་དང་གཏན་ནས་བསྡུར་ཐབས་མེད་ཟེར་གྱིན་ཡོད། ཁྱེད་ཀྱིས་མོ་བཀའ་ཁྲི་ལས་འཇོན་ཐང་ཆེ་བའི་སྒྲུབ་བྱེད་ལ་མོའི་བསྟོད་གླུ་ཞིག་གཞིས་བྱེས་གཉིས་ལ་ཁྱབ་པ་དང། མོ་ལ་བསྟོད་པའི་རྩོམ་ཡིག་ཆིག་སྟོང་ལྔ་བརྒྱ་ཁྱོད་ཀྱི་ལག་ཏུ་ཡོད་པ་དེ་བཀོད་ན་དེ་ནི་གནད་ལ་མ་རེག་པའི་རྒྱུ་མཚན་ཕྱོགས་རེ་བ་ཞིག་རེད། དུང་ཞེན་གྱིས་བཟི་བའི་སློབ་བུ་འགས་བསྟོད་རྩོམ་ཐར་ཐོར་རེ་ཡོད་པ་དང་། ཅལ་འགྲོག་ལ་དགའ་བའི་གཞས་པ་འགས་བསྟོད་གླུ་རེ་བླངས་པས་འཇོན་ཐང་ཅན་ཞིག་དང་བྱས་རྗེས་ཅན་ཞིག་ཏུ་སྒྲུབ་མི་ཐུབ་པ་མ་ཟད བླུན་པོ་ངོ་མཚར་སྐྱེ་བ་ལ་ཧང་སང་ན་གླེན་རྟགས་དང་། མཁས་པ་མགུ་བ་སྐྱེད་པ་ལ་ཆ་བཞག་ན་དཔྱོད་ལྡན་གྱི་རྟགས་མཚན་ལ་བརྩི་འོས་པར་སྣང་བས་༸གོང་ས་མཆོག་གིས་ཛ་དྲག་གི་དུས་སྐབས་འདི་འདྲར་ང་ཕྱི་ལོག་ལ་འགྲོ་བསྐྱོད་བྱས་ནས་བསྡད་ཆོག་པ་དེ་བླ་རྒན་མགོ་དཀར་བོ་དེའི་བཀའ་དྲིན་ཡིན་གསུངས་པ་དེར་བསྟོད་རྩོམ་དང་བསྟོད་གླུ་འབུམ་ཕྲག་གིས་ཀྱང་མི་འགྲན་པ་དེ་མཁྱེན་དགོས། ཕྱོགས་གཅིག་ནས་བཤད་ན་ང་ཚོའི་མི་རིགས་འདི་རྨོངས་དད་ཀྱིས་བཟི་བའི་མི་རིགས་ཁྱད་མཚར་ཞིག་ཡིན་པས་ཀྱང་རེད། ཅིའི་ཕྱིར་ཞེ་ན། ༸གོང་ས་མཆོག་གི་གཅུང་མོ་ཡིན་པས་གཞས་པ་ཞིག་ཡིན་ནའང་མོ་ལ་བསྟོད་གླུ་ལེན་འདོད་དང་། རྩོམ་པ་པོ་ཞིག་ཡིན་ན་ཡང་མོ་ལ་བསྟོད་པ་འབྲི་འདུན་ཟབ་མོ་ཡོད། དཔེར་ན་མོ་སྔོན་མ་བོད་གཞུང་གི་སྐུ་ཚབ་བྱས་ནས་བོད་ལ་ཕེབས་དུས་ས་གནས་མང་ཆེ་བར་མང་ཚོགས་ཀྱིས་ཁ བཏགས་བཟུང་། ཕྱག་འཚལ། ངུ་འབོད་བྱས་ཏེ། རླངས་འཁོར་ལ་མཇལ་ནས་ཕེབས་ལམ་མ་རེག་པ་དེ་འདྲ་མང་བོ་བྱུང་བ་རེད། དེ་ནི་གཞིས་ལུས་རྒྱ་ཆེས་མི་མང་གི་འདི་ཕྱིའི་སྐྱབས་གནས་ངོ་མ་དེ་༸གོང་ས་མཆོག་ཡིན་པ་དང་། ཁོང་ཚོ་ལ་༸གོང་ས་མཆོག་དྲན་པའི་གདུང་བ་དང་། ཁོང་ལ་མཇལ་འདོད་ཀྱི་འདུན་པ་མེ་རི་ལྟར་འཕྱུར་གྱིན་ཡོད་པས། ཁོང་གི་གཅུང་མོ་ཕེབས་དུས་དེ་ལྟར་བྱས་པ་ལས་དེ་མོའི་འཇོན་ཐང་ལ་བརྩིས་ན་རྩ་ནས་མི་འགྲིག འོན་ཀྱང་མོས་བོད་ཕྲུག་མང་པོ་ཞིག་སྐྱེད་སྲིང་བྱས་པ་བདེན་ཡང་དེ་ཚོར་ཝ་ན་མཐོ་སློབ་སོགས་ནས་ཟབ་སྦྱོང་མ་རེག་ན་རང་གི་སྐད་ཡིག་གི་ཐོག་ནས་རྒྱུན་སྤྱོད་ཀྱི་འཕྲིན་ཡིག་དང་དགོངས་ཤོག་ཙམ་ཡང་དག་གཙང་ཞིག་འབྲི་མི་ཐུབ། དེ་ལས་གཞན་པའི་སྲོལ་རྒྱུན་རིག་གཞུང་གི་རྨང་གཞི་ལྟ་ཅི་སྨོས། ཁོང་ཚོ་ལ་ཡོད་པ་ནི་དབྱིན་ཅིའི་སྐད་ཡིག་གི་ཐོག་ནས་ཟ་སྐོར་འཐུང་སྐོར་ཅིག་ཤེས་པ་དེ་རེད། དེའི་ཐོག་ལའང་འབུར་ཐོན་གྱི་བྱས་རྗེས་ཅན་ཞིག་ཡོད་པ་གོ་མ་མྱོང། སློབ་གསོ་ཁ་ཕྱོགས་ནོར་འཁྲུལ་ཅན་དུ་སོང་བས་ཁོང་ཚོ་ལ་རང་གི་རིག་གཞུང་ལ་དུང་བ་མེད་པ་མ་ཟད་ད་ལྟའི་མི་རིགས་ཀྱི་ཛ་དྲག་གི་གནས་སྟངས་ལ་བསམ་བློ་གཏོང་ཤེས་མཁན་ཡང་སྲིད་མཐའ་ཙམ་དུ་སྣང། བཙན་བྱོལ་བོད་གཞུང་གི་སློབ་ཕྲུག་ཚོའི་སློབ་སྦྱོང་གི་ཁ་སྟབས་འདི་ལྟར་ཞན་པ་དང་། རང་གི་སྐད་ཡིག་གི་ཤེས་ཚད་བཙན་འོག་གི་བོད་ཕྲུག་ཚོ་ལས་ཀྱང་ལྡབ་འགྱུར་གྱིས་སྐྱོ་བ་འདི་བོད་ཁྱིམ་སློབ་གྲྭ་ཁག་དང་ཐད་ཀར་འབྲེལ་བ་ཡོད་བས། དེའི་སྐོར་དེ་བཟང་ངན་ཆ་འདྲེས་སུ་གནས་པའི་གྲུབ་འབྲས་སྤྱིར་བཏང་བ་ཞིག་ལས་ཁྱད་འཕགས་ཀྱི་བྱས་རྗེས་ཞིག་ལ་ངོས་འཛིན་བྱས་ན་མི་འོས། ཤེས་ཡོན་སྲིད་ཇུས་དེ་ལམ་ལ་མ་སོང་ཟེར་བ་དེ་ཡང་ཤེས་ཡོན་སྲིད་ཇུས་མ་འགྲིག་པ་མིན་པར་དེ་བེད་སྤྱོད་གཏོང་སའི་ཁོར་ཡུག་སློབ་གྲྭ་ཁག་དང་། མོ་ལྟ་བུའི་འགན་འཛིན་ཚོས་དབུ་འོག་དཔུང་འདེགས་མ་བྱས་པས་སྐྱོན་རེད། བཀའ་ཁྲི་མཆོག་གི་ཟླ་མེད་ཀྱི་མཁྱེན་དཔྱོད་དང་། ཁྱད་འཕགས་ཀྱི་གཤིས་སྤྱོད་ལ་བཙན་བྱོལ་བོད་མི་སུས་ཀྱང་འགྲན་མི་ཐུབ་པ་ཁྱོད་ཀྱིས་ཀྱང་ཤེས། མཛད་རྗེས་ཀྱི་ཆ་ནས་བཤད་ནའང་དངོས་གནས་ཧང་སང་དགོས་ཡག་རེད། རྒྱལ་ཁབ་གཞན་གྱི་ལས་གནས་དང་གོ་ཐོབ་དེ་འདྲའི་ཡག་པོ་ཞིག་རེག་མཁན་གྱི་མི་གཞན་ཞིག་ཡིན་ན་དེ་ནས་བསྡད་ན་ཕན་ཐོག་ཆེ་རབས་བཤད་དེ་འུ་ཚང་ལ་ཁ་ཡ་མི་བྱེད་པ་ལྟ་ཅི་སྨོས། ཁོའི་ལས་གནས་དེ་བཞག་ནས་རྡ་སར་སླེབས་པ་ནི་ཁོས་རྟ་བཞག་ནས་བོང་བུ་ཞོན་པ་དང་མཚུངས་ཞེས་གསུང་སྐད་ཤོར་ཡོད་ཁག་ཅི་ཡོད་བདེན་པ་རེད། ཡིན་ནའང་བཙན་བྱོལ་བོད་གཞུང་བརྩེ་བས་མ་དོར་ནས་བཞུགས་པ་རེད། འདི་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད། ཁོང་གིས་སྐུ་སྲོག་གཏའ་མར་བཞག་སྟེ། མིའི་ཚེ་སྲོག་ལ་རྩེད་ཆས་ཀྱི་འདུ་ཤེས་ལས་མེད་པའི་དོལ་རྒྱལ་ཚོགས་པ་དང་། མི་ལ་ཚེ་སྲོག་གིས་འཇིགས་སྣང་བསྐུལ་ཏེ་ལྐོག་ཟ་རུལ་སོང་ལ་གོམས་པའི་ཟ་འདྲེ་ཚོའི་ཁ་གཏད་དུ་ལངས་པ་རེད། བློ་གླིང་ཚོགས་ཁང་སྒོ་འབྱེད་སྐབས་སུ་དོལ་རྒྱལ་སྐོར་ལ་བཀའ་སློབ་དོན་སྙིང་ལྡན་པ་གང་འདྲ་ཞིག་གནང་སོང་མི་ཚང་མ་མིག་ཆུ་ཤོར་དགོས་པའི་བཀའ་སློབ་དེ་འདྲ་གནང་སོང་། དེའི་སྐོར་དེ་དངོས་གནས་བྱས་ན་གདན་སའི་མཁན་པོ་མཁན་ཟུར་ཚོའི་བགོ་སྐལ་དུ་ལུས་ཡོད་ན་ཡང་ཁོང་ཚོའི་ནང་ན་དེ་འདྲ་གསུངས་མཁན་སུ་འདུག མང་ཆེ་བས་མགོ་བདེ་འཁྲབ་ནས་བསྡད་ཡོད་པ་ཨེ་ཤེས། བོད་གཞུང་གི་གཞུང་ཞབས་མང་ཆེ་བ་ཡང་དེ་ལྟར་རེད། ཁོང་ཚོའི་ནང་ན་དེ་འདྲ་བཤད་ཐུབ་མཁན་སུ་འདུག ཁོང་ཚོས་བཤད་མ་ཤེས་བ་མ་རེད། འདི་ཚོ་ལ་ཞིབ་ཕྲ་བསམ་བློ་བཏང་དུས་ཁོང་གི་སྐུ་དྲིན་དང་མཛད་རྗེས་དེ་དངོས་གནས་བློ་ཡུལ་ལས་འདས་པ་རེད།

    Reply
  2. འཕྲུལ་མིག says:
    ལོ་ 16 སྔོན།

    དྲ་གྲོགས་ཁང་རྡོར་། ཉིན་ཤས་རིང་དྲ་ཐོག་ལ་ཁྱོན་ནས་ཡོང་ཐུབ་མ་སོང།

    Reply
  3. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གྲོགས་བློ་ལྡན་ནམ་བློ་མེད་ལགས། དྲ་གྲོགས་ཚང་མ་ཁ་གཅིག་གྲག་གིས་ཤེས་འཇོན་གཉིས་ལྡན་ཞེས་གླེང་བཞིན་པ་འདི་མི་རང་སྟེང་ནས་ཟེར་གི་ཡོད་ལེ་རེད་།ཉིད་ཀྱིས་ཅི་ཞིག་འགྲེལ་གྱིན་ཡོད།

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    བླ་མ་གྲྭ་བ་གྲྭ་ལོག་སྐུ་དྲག་འདིའི་ཁྱབ་ཁུང་ལས་བརྒལ་འོས་ལ་ངེས་པར་བརྒལ་དགོས་ཀྱང་ཐུབ་མིན་བློ་ལྡན་སོགས་མི་སྐྱ་ཤེས་ཡོན་ཅན་དག་ལ་རེག་ལས། དེ་ལྟར་ཡོང་ཐུབ་པའི་རེ་བ་བྱེད། ཉུང་ན་མི་ལོ་ལྔ་བཅུ་མང་ན་བརྒྱ་རེ་བ་རྒྱག་དགོས་རེད་འོན་ཀྱང་ཡིད་ཆེས་མེད་མི་སྐྱ་འདི་ཚོའི་ཁ་ཐབས་སྐྱོ་དྲག་པས།

    Reply
  5. བཀྲ་ཤིས། says:
    ལོ་ 16 སྔོན།

    བློ་ལྡན་གྱིས་བཤད་པར་རྒྱབ་སྐྱོར་ཡོད། མི་རང་གི་ཐོག་ནས་འཇོན་པའི་མི་ཞིག་འདེམས་དགོས། བློ་ལྡན་རང་གིས་གསུངས་དང། མི་རང་གི་ཐོག་ནས་འཇོན་མཁན་སུ་དང་སུ་འདུག

    Reply
  6. བློ་ལྡན། says:
    ལོ་ 16 སྔོན།

    ཨ་རིག་གླེན་པ། ཁྱི་ཁ་བཙུམས། དོན་མེད་དུ་ངུ་སྐད་རྒྱག་གི་མ་འདུག
    ངས་ལྟོས་ན་བཀའ་བློན་ཁྲི་བ་བླ་མ་་དང་གྲྭ་བ་གྲྭ་ལོག ་གཞན་སྐུ་དྲག་བཅས་སུ་ཡང་འདེམས་མི་ཉན། གོང་གི་ཁྱབ་ཁོངས་འདིའི་མི་ཞིག་གིས་འུ་ཚོར་ཕན་མི་ཐོགས་པ་ལོ་རྒྱུས་ཀྱི་ངོས་ནས་ར་འཕྲོད་ཚར་ཡོད། དེ་ལས་མི་རང་གི་ཐོག་ནས་འཇོན་པའི་མི་ཞིག་འདེམས་དགོས་བསམ།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དྲ་གྲོགས་འཕྲུལ་མིག གོང་གི་མཆན་ཞིག་གི་ནང་ངས་ཉིད་ལ་༼ཟམ་གདོང་རིན་པོ་ཆེའི་མཛད་རྗེས་ངས་ཤེས་ལ་གུས་བརྩི་ཡོད། ཁྱེད་རང་གིས་འབྲི་ཐུབ་ན་ངས་ཁ་སྣོན་བྱེད་ཐུབ་པ་དེ་འདྲའང་ཡོང་སྲིད།༽ཅེས་བརྗིད་ཟིན་པས་འདིར་བསྐྱར་དུ་ཡོང་བ་ཡིན། ངས་མིང་རྫུན་མ་དང་སྨྱུག་མིང་སོགས་མ་བཀོལ་བར་རང་མིང་ཁྱིམ་མིང་འདྲ་པར་དང་བཅས་པ་དངོས་སུ་བཤམས་ཏེ་བགྲོ་གླེང་བྱེད་བཞིན་ཡོད་པས། འགན་ཁུར་ཡོད་པའི་སྒོ་ནས་ལུང་དང་རིགས་རྒྱུ་མཚན་དཔང་པོར་བཞག་སྟེ་བགྲོ་གླེང་གནང་ན་དགའ་བསུ་ཡོད། དེ་མིན་རང་གཞན་སེམས་པ་མ་སྐྱིད་པའི་རྒྱུ་དང་དུས་ཚོད་དང་ནུས་པ་ཆུད་ཟོས་སུ་འགྲོ་གཞི་ལས་མ་འདས།

    ཉིད་ཀྱིས་གསུང་པ་བཞིན་ད་ལྟའི་བཀའ་ཁྲི་མཛད་རྗེས་ཆེན་པོ་རེད་ལ་མཁས་པའི་མཚན་སྙན་ཧ་ཅང་ཆེན་པོ་རེད། དེ་ངས་ཁས་ལེན་ཞུ་བཞིན་ཡོད། འོན་ཀྱང་རྒྱ་གར་དང་ཕྱི་མི་འགའ་ཞིག་གི་མདུན་དུ་མཁས་གྲགས་རྗེ་བཙུན་པདྨ་ལས་ཆེ་བ་ཡོད་པ་ཙམ་གྱིས་མཛད་རྗེས་རྗེ་བཙུན་པདྨ་ལས་ཆེ་བ་ཡོད་པར་སྒྲུབ་མི་ཐུབ།

    སྐད་ཆ་གཞན་ཞིག་བཤད་ན། བོད་གཞིས་བྱེས་གཉིས་ན། ཨ་མ་རྗེ་བཙུན་པདྨ་ཞེས་པའི་གླུ་གཞས་ཤིག་ག་ཚོད་ཁྱབ་སོང་། ཟམ་གདོང་རིན་པོ་ཆེ་ལ་བསྟོད་གཞས་འབུལ་མཁན་འདུག་གམ། ཨ་མ་རྗེ་བཙུན་པདྨའི་བཀའ་དྲིན་དྲན་པའི་སྙན་རྩོམ་ངའི་ལག་ལ་ཡོད་པ་ཁོ་ནར་ཆིག་སྟོང་ལྔ་བརྒྱ་ལྷག་འདུག དེ་འདྲ་ཞིག་ཟམ་གདོང་རིན་པོ་ཆེ་ལ་འདུག་གམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཨ་མ་རྗེ་བཙུན་པདྨའི་མཛད་རྗེས་ལ་ངོས་འཛིན་དང་ཆེ་མཐོང་གི་སྒོ་ནས་གངས་ཅན་བོད་ཀྱི་ཨ་མ་ཞེས་པའི་གཟེངས་རྟགས་སྤྱི་མོས་ཀྱིས་ཕུལ་བ་འདྲ་བོ་ཟམ་གདོང་རིན་པོ་ཆེ་ལ་ཕུལ་སོང་ངམ།

    དངོས་ཡོད་ཀྱི་ཐོག་ནས་བཤད་ན། ཟམ་གདོང་རིན་པོ་ཆེས་ཌལ་ཧོར་སློབ་གྲྭའི་སློབ་སྤྱི་གནང་བ་དང་དེ་ནས་ཝ་ཎའི་གཙུག་ལག་སློབ་ཁང་གི་ངེས་སྟོན་པ། བོད་མི་མང་སྤྱི་ལྷན་གྱི་ཚོགས་གཙོ་ཐེངས་ཁ་ཤས་བསྟུད་མར་གནང་སྟེ་གྲོས་ཚོགས་ལམ་ལུགས་ལ་ལེགས་བཅོས་གནང་བ། རྒྱ་གར་གྱི་གཙུག་ལག་སློབ་ཁང་ཁག་གི་ཉེ་བའི་རིགས་བདག་གི་ཚོགས་གཙོ་ལོ་ཤས་གནང་བ། བཀའ་བློན་ཁྲི་པ་གནང་བ་སོགས་ཀྱི་ཐོག་ནས་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད།
    འོན་ཀྱང་ཁོང་མཁས་པ་ཆེན་པོ་ཡིན་ཡང་རྗེ་བཙུན་པདྨས་བྲིས་པ་འདྲ་བའི་དེབ་གཅིག་ཀྱང་བྲིས་མེད། གླེང་བརྗོད་དེ་འདྲ་ཁ་ཤས་ཡོད་རེད། ཁོང་འཛིན་སྐྱོང་གནང་མཁན་ཞིག་རེད་དེ། ཝ་ཎའི་སློབ་ཕྲུག་དེ་ཚོ་ཕལ་མོ་ཆེ་ཁ་ཡོད་ཀྱང་ལག་པ་མེད་པ་འདྲ་བོ་མ་གཏོགས་གསོ་སྐྱོང་ཐུབ་མེད། གྲངས་འབོར་ཡང་ཉུང་ཉུང་རེད། ལྷག་པར་དུ་ཝ་ཎའི་དགེ་རྒན་འོས་སྦྱོང་པ་ཚོ་ནི་དགེ་འོས་རྫུན་མ་རེད། དེ་ནས་ཐོན་པའི་དགེ་འོས་རྫུན་མ་དེ་ཚོ་གཏན་སློབ་ཁག་ལ་སོང་རྗེས་བོད་ཕྲུག་ཚོར་ཡི་གེ་ཡག་པོ་བསླབས་ཐུབ་ཀྱི་མེད། དེ་ལ་བརྟེན་ནས་ད་ལྟའི་བཙན་བྱོལ་གྱི་བོད་ཕྲུག་མང་པོ་ཞིག་གི་བོད་ཡིག་ཤེས་ཚད་སྐྱོ་བོ་ཆགས་པ་རེད། དེ་མིན་ཤེས་ཡོན་སྲིད་བྱུས་ནི་ད་ལྟ་ལམ་ལ་མ་སོང་བར་བསྡད་ཡོད་རེད། དཔལ་འབྱོར་གྱི་སྲིད་བྱུས་ནི་ཕམ་ཉེས་རེད། ཁྱེད་རང་གིས་བུ་ལོན་གཙང་མ་བཟོས་པ་རེད་ཟེར། དེ་བཤད་སྟངས་ཤིག་རེད། བཟོ་གྲྭ་དང་ཚོང་ཁང་། ཟ་ཁང་དེ་ཚོ་གཏན་དུ་བཙོང་ཚར་དུས་ཚུར་དུས་གཅིག་ལ་དངུལ་ཕོན་ཆེ་ཙམ་ཡོང་གི་རེད། དེའི་རྗེས་ནས་ཡོང་རྒྱུ་མེད་པ་རེད།

    གཞིས་ཆགས་སྲ་བརྟན་གྱི་ཆེད་ཡིན་ཞེས་སོ་ནམ་སྲོལ་རྒྱུན་ཅན་དུ་བསྒྱུར་བ་དེར་ཡང་ཆོ་བྱུང་མེད། ད་ཁྱེད་རང་གསུངས་དང་། ག་རེའི་ཐོག་ནས་རྗེ་བཙུན་པདྨ་ལས་མཛད་རྗེས་ཆེ་བ་བྱུང་འདུག

    Reply
  8. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    བོད་མི་རིགས་ཀྱིས་བཀའ་ཁྲི་འདི་དྲིན་ཅན་ཡིན་པ་མ་ཤེས་པ་མ་རེད། སྐུ་དྲག་རིང་ལུགས་པ་འགའ་ཞིག་གིས་མ་ཤེས་པ་རེད། འདི་བཟོ་བཅོས་བཡེད་དང་མི་བྱེད་སྐུ་དྲག་རིང་ལུགས་པས་ལས་འགན་ཞིག་རེད། འོན་ཏང་རྒྱུ་མཚན་ཞིབ་ཏུ་ཤེས་འདོད་ན་འཇམ་ནོར་སོགས་ལ་འདྲི་འོས། དྲ་གྲོགས་ཁང་རྡོ་ལ་ཅུང་ཕོག་སོང་ན་ངས་ཀྱང་དགོངས་དག་ཞུ་ཆོག་གང་ལ་ཞེ་ན་ཁང་རྡོ་འདི་ངོ་མ་མི་ཤེས་ཡོན་ཅན་གཅིག་རེད། འོན་ཏང་ཁྱོད་ཀྱི་དབྱིན་ཅི་བཙལ་དང་རྒྱ་མི་བཙལ་རང་དབང་རེད། ངས་བལྟས་ན་ཁྱོད་ཀྱིས་རྒྱ་དབྱིན་གཉི་ག་སྔར་བཙལ་ཟིན་ཡོད་ལ་ད་ཐེངས་གོ་སྐབས་དམིགས་བསལ་ཐོབ་པ་འདྲ། གང་ལྟར་ཁྱོད་འཇོན་པོ་འདུག་ང་ཚོ་བོད་མི་རིགས་ལ་ཁྱོད་ལྟ་བུ་ད་སྐབས་ཧ་ཅིང་མཁོ། དེའི་ཕྱིར་གོང་ནས་ཁྱོད་བཀའ་ཁྲིའི་འོས་ཁུངས་སུ་ཡང་བཞག་ཡོད།

    Reply
  9. འཕྲུལ་མིག says:
    ལོ་ 16 སྔོན།

    དྲ་གྲོགས་ཁང་རྡོར་ལགས། ཁྱེད་རང་གིས་བགྲོ་གླེང་གནང་སྟངས་དེ་ཡག་པོ་འདུག དེའི་ཕྱིར་ངས་ཀྱང་རང་གི་མཐོང་ཐོས་འགའ་ཞུ་འདོད་བྱུང། རྒྱ་གར་གྱི་ཤེས་ཡོན་གྱི་བསྟི་གནས་ཝ་ར་ན་སི་ལྟ་བུར་ཡང་ཤེས་ཡོན་པ་རྣམས་ཀྱིས་གཞན་དང་མི་འདྲ་བའི་མཐོང་ཆེན་བྱེད་པ། དཔེར་ན། རྒྱ་གར་གྱི་མཐོ་སློབ་ཡོངས་རྫོགས་ཀྱི་དབུ་འཛིན་དུ་ལོ་མང་རིང་བསྐོ་བཞག་བྱས་པ་དང། མ་ཟད་ཀརྨ་པ་རྒྱ་གར་ལ་ཐེངས་དང་པོར་ཕེབས་དུས་གསར་ལམ་ཁག་དུ་རིན་པོ་ཆེ་ཞེས་བཀོད་པར། ཝ་ར་ན་སིའི་རྒྱ་གར་པ་རྣམས་ཀྱིས་ང་ཚོའི་རིན་པོ་ཆེ་མ་གཏོགས་རིན་པོ་ཆེ་ཞིག་ཡོད་དམ། འདི་འདྲའི་ཆུང་ཆུང་ཞིག་རིན་པོ་ཆེ་གང་འདྲ་ཆགས་པ་རེད། ཅེས་བོད་མི་ཚོ་ལ་དྲི་བ་གཏོང་བཞིན་པ་འདིས་ཀྱང་ཡུལ་དེའི་ཤེས་ཡོན་པ་རྣམས་ཀྱིས་ཁོང་ལ་ག་ཚད་ཅིག་བརྩི་འཇོག་བྱེད་ཀྱིན་པ་མཚོན་གྱིན་མི་འདུག་གམ། མི་རིགས་གཞན་གྱིས་ཤེས་ལྡན་མི་སྣས་དེ་ལྟར་གདེངས་འཇོག་ཐོབ་མཁན་ཁོང་མ་གཏོགས་བོད་པ་ཚང་ལ་སུ་ཡོད། རྗེ་བཙུན་པདྨ་ལ་སུས་དེ་ལྟར་བྱས་སོང། སྔ་ལོའི་ཛ་དྲག་གི་གནས་སྐབས་དེར་༸གོང་ས་མཆོག་གིས་དབྱིན་ཅིའི་ལུང་བར་ཛ་དྲག་གི་དུས་སྐབས་འདི་འདྲར་ང་ཕྱི་ལོག་ལ་འགྲོ་བསྐྱོད་བྱས་ནས་བསྡད་ཆོག་པ་དེ་བླ་རྒན་མགོ་དཀར་བོ་དེའི་བཀའ་དྲིན་ཡིན་གསུངས་པ་ལས། རྗེ་བཙུན་པདྨའི་བཀའ་དྲིན་ཡིན་གསུངས་འདུག་གམ། དེ་མ་ཟད་བཙན་བྱོལ་བོད་གཞུང་བུ་ལོན་གྱི་འདམ་ལས་འདྲེན་མཁན་དང་། ལྐོག་ཟ་རུལ་སོང་གི་གཡང་ལས་སྐྱོབ་མཁན། ཤེས་རིག་སྲིད་ཇུས་གསར་བའི་ཉི་གཞོན་འདྲེན་མཁན། ཕྱོགས་ཞེན་དང་མཁྲེགས་འཛིན་གྱི་དྲི་ཙམ་ཡང་མེད་མཁན། བཀའ་ཁྲི་ཁོང་ཚང་་མ་གཏོགས་སུ་འདུག དེ་འདྲའི་བསམ་བློ་བཏང་དུས་ཁོང་གི་བཀའ་དྲིན་ནི་བོད་རིགས་རྣམས་ཀྱིས་གཞལ་ཐབས་དཀའ་བ་ཞིག་རེད། སྤྱིར་རྗེ་བཙུན་པདྨ་ལ་བྱས་རྗེས་མི་འདུག་ཞུ་གི་མེད་མོད། བཀའ་ཁྲི་དང་བསྡུར་ན་དངོས་གནས་ཉི་མའི་དྲུང་ན་མེ་ཁྱེར་ཡིན་པ་དེ་ཤེས་དགོས།

    Reply
  10. འཕྲུལ་མིག says:
    ལོ་ 16 སྔོན།

    བརྩེ་ཆེན་མངའ་བདག་རྒྱལ་ཡུམ་ཆེན་མོ་དང་། །
    སྙིང་རྗེ་རང་གཟུགས་ཚེ་རིང་སྒྲོལ་མ་ཡིས། །
    རི་རབ་ལྟ་བུའི་མ་རྩ་བརྟན་པོ་དེར། །
    བརྟེན་ནས་རྗེ་བཙུན་པདྨའི་སྙན་གྲགས་རྒྱས། །

    རྒྱལ་བའི་གཅུང་མོའི་མཚན་སྙན་མངའ་དང་གཅིག །
    བོད་ཕྲུག་བུ་གུའི་སློང་རྟེན་བཟང་དང་གཉིས། །
    ཡ་རབས་འབྱོར་ལྡན་གཏོང་ཕོད་ཆེ་དང་གསུམ། །
    འདི་གསུམ་འཛོམ་པས་མོ་ལ་ཞལ་འདེབས་རེག །
    འདི་ཙམ་ཞིག་གིས་བཀའ་ཁྲིར་གང་ནས་འགྲན། །

    Reply
  11. བཀྲ་ཤིས། says:
    ལོ་ 16 སྔོན།

    ཁོ་རེ་རྭ་ལོ། བརྙས་བརྐོ་མཁན་མི་གཉིས་ཟེར་བའི་ཁོངས་སུ་ང་མེད། གང་བྱུང་བཤད་མཁན་ཨ་རིག་གླེན་རྒན་ཡིན་པ་གསལ་པོ་བཟོས་ཡོད་དཱ།

    Reply
  12. རྭ་ལོ། says:
    ལོ་ 16 སྔོན།

    ཁང་གསར་ལགས། མི་འདི་གཉིས་ཀྱིས་དྲང་བཞག་གི་བགྲོ་གླེང་མི་བྱེད་པར་ཁྱོད་ལ་བརྙས་བརྐོ་གིན་ཡོད་པ་འདྲ་ཞིག་འདུག དེ་བས་ཁོ་ཚོའི་གྲས་དེ་བགྲོ་གླེང་གི་རོགས་པར་མ་བཙལ།

    Reply
  13. བཀྲ་ཤིས། says:
    ལོ་ 16 སྔོན།

    ཁོ་རེ་ཁང་གསར་རྡོ་རྗེ། ངས་ནི་ཁྱོད་ལ་མིང་ཤས་བཟོས་མེད། རང་ཉིད་ཀྱི་བསམ་ཚུལ་རྣམས་དྲང་པོར་བཤད་པ་ཙམ་ཡིན། ཁྱོད་དྲ་ཐོག་འདི་ནས་འགྲོ་བ་དེ་དང་ངའི་སྐད་ཆ་འབྲེལ་བ་མེད་པ་གསལ་པོ་བཟོ་བཞིན་ཡོད།

    Reply
  14. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ངས་ནི་རྒྱུ་མཚན་ཁོ་ནའི་ལམ་ནས་དཔྱད་གླེང་ལ་ཞུགས་པའི་ཁུལ་ལགས་ཤིང་། དེ་ལྟར་ཞུགས་དོན་ཡང་རང་གིས་ད་ཕན་ཤར་ནུབ་ཀྱི་ཡུལ་གྲུ་འགའ་ཞིག་འགྲིམས་པའི་མྱོང་ཚོར་དང་བསམ་ཚུལ་རྣམས་གཞན་ལ་གོ་རྟོགས་སྤེལ་བའི་སྐྱེས་ལྟ་བུར་འབུལ་བར་སྙམ་ནའང་།
    འདི་ལྟར་རྒྱུ་མཚན་མེད་པའི་ཨུ་ཚུགས་དང་དོགས་པ་སྔོན་བསུས་ཀྱི་མིང་ཤས་བཟོ་སྟངས་ལ་གཞིགས་ན། རེ་བཟང་ལ་འབྲས་བུ་སྨིན་རེ་མ་མཐོང་།

    དབྱིན་ཡིག་དང་རྒྱ་ཡིག་གི་དྲ་གྲོགས་ཚོ་ཧ་ཅང་གུ་ཡངས་ཤིང་བློ་རྒྱ་ཆེ་བར་འདུག་པས། ད་ཕྱིན་དེ་དག་དང་བགྲོ་གླེང་བྱས་ན་ལེགས་སྙམ།

    དྲ་གྲོགས་རྣམས་བཞུགས་གདན་འཇགས།

    Reply
  15. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ཚང་མས་གཟབ་གཟབ་མ་བྱས་ན་་་ཁང་རྡོ་འདི་༼ ལུག་མགོ་བསྟན་ནས་ཁྱི་ཤ་བཙོང་༽མཁན་ཞིག་རེད་འདུག།

    Reply
  16. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ནུབ་ཕྱོགས་རྒྱལ་ཁབ་ཁག་ན་བོད་མོ་མང་པོ་ཡོད་དེ་དག་དང་དཔུང་བ་མཉམ་གཤིབས་ཐུབ་མཁན་གཅིག་ཀྱང་མེད། ཧ་ཧ་ཧ་་་་་་ཁང་རྡོས་རྨོ་པད་མ་དང་ཕྱི་མོ་ལྷ་སྒྲོན་གཉིས་ལ་བརྒྱབ་རྩ་བྱེད་ཀྱིན་མེད་ན་ཡག་བྱུང་། ཡ་ཡ་་་ད་ནས་བཟུང་འདིའི་ཕྱོགས་ནས་ཁྱོད་དཀར་པོ་ཆགས་སོང་བ་ཡིན། འོན་ཀྱང་ཡོད་ཚད་གཞན་ལག་ཏུ་ཤོར་ཟིན་པའི་བོད་རྒྱལ་ཁབ་ཀྱིས་དོན་ཆེན་དེ་ཐམས་ཅད་བྱེད་ཆོག་ཆོག་གི་རང་ལག་ན་ཡོད་མཁན་ལྡི་ལི་གྲོང་ཁྱེར་གྱི་བྱ་བ་ལས་ཀྱང་ཆུང་དུ་བཏང་བས་བྱས་ཉེས་དང་ཀུན་སློང་ངན་པ་དེར་རིམ་གྱིས་ཞིབ་འཇུག་བྱེད་ཀྱི་ཡིན།

    Reply
  17. བཀྲ་ཤིས། says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན། ཁང་གསར་བས་བཅའ་ཁྲིམས་ཀྱི་ལུང་ཁ་ཤས་དྲངས་པ་ཙམ་ལ་ཁྱོད་ཀྱིས་ཧང་སངས་སངས་ཀྱིས་མི་རང་ག་བ་ཞིག་མ་རེད་སྔོན་ནས་དྲན་ལུགས་བཤད་མ་ཡོང་།

    ཁང་གསར་བ་འདི་འབྲི་རྩལ་ལེགས་ཙམ་ཞིག་ལས་གཞན་ཁོས་ཆབ་སྲིད་དང་རིག་གནས་ཀྱི་གནད་འགག་ཅི་ཤེས་ཀྱི་འདུག

    ཁང་གསར་བ། བཅའ་ཁྲིམས་སུ་གསལ་ཡོད་རུང་མེད་རུང་ང་ཚོའི་མགོ་ལ་དབྱིན་མ་བོད་ཀྱི་བུ་མོ་བོད་སྐད་ཡག་པོ་མི་ཤེས་པ་ཞིག་འཇོག་གི་མིན། རྗེ་བཙུན་པདྨ་མཛད་རྗེས་ཆེ་བ་དངོས་ཡོད་ཡིན་རུང་། ཁོང་བཀའ་ཁྲིར་བཞག་ན་ཆབ་སྲིད་ཀྱི་ཐོག་ནས་མཐོང་སྣང་ཡག་པོ་ཡོང་གི་མ་རེད།

    ཁྱོད་ཀྱིས་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་སྐོར་ལ་མང་པོ་ཞིག་བཤད་འདུག འདི་བོད་ཀྱི་བསམ་བློ་གཏོང་སྟངས་དང་འཚམ་དགོས་པ་རེད་མ་གཏོགས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ལ་ར་མགོ་ལུག་སྦྱར་མ་བྱེད།

    Reply
  18. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    མདོར་ན། ངས་གོང་དུ་བུད་མེད་འཇོན་ཐང་ཅན་ཁ་ཤས་ཀྱི་སྐོར་གླེང་ཙམ་བྱས་པ་འདི་གྲོས་བསྡུར་དང་བསམ་གཞིགས་ཀྱི་ཆེད་ཙམ་ཡིན་མ་གཏོགས། དེ་དག་ངེས་པར་བཀའ་ཁྲིར་འཇོག་དགོས་ཟེར་གྱི་མེད། ལྷག་པར་དུ་དེ་དག་གི་ཁོངས་ནས་རྗེ་བཙུན་པདྨ་དང་བཀྲས་མཐོང་ལྷག་སྒྲོན་གཉིས་ལ་རྒྱབ་རྩ་བྱས་ཏེ་བཀའ་ཁྲིར་འཇོག་དགོས་ཟེར་གྱི་མེད། ཁོང་གཉིས་ཀྱི་སྐོར་དམིགས་བསལ་གླེང་དོན་ནི། དྲ་གྲོགས་ཚོས་ལྷག་མཐོང་བཀྲས་མཐོང་ལ་བཀའ་ཁྲིའི་འོས་ཆོས་མ་ཚང་ལུགས་དང་། རྗེ་བཙུན་པདྨ་རྨོ་རྨོ་ཡིན་པ། འཇོན་ཐང་དངོས་གནས་མེད་ཚུལ་བཤད་སྟབས་ངས་དངོས་དོན་གསལ་བཤད་བྱས་པ་ཙམ་ཡིན།

    ཐུགས་རྗེ་ཆེ།

    Reply
  19. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ༤ བུད་མེད་འཇོན་ཐང་ཅན་ཚོའི་སྐོར་ཟུར་ཙམ་ཡང་མ་གླེང་བར་བཀའ་ཁྲིར་འོས་པ་མེད་ཟེར་ཤག་ཤག་དེ་ཡག་པོ་མ་རེད། ང་རང་གི་ལྟ་ཚུལ་ལྟར་ན། སྤྱི་ཚོགས་ཀྱི་བསམ་བློའི་ཁྱེར་སོར་རག་ཆེན་པོ་ལས་ཀྱི་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྤྱི་ཚོགས་ཀྱིས་ཕོ་མོ་འདྲ་མཉམ་དུ་བལྟ་ལ། བུད་མེད་རང་ངོས་ནས་ཀྱང་དེ་ལྟར་ལྟ་ཡི་འདུག རང་རེའི་བོད་རིགས་བུད་མེད་ནུབ་ཕྱོགས་སུ་སླེབས་རྗེས་ནུབ་ཕྱོགས་བུད་མེད་དེ་ཚོ་དང་དཔུང་པ་མཉམ་གཤིབས་ཀྱིས་འགྲོ་ཐུབ་ཀྱི་འདུག དེར་བརྟེན་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཆེན་པོ་འདུག

    ༥ ལས་དོན་མང་པོ་ཞིག་ནི་མི་ཞིག་ལ་འགན་སྤྲད་དེ་བྱེད་བཅུག་ན་ཁོ་རང་གཅིག་ཆགས་འགྲོ་བ་དེ་ཡང་དོན་དངོས་རེད། དཔེར་ན། ད་ལྟའི་དཔལ་འབྱོར་བཀའ་བློན་ནི་དེ་སྔོན་རྩིས་ཞིབ་ནང་ཡུན་རིང་བཞུགས་པ་ཙམ་ལས་དེ་ཙམ་གྱི་ཉམས་མྱོང་ཡོད་པ་ཞིག་མ་རེད། ཁོང་ཐོག་མར་དཔལ་འབྱོར་ལ་བསྐོ་སྐབས་ཚང་མས་ཧང་སངས་སངས་བྱས་པ་རེད། དེ་བཞིན་བློ་བཟང་སྙན་གྲགས་ལགས་ཐོག་མར་བཀའ་བློན་དུ་བསྐོ་སྐབས་དེ་ལྟར་བྱས་པ་རེད། འོན་ཀྱང་ཁོང་གཉིས་སོ་སོའི་ལས་གནས་སྒང་ལ་སླེབས་རྗེས་བཀའ་བློན་གོང་མ་ཚོ་ལས་སྐྱོ་བ་བྱུང་མེད། ད་ལྟའི་ཆོས་རིག་བཀའ་བློན་སྤྱི་འཐུས་ཚོའི་ནང་གི་དྲག་གྲས་གང་ཡང་མ་རེད། འོན་ཀྱང་ཆོས་རིག་བཀའ་བློན་ལ་བསྐོས་རྗེས་འགྲིག་འགྲོ་བཞིན་པ་རེད། དེ་འདྲ་རེད།

    ༦ ངས་བསོད་ནམས་སྟོབས་རྒྱལ་གྱིས་བཀའ་ཁྲི་འཇོན་པ་རེད་ཟེར་དུས། བཀའ་ཁྲིའི་ལས་འགན་ལྗིད་པོ་མ་རེད་ཟེར་གྱི་མེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་བཀའ་ཁྲི་ཟེར་དུས་ལས་འགན་དཔེ་མ་སྲིད་པའི་ལྗིད་པོ་ཡིན་པ་དང་། མི་རང་ག་བས་འཇོན་ཐབས་མེད་འདྲ་བསམས་བཞིན་པ་དེ་འདྲ་མ་རེད། ག་ཚོད་ཆེ་ནའང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་ཀྱི་འགན་ལས་ཆེ་བ་ཞིག་མ་རེད། ལྡི་ལི་ལ་མི་ས་ཡ་བཅུ་བཞི་ལྷག་ཡོད་རེད། དེ་ཚོའི་ཆབ་སྲིད་དང་དཔལ་འབྱོར། འགྲིམས་འགྲུལ། བདེ་སྲུང་། འཕྲོད་བསྟེན་སོགས་ཀྱི་འགན་ཁུར་དགོས་པ་ལྟ་བུ་ང་ཚོའི་བཀའ་ཁྲིས་ཁུར་མི་དགོས།

    བཀའ་ཁྲིས་ཐད་ཀར་འགན་ཁུར་དགོས་ས་དེ་བཙན་བྱོལ་ནང་གི་བོད་མི་འབུམ་གཅིག་ལྷག་དང་། དེ་བས་རྒྱ་ཆེ་རུ་བཏང་ན་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ས་ཡ་དྲུག་རེད།

    ཆབ་སྲིད་ཀྱི་ཐད་༸གོང་ས་མཆོག་གིས་བཀའ་བློན་ལམ་སྟོན་ཕེབས་དང་ཕེབས་བཞིན་པ་དེ་ལས་ལྷག་པ་བྱེད་ས་ཡོད་མ་རེད་ལ་བྱེད་དགོས་དོན་ཡང་མེད། འཛིན་སྐྱོང་སོགས་ནི་ལྷན་ཁང་སོ་སོའི་བཀའ་བློན་དང་དྲུང་ཆེ། ལས་བྱེད་ཚོས་བྱས་འགྲོ་ཡི་རེད། ད་དུང་མ་ཤེས་པ་འདུག་ན། ད་ལྟའི་བཀའ་ཁྲིས་གནང་མུས་ལྟར་རྒྱ་གར་བ་དང་ཕྱི་རྒྱལ་གྱི་སློབ་སྟོན་པ་དེ་འདྲ་སྐད་བཏང་ན་འགྲིག་གི་རེད།

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    སྣང་བ་སྐྱིད་སྐྱིད་འདྲ་ཡོང་གི་འདུག་ན་ང་ལ་ཁ་ངན་ཚིག་ངན་ཅི་བཤད་ནའང་ཤོད། ང་ནི་བརྗོད་དོན་དངོས་ལ་འཇུག་པར་སྤྲོ།

    ༡ རྗེ་བཙུན་པདྨ་དགུང་ལོ་བགྲེས་ཙམ་ཡིན་པ་དངོས་ཡོད་རེད། འོན་ཀྱང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ ༢༠༡༡ ལོར་ཡང་བསྐྱར་བཀའ་ཁྲིར་བདམས་དགོས་པར་འདོད་པར་གཞིགས་ན་ནི། རྗེ་བཙུན་པདྨ་དགུང་ལོ་བགྲེས་དྲག་པ་མ་རེད། གང་ཡིན་ཟེར་ན་རྗེ་བཙུན་པདྨ་ཟམ་གདོང་རིན་པོ་ཆེ་ལས་དགུང་ལོ་ཆུང་བ་རེད། ལྷག་པར་དུ་བཅའ་ཁྲིམས་ཀྱི་ནང་དུ་རང་ལོ ༣༥ ཧྲིལ་པོ་ལོན་པ་ཞེས་པ་ལས། མཐོ་མཐའ་བཞག་མེད།
    ༢ ད་ལྟའི་བཀའ་བློན་ཁྲི་པ་ལས་རྗེ་བཙུན་པདྨ་འཇོན་པ་ཡང་དངོས་ཡོད་ཡིན། ༡༩༦༤ ལོ་ནས་རྗེ་བཙུན་པདྨས་བོད་ཁྱིམ་སློབ་ཁག་བསྐྱངས་པ་རེད། དེའི་གོང་ལ་སྐུའི་གཅེན་མོ་སོགས་ཀྱིས་བུ་གསོ་ཁང་བསྐྱངས་པ་རེད་དེ། སྐབས་དེ་དུས་འདི་བུ་བཅོལ་ཁང་ལྟ་བུ་ཞིག་ལས་གཞི་རྒྱ་ཆེ་བའི་སློབ་གྲྭ་དེ་འདྲ་མ་རེད། རྗེ་བཙུན་པདྨས་འགན་བཞེས་པ་ནས་བཟུང་བཙན་བྱོལ་གྱི་བོད་ཕྲུག་བརྒྱ་ཆ་ ༥༠ ལྷག་ལ་ཤེས་ཡོན་དང་འཚོ་བ་སྦྱར་ཐུབ་པའི་སློབ་གྲྭ་འདི་འདྲའི་རྒྱ་ཆེན་པོ་དང་མང་པོ་ཞིག་ཆགས་པ་རེད།
    དེ་བཞིན་རྗེ་བཙུན་པདྨའི་དབུ་ཁྲིད་ལམ་སྟོན་འོག་འཛིན་རིམ་དང་པོ་དང་གཉིས་པ། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་ཚན་རིག་དང་སྤྱི་ཚོགས་རིག་གནས། ཨང་རྩིས་བཅས་ཀྱི་སློབ་ཚན་ཡོངས་རྫོགས་བོད་ཡིག་ཏུ་བསྒྱུར་བ་རེད། བསྒྱུར་བ་ཙམ་དུ་མ་ཟད་སྐབས་དེར་བོད་གཞུང་གིས་དགག་བྱ་བྱས་པར་མ་ལྟོས་པར་བོད་ཁྱིམ་གྱི་སློབ་གྲྭ་ཁག་གི་ནང་དངོས་སུ་བསླབས་པ་རེད། བོད་ཡིག་གི་ཐོག་ནས་སློབ་ཚན་དེ་དག་བསླབས་པར་གྲུབ་འབྲས་ཚང་མས་མཐོང་ཐུབ་པ་བྱུང་ཐོག ༸གོང་ས་མཆོག་གིས་བཀའ་གནང་བར་བརྟེན་བོད་གཞུང་གི་སློབ་གྲྭ་གཞན་ཁག་ལའང་ལག་བསྟར་བྱས་པ་རེད། མཛད་རྗེས་འདི་གཅིག་པུར་བསམས་ནའང་བཙན་བྱོལ་ནང་སུས་འགྲན་ཐུབ་པ་འདུག

    བོད་པའི་ཕྲུ་གུ་ཤེས་རབ་ལེགས་པ་རྣམས་ལ་དམིགས་བསལ་གྱི་སློབ་གྲྭ་ཟུར་དུ་བཙུགས་པ་རེད། མཐོ་སློབ་འགྲིམས་སྐབས་བོད་ཕྲུག་མང་པོ་འཕྲོ་བརླག་འགྲོ་བ་གཟིགས་ནས་བྷེང་ལོར་དུ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་བཙུགས་པ་རེད།

    ཁོང་གིས་བོད་གཞིས་བྱེས་གཉིས་ཀྱི་ཕྲུ་གུར་འདི་ལྟར་གཟིགས་སྐྱོང་གནང་བར་བརྟེན་ནས་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་བ་ལ་ག་ཚོད་ཕན་སོང་། དེ་མིན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དང། བུད་མེད་ལྷན་ཚོགས་ཀྱི་སློབ་སྟོན་པ། ལྡི་ལི་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། ༡༩༩༠ ནས་བཀའ་བློན་ཐེངས་གཉིས། ༡༩༨༠ ལོར་བོད་ནང་ཕེབས་པ། རང་བྲིས་ལོ་རྒྱུས་རྒྱལ་ཁབ་བཅུ་ལྷག་གི་སྐད་དུ་བསྒྱུར་བ་སོགས་ལ་སོམ་དང་མཛད་རྗེས་ཆེ་བ་ཤེས་ཐུབ།
    ཁོང་གི་མཛད་རྗེས་ཐད་སྐུའི་གཅུང་མོ་ཡིན་པའི་ཤུགས་རྐྱེན་ཡོད་པར་བཤད་པ་བདེན་པ་རེད། དེས་མ་འོངས་པར་བཀའ་ཁྲི་གནང་ནའང་ཕན་ངེས་རེད། འོན་ཀྱང་སྐུ་མདུན་གྱི་སྐུ་མཆེད་ཡིན་པ་ཙམ་གྱིས་དེ་འདྲ་འཇོན་ཤག་ཤག་རེད་དམ་ཟེར་ན་མ་རེད། སྐུ་མདུན་ལ་སྐུ་མཆེད་མང་པོ་ཡོད་པ་ང་ཚོས་ཤེས་གསལ་རེད། སློབ་སྦྱོང་གི་གོ་སྐབས་ལ་མཚོན་ན། རྗེ་བཙུན་པདྨར་རག་པ་ལས་ལྷག་པ་རག་མཁན་མང་པོ་ཡོད་རེད། འོན་ཀྱང་དེ་ཚོས་དེ་ཙམ་འཇོན་མེད།

    ༣ ཟམ་གདོང་རིན་པོ་ཆེའི་མཛད་རྗེས་ངས་ཤེས་ལ་གུས་བརྩི་ཡོད། ཁྱེད་རང་གིས་འབྲི་ཐུབ་ན་ངས་ཁ་སྣོན་བྱེད་ཐུབ་པ་དེ་འདྲའང་ཡོང་སྲིད།

    Reply
  21. འཕྲུལ་མིག says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ཟེར་བ་ཁྱོད་ཀྱིས་བཀའ་ཁྲི་ལས་ཀྱང་རྗེ་བཙུན་པདྨ་འཇོན་ཟེར་ན་དངོས་གནས་གད་མོ་ཤོར་ཡག་རང་རེད། མོས་སློབ་གྲྭ་འགའ་ཤས་ལ་བདག་པོ་རྒྱག་ཐུབ་པ་དེ་གཅིག་ནས་རྒྱལ་ཡུམ་ཆེན་མོ་དང་གཅེན་མོ་ཚེ་རིང་སྒྲོལ་མ་གཉིས་ཀྱིས་བཀའ་དྲིན་རེད། གཉིས་ནས་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་རེད། སྐུའི་གཅུང་མོ་སོང་ཙང་ལས་ཀ་ག་རེ་ཡིན་ན་བྱེད་བདེ་བོ་ཡོད་པ་རེད། དེའི་ཐོག་ལ་མོ་ལ་གོ་སྐབས་མང་པོ་རེག་ཡོད་པ་རེད། གང་ཞེ་ན་ཆུང་དུས་ནས་སློབ་སྦྱོང་གི་གོ་སྐབས་གཞན་དང་མི་འདྲ་བ་ཞིག་རེག་ཡོད་པ་རེད། དངོས་གནས་བཤད་ན་དེ་ལས་ལྷག་ཅིག་འཇོན་དགོས་ཡག་འདྲ་བོ་ཞིག་ཡོད་པ་རེད། ཁྱོད་ཀྱིས་བཤད་པའི་བུད་མེད་གཞན་པ་ཚོ་དེ་འདྲ་ཞིག་ཀྱང་འཇོན་གི་མ་རེད། ཁྱོད་ཀྱིས་བཀའ་ཁྲིའི་སྐུ་ཡོན་གྱི་ཆ་ཙམ་ཡང་མཐོང་མི་འདུག དེའི་ཕྱིར་ང་ལ་ཡང་གསལ་བཤད་བྱེད་འདོད་མ་བྱུང་།

    Reply
  22. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ལྟོས་དང་ཁང་རྡོའི་རང་མདོག་སྟོན་གྱིན་འདུག། ཁག་མེད་ཁང་རྡོ་ཨུ་ཚུགས་མ་རྒྱག་མ་ཤེས་ན་ཅི་བྱ་མ་ཤེས་བ་དེ་ཁྱེད་ཀྱིས་སྐྱོན་མ་རེད་མི་དྲང་བ་དེ་ཁྱེད་ཀྱིས་སྐྱོན་ཆེ་ཤོས་གཅིག་རེད།
    བསོད་ནམས་སྟོབས་རྒྱལ་གྱིས་བཀའ་ཁྲི་འཇོན་པ་རེད་ཟེར་ཚུལ་ལ་བལྟས་ན་ཁྱེད་ཀྱིས་བཀའ་ཁྲིའི་ལས་འགན་དང་བོད་དོན་ཛ་དྲག་ཁྱོན་ནས་ཤེས་མི་འདུག། རེད་རེད་ད་ཡིན་ན་རྨོ་པད་མདང་་ཕྱི་གླིང་བ་ལྷ་སྒྲོན་ལྟ་བུ་བཀའ་ཁྲིར་བསྐོས་ན་འགྲིག་པའི་བསམ་བློའི་རྒྱབ་ལྗོངས་ཡང་ཤེས་སོང་།

    Reply
  23. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཨ་རིག་ལགས། ངས་ཧིན་དི་མི་ཤེས། སྐུ་དྲག་གི་ཕྱོགས་ཁོ་ནར་ལངས་ཟེར་བའང་འཁྱོག་གཏམ་ལགས།

    བུ་བཀའ་ཁྲིར་འོས་པ་མང་བ་ཇི་བཞིན་བུད་མེད་བཀའ་ཁྲིར་འོས་པའང་ཡོད། ལར་ནས་བཀའ་ཁྲི་ཞེས་ལས་འགན་འཇིགས་དགོས་པ་དེ་འདྲ་ཅང་ཡོད་པ་མ་མཐོང་། གོང་ན་༸རྒྱལ་བ་རིན་པོ་ཆེ་ཡོད་པ་རེད། དེ་སྔོན་བསོད་ནམས་སྟོབས་རྒྱལ་ལྟ་བུས་ཀྱང་བཀའ་ཁྲི་འཇོན་པ་རེད། ད་གཞན་ཞིག་གིས་མི་འཇོན་པ་མེད། གཙོ་བོ་ཁྱེད་ལྟ་བུའི་མགོ་མཁྲེགས་ཚོས་ཁས་ལེན་མ་ལེན་ཙམ་རེད།

    Reply
  24. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ་ངས་གོང་དུ་མ་བཤད་དམ་བཀའ་ཁྲི་ཐེག་པའི་བུད་མེད་གཅིག་བཙན་བྱོལ་ནང་ན་མེད་པ་ཤེས་བཞིན་ཏུ་ཅིའི་ཕྱིར་རྩོད་པ་བྱེད་། ད་ལྟོས་དང་རྨོ་རྗེ་བཙུན་པད་མ་ཁེ་ན་ཊའི་བུད་མེད་ལྷ་སྒྲོན་ཟེར་བ་གཉིས་རྩོད་གྱིན་འདུག་ཧ་ཧ། སྥྱིར་ཁང་རྡོ་ཅན་འདི་མི་རང་འགར་བ་མིན་སྔར་ནས་བསམ་ཡོད་ད་ཐེངས་ལྷང་ལ་བཏོན་བྱུང་། ཁང་རྡོ་འདི་ངོ་མ་མི་འཇོན་པོ་ཞིག་རེད་ཕལ་ཆེར་ཁོང་བཀའ་ཁྲིར་བསྐོས་ན་ཅི་མི་དྲག། རྒྱ་བོད་དབྱིན་ཧིན་བཞའི་སྐད་ཡིག་ཤེས་བས་ཤེས་ཡོན་ཡོད་པ། ནང་མི་འཁོར་བཅས་ཁེ་ན་ཊའི་མི་སེར་བཟོས་ཡོད་པས་འཇོན་ཐང་ཡོད་པ། ནམ་རྒྱུན་དྲ་ཐོག་འདིར་བོད་དོན་གླེང་པས་ལྷག་བསམ་ཡོད་པ། སྐུ་དྲག་གི་ཕྱོགས་ཁོ་ནར་ལང་བས་རིགས་ཞེན་ཡོད་པ། དྲ་གྲོགས་རྣམ་པའི་གཟིགས་དང་ང་ལ་བརྒྱབ་སྐྱོར་བྱས་ན་མི་བཟང་ངམ་།

    Reply
  25. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་བོད་རིགས་མིན་པའི་སྐོར་དེ་རྫུན་གཏམ་ཡིན་འདུག ཁོང་བོད་ནང་འཁྲུངས་པ་དང་གོར་ཁའི་སློབ་གྲྭར་སོང་བའི་ཆ་ནས་སྐད་ཆ་དེ་འདྲ་ཞིག་ཁྱབ་པ་ཡིན་འདུག ངས་དཔྱད་པ་ཞིབ་ཚགས་མ་བྱས་པར་གོང་དུ་འབྲི་ཐལ་སོང་བར་དགོངས་དག་ཞུ།

    Reply
  26. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ངས་ནི་དྲ་གྲོགས་ཁྲག་དང་བཀྲ་ཤིས་ཟུང་གིས་བཀྲས་མཐོང་ལྷག་སྒྲོན་བཀའ་བློན་ཁྲི་པའི་འོས་གཞིར་མི་རུང་བའི་རྒྱུ་མཚན་རྣམ་དག་ཅིག་བཤད་རྒྱུ་ཡོད་ཤག་ཡིན། དེ་བཞིན་བཅའ་ཁྲིམས་ནང་གསལ་བའི་འོས་ཆོས་ཁག་གོང་དུ་བཀོད་ཟིན་པ་ལྟར། ཁྲིམས་ལུགས་གཞི་བཟུང་ཁུངས་ལུང་རྒྱུ་མཚན་གྱི་ཐོག་ནས་བཤད་ངེས་རེད་སྙམ་བྱུང་། འོན་ཀྱང་བཅའ་ཁྲིམས་ལ་གཟིགས་ཙམ་ཡང་མ་གནང་བར་བཀྲས་མཐོང་ལྷག་སྒྲོན་ལ་བཀའ་ཁྲིའི་འོས་ཆོས་དང་པོ། བོད་ཀྱི་ཡུལ་མི་ཡིན་པ་ཞེས་པའི་ཆ་རྐྱེན་དེ་ཚང་མེད་ལུགས་རྗོད་བཞིན་འདུག་པས། འདིར་བོད་ཀྱི་ཡུལ་མི་ཞེས་པའི་ས་མཚམས་གླེང་བར་བྱ།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི་ཞེས་པའི་འོག
    ༡ བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང་། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་རྒྱུའི་ཐོབ་ཐང་ཡོད།
    ༢ བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་ཁུར་འགན་ཁག་འགལ་མེད་བསྒྲུབས་ཕྱིན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས།
    ༣ རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཞུགས་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབ་སྒྲིག་གཞི་ལྟར་ཞུགས་ཆོག ཅེས་སོགས་གསལ་ཡོད།
    གོང་གི་ཆ་རྐྱེན་ཁག་ལ་གཟིགས་ཚེ། བཀྲས་མཐོང་ལྷག་སྒྲོན་ལགས་བོད་ཀྱི་ཡུལ་མིར་ཞུགས་རྒྱུའི་ཐོབ་ཐང་ཡོད་པར་མ་ཟད། དོན་དངོས་སུ་ཞུགས་ཡོད་པའི་རྟགས་སུ། སྔ་ལོ་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་འཚོགས་སྐབས། བཀྲས་མཐོང་ལྷག་སྒྲོན་ཚོགས་བཅར་ཞུས་ཡོད།༼དམིགས་བསལ་ཚོགས་ཆེན་ནི་བཙན་བྱོལ་བོད་མི་ཁོ་ན་ལས་ཕྱི་མི་བོད་དོན་རྒྱབ་སྐྱོར་བ་རྣམས་བཅར་མི་ཆོག་པའི་ཚོགས་ཆེན་ཞིག་ཡིན་པ་སྤྱི་འཐུས་ལྷན་ཚོགས་ཀྱིས་གསལ་བསྒྲགས་གནང་ཡོད༽
    ད་དུང་དཔེ་མཚོན་གསལ་པོ་ཞིག་ནི། བོད་ཀྱི་ཡུལ་མི་ཡིན་པའི་ཆ་རྐྱེན་དང་བཀའ་བློན་དང་སྤྱི་འཐུས་ལའང་གཅིག་མཚུངས་སུ་བཀོད་ཡོད། ད་ཡོད་སྤྱི་འཐུས་ནང་གི་མདོ་སྨད་སྤྱི་འཐུས་བསྟན་འཛིན་མཁས་གྲུབ་ལ་མཚོན་ན། ཁོང་གི་ཕ་བོད་རིགས་དང་། ཨ་མ་རྒྱ་རིགས་རེད། བོད་ཡིག་དང་བོད་སྐད་ཡག་པོ་མི་ཤེས། འོན་ཀྱང་སྤྱི་འཐུས་སུ་བདམས་ཡོད་ལ་ཆ་རྐྱེན་ཚང་བར་བརྩིས་ཡོད།
    ད་ཡོད་བཀའ་བློན་ནང་གི་འཕྲོད་བསྟེན་བཀའ་བློན་གྱི་རྒྱལ་ཁོངས་ཨོ་སེ་ཊི་ལི་ཡ་རེད། འོན་ཀྱང་བཀའ་བློན་དུ་བསྐོས་ཡོད། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་དོན་གཅོད་མང་པོ་ཞིག་ཀྱང་རྒྱལ་ཁོངས་ཕྱིའི་རྒྱལ་ཁབ་རེད།
    ཡང་ཕྱི་འབྲེལ་བཀའ་བློན་ལ་མཚོན་ན། ཁྱོ་ག་བོད་རིགས་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་གཉེན་སྒྲིག་བྱས་ཏེ་རིམ་པས་བོད་ཀྱི་ཡུལ་མིར་གྱུར་པ་ཞིག་ལས། དེ་སྔོན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཡིན་པའི་སྐད་ཆ་ཞིག་གོ་རྒྱུ་འདུག བདེན་མིན་མི་ཤེས།

    ད་བཀྲས་མཐོང་ལྷག་སྒྲོན་ལ་བཀའ་བློན་ཁྲི་པའི་འོས་ཆོས་ཚང་གི་ཡོད་མེད་གསལ་པོ་ཆགས་སོང་ངམ།

    རང་ཅག་ཚང་མས་བཅའ་ཁྲིམས་ལ་དོ་སྣང་ཕྲན་བུ་གནང་ཐུབ་ན་ལེགས།

    Reply
  27. བཀྲ་ཤིས། says:
    ལོ་ 16 སྔོན།

    ཁོ་རེ་ཁང་གསར། ཁྱེད་རང་གི་ཟིན་བྲིས་དེ་ཚོ་སྙན་པོ་དང་གཞན་དང་མི་འདྲ་བ་འདུག་སྟེ། ཆབ་སྲིད་དང་ཁྲིམས་ཀྱི་གོ་རྟོགས་ཁྱོད་ལ་ངོ་མ་ཡོད་ས་མ་རེད།

    ཁྲག་དང་ངེད་གཉིས་ཀྱིས་ཧ་ཅང་གསལ་པོའི་སྒོ་ནས་བཀྲས་མཐོང་ལྷག་སྒྲོན་ལ་བོད་ཀྱི་ཡུལ་མིའི་འོས་ཆོས་ཚང་མི་འདུག་ཟེར་གྱི་ཡོད།

    Reply
  28. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ཁྱེད་རྣམ་པ་སྲིད་དོན་གྱི་གནད་འགག་ཤེས་ཀྱི་ཡོད་མདོག་བྱེད་མཁན་དང་། བཀའ་བློན་ཁྲི་པར་འོས་དང་མི་འོས་ཀྱི་ས་མཚམས་ཤེས་ཀྱི་ཡོད་ཟེར་མཁན་ཚོས། བཙན་བྱོལ་བོད་མིའི་ཁྲིམས་ཡིག་གོང་ན་མེད་པ་བཅའ་ཁྲིམས་རིན་པོ་ཆེ་ལ་མིག་ལྟ་ཙམ་ཡང་བྱེད་ཀྱི་ཡོད་ས་མ་རེད།
    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་པའི་ནང་། བཀའ་བློན་ཁྲི་པ་དང་བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེ་བོ་ནི།
    ཀ བོད་ཀྱི་ཡུལ་མི་ཡིན་པ།
    ཁ རང་ལོ་སོ་ལྔ་ཧྲིལ་པོ་ལོན་པ།
    ག ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
    ང། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
    ཆ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱིས་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་འོས་གཞིར་མ་འོས་པར་ཐག་བཅད་པ་མ་ཡིན་པ།
    ཇ། ཡུན་ཚད་གཉིས་བསྟུད་མར་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ།
    ཉ། བཅའ་ཁྲིམས་དོན་ཚན་ཉེར་དགུ་པའི་ནང་གསེས་ ༣ པའི་ཀ༽དང་ ༤ ལྟར་བཀའ་བློན་ཁྲི་པའམ་བཀའ་བློན་འཕོ་འགྱུར་བྱ་དགོས་བྱུང་བ་མ་ཡིན་པ།
    ཏ། བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང་། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ་བཅས་རེད།

    བཀྲས་མཐོང་ལྷག་སྒྲོན་ལ་གོང་གསལ་གྱི་ནང་ནས་ཆ་རྐྱེན་ག་རེ་ཚང་མི་འདུག རྒྱུ་མཚན་ཁུངས་ལུང་དང་བཅས་བཤད་ཤོག

    Reply
  29. བཀྲ་ཤིས། says:
    ལོ་ 16 སྔོན།

    ཁོ་རེ་ཁང་གསར། བཀྲས་མཐོང་ལྷག་སྒྲོན་གྱི་ཨ་མ་ཕྱི་རྒྱལ་བ་རེད། མོ་རང་ཁེ་ཎ་ཌ་ལ་ཡོད་རེད། མོ་ལ་ཆ་རྐྱེན་ཇི་ལྟར་ཚང་གི་རེད། དགོད་མ་སློང་།

    Reply
  30. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དྲ་གྲོགས་མེ་ཞེས་པ་དེ་དྲ་གྲོགས་ཁྲག་ལ་བཅོས་རོགས། ནོར་འཛོལ་འདིར་དགོངས་འགལ་མེད་པར་ཞུ།

    Reply
  31. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    དྲྭ་གྲོགས་མེ་ལགས། སྐུ་ཉིད་ཀྱི་ཁ་རི་ཁ་ཐུག་གི་དགོངས་འཆར་ལ་གུས་བརྩི་ཡོད།
    ངས་ཆབ་སྲིད་ཀྱི་གནད་ལུགས་མི་ཤེས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ང་ལ་སྐད་ཆ་བཤད་ཆོག་པའི་དབང་ཆ་གནང་ཡོད་པས་མུ་མཐུད་བཤད་འདོད་བྱུང་།

    ༡ ངས་བཙན་བྱོལ་ནང་གི་བུད་མེད་འཇོན་ཐང་ཅན་ཁ་ཤས་དཔེ་མཚོན་དུ་བཀོད་པ་ཡིན། ཕོ་མཆོག་མོ་དམན་གྱི་ལྟ་སྟངས་དོར་ཏེ་བལྟས་ན། ཨ་མ་རྗེ་བཙུན་པདྨས་འཇོན་པ་ལྟ་བུ་ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་འཇོན་མེད། ཆབ་སྲིད་ཀྱི་ཐོག་ནས་དེ་ལྟར་རེད་ལ་འཛིན་སྐྱོང་གི་ཐད་ནས་ཀྱང་དེ་ལྟར་རེད། འདི་འདྲའི་བུད་མེད་ཅིག་དང་འགྲན་ཐུབ་པའི་སྐྱེས་པ་གཞན་ཞིག་འདུག་གམ། རྔ་བ་ཚེ་རྒྱམ་དང་བློ་བཟང་སེང་གེ་ལྟ་བུ་བཀའ་ཁྲིར་འོས་ཟེར་ན། བྱས་རྗེས་མིག་མདུན་དུ་མཐོང་རྒྱུ་ཡོད་པའི་ཨ་མ་རྗེ་བཙུན་པདྨ་དང་རིན་ཆེན་མཁའ་འགྲོ། བཀྲས་མཐོང་ལྷག་སྒྲོན་ལྟ་བུ་མི་འོས་པའི་རྒྱུ་མཚན་ཅི། ཁོང་ཚོ་བུད་མེད་ཡིན་པའི་ཕྱིར་ཟེར་རམ། ཁྱེད་རང་གིས་༼ཨ་མ་རྗེ་བཙུན་པདྨ་ནི་བྱམས་སྙིང་རྗེ་ཡི་བདག་མོ་ཞིག་དང་ལྷག་བསམ་རྣམ་དག་གི་མ་ཡུམ་ཞིག་རེད་ལ་བོད་ཕྲུག་ཁྲི་སྟོང་མང་པོའི་ཨ་མ་ཡང་ཡིན། ཡིན་ཡང་དེའི་རྐྱེན་གྱིས་བཀའ་བློན་ཁྲི་བར་འདེམས་འོས་པ་མ་རེད་༽ཅེས་བཀོད་འདུག བཀའ་བློན་ཁྲི་པར་འདེམས་མ་འོས་པའི་རྒྱུ་མཚན་དེ་ཅི་འདྲའི་དགོད་བྲོ་ཨང།
    དེ་བས་ཀྱང་དགོད་བྲོ་བ་ཞིག་ནི་རིན་ཆེན་མཁའ་འགྲོའི་ཐད། ཁྱེད་ཀྱིས་༼རིན་ཆེན་མཁའ་འགྲོ་ནི་ཕར་འགྲོ་ཚུར་འགྲོ་བྱེད་ནས་ཆབ་སྲིད་པའི་གྲིབ་ནག་འོག་མཐར་མ་མྱོང་ལ། གོ་ཐོས་སུ་ད་སྐབས་ཧ་ཅང་གིས་ཐང་ཆད་ཡོད་པར་བརྗོད༌༽ཅེས་བཤད་པ་འདི་རེད། ཆབ་སྲིད་པའི་གྲིབ་ནག་འོག་ནས་ཐར་བའི་བཀའ་བློན་ཁྲི་པའི་འོས་གཞི་ཞིག་སུ་འདུག ཐང་ཆད་པའི་སྐོར་ཟེར་ལོ་ཐོས་ལོ་འདིས་ཅི་མཚོན། གཉིས་ཀ་ཁུངས་དང་བཅས་བརྗོད་ཐུབ་ན་ལེགས།

    ༢ འཛིན་གྲྭའི་འགན་བདག་འདེམས་ཀྱིན་མེད་པ་ངས་ལོས་ཤེས། གོང་གི་བུད་མེད་འདི་དག་འཛིན་གྲྭའི་འགན་བདག་གི་གོང་དུ་སླེབས་ཟིན་པ་ཤ་སྟག་རེད།

    ༣ བཀྲས་མཐོང་ལྷག་སྒྲོན་བོད་སྐད་བདེ་པོ་མེད་ཀྱང་ཚིག་གཅིག་ཀྱང་མི་ཤེས་པ་དེ་འདྲ་མ་རེད། ཁོང་ལྟ་བུ་བཀའ་བློན་ཁྲི་པའི་འོས་འགྲན་ནང་ཞུགས་ན་ཁྲིམས་མཐུན་ཡིན་པ་དེ། ཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཆ་རྐྱེན་བསྐྲུན་འདུག བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གནང་བའི་ཁེ་དབང་ཞིག་ཁྱེད་ཀྱིས་ཇི་ལྟར་ནག་གསུབ་གཏོང་ཐུབ། ཁྱོད་ཀྱིས་བཀྲས་མཐོང་ལྷག་སྒྲོན་ལ་༼བཀའ་བློན་ཁྲི་བའི་ཐོག་མའི་འོས་ཆོས་ཀྱང་མེད། ༽ཅེས་བཤད་འདུག འོས་ཆོས་ཐོག་མ་དེ་ཇི་ལྟར་ཚང་མི་འདུག བཅའ་ཁྲིམས་རང་གི་ཐོག་ནས་ཁུངས་སྐྱེལ་གནང་ན་འོས།

    ངས་ནི་ཕོ་མོ་འདྲ་མཉམ་ལ་གཉིས་ནས་བརྩི་བཞིན་ཡོད་པ་འདིས་མིན་ནམ། བཙན་བྱོལ་ནང་བུ་ཚོས་གང་འཇོན་པ་རྣམས་བུད་མེད་ཚོས་ཀྱང་འཇོན་འདུག་པར་མཐོང་ལ། བུད་མེད་ཚོས་མ་འཇོན་པ་ཞིག་བུ་ཚོས་ཀྱང་འཇོན་དཀའ་བར་སྙམ།

    ངས་མིང་ཐོ་ཁ་ཤས་བཏོན་པ་ཙམ་ལ་ངར་ངར་གནང་དགོས་པ་མ་རེད། འདི་ཙམ་ལ་ངར་ངར་གནང་མཁན་མང་པོ་བྱུང་ན་དངོས་གནས་བུད་མེད་ཀྱི་བཀའ་བློན་ཁྲི་པ་ཞིག་འབྱུང་དཀའ་བ་རེད།

    Reply
  32. ཁྲག says:
    ལོ་ 16 སྔོན།

    ཁང་གསར་རྡོ་རྗེ་ཟེར་བ་ཁྱེད་ཀྱིས་སྔོན་ཆད་ཟིན་བྲིས་སྤེལ་ཁུལ་བྱེད་ནས་མི་མང་པོའི་སེམས་པར་ཆེས་རྒྱུན་ལྡན་གྱི་བར་ནས་སེམས་འགུལ་ཐེབས་སུ་བཅུག་ཡོད། ཡིན་ཡང་ཆབ་སྲིད་དང་གནས་ལུགས་མི་ཤེས་ན་འཚང་ཁ་བརྒྱབ་ནས་ཤོད་དགོས་པ་མ་རེད། ཁྱེད་ཀྱིས་ང་ཚོའི་བོད་བཙན་བྱོལ་གཞུད་གི་བཀའ་བློན་ཁྲི་བ་ནི་སློབ་གྲྭ་དེ་ཚོས་རྒན་བདག་འདེམས་བཞིན་པར་འདོད་དམ། ཁྱེད་ཀྱིས་གོང་ནས་བརྗོད་པའི་ཨ་མ་རྗེ་བཙུན་པདྨ་ནི་བྱམས་སྙིང་རྗེ་ཡི་བདག་མོ་ཞིག་དང་ལྷག་བསམ་རྣམ་དག་གི་མ་ཡུམ་ཞིག་རེད་ལ་བོད་ཕྲུག་ཁྲི་སྟོང་མང་པོའི་ཨ་མ་ཡང་ཡིན། ཡིན་ཡང་དེའི་རྐྱེན་གྱིས་བཀའ་བློན་ཁྲི་བར་འདེམས་འོས་པ་མ་རེད། རིན་ཆེན་མཁའ་འགྲོ་ནི་ཕར་འགྲོ་ཚུར་འགྲོ་བྱེད་ནས་ཆབ་སྲིད་པའི་གྲིབ་ནག་འོག་མཐར་མ་མྱོང་ལ། གོ་ཐོས་སུ་ད་སྐབས་ཧ་ཅང་གིས་ཐང་ཆད་ཡོད་པར་བརྗོད། གཞན་ད་དུང་ཀྱེད་ཀྱིས་བརྗོད་པའི་བུད་མེད་དེ་དག་ནི་སློབ་སྦྱོང་ཡག་པོ་དང་བློ་སྟོབས་ཅན་རྐྱང་རྐྱང་ཡིན་ཡང་རུང་མོད་བཀའ་བློན་ཁྲི་བར་འདེམས་འོས་མ་རེད། ལྷག་པར་དུ་ཁྱེད་ཀྱིས་མི ཤེས་བཞིན་བཤད་དགོས་དོན་ཡོད་མ་རེད། བཀྲས་མཐོང་ལྷག་སྒྲོན་ཟེར་བའི་བོད་མི་པྱེད་ཀ་ཅན་གྱི་བུད་མེད་དེ་ཡིས་བོད་སྐད་ཚིག་གཅིག་རྐྱང་མི ཤེས་ལ་ལྷག་པར་དུ་བཀའ་བློན་ཁྲི་བའི་ཐོག་མའི་འོས་ཆོས་ཀྱང་མེད། ཁྱེད་ཀྱིས་དོན་ངོ་མ་གང་ཡང་མམ་ཤེས་པ་རེད་དམ་བོད་མི་རིགས་ལ་ཁྱད་གསོད་བྱེད་ཀྱིན་ཡོད་པ་རེད། གོང་གི་བུད་མེད་དེ་དག་ཚོགས་པ་རེ་དང་སྒྲིག་འཛུགས་རེ་ཡི་མགོ་ཁྲིད་བྱེད་ན་འོས་ཀྱང་བོད་མི་ས་ཡ་དྲུག་གི་ཡིད་ཆེས་དང་བློ་འགེལ་བྱེད་སའི་བཀའ་བློན་ཁྲི་བ་གང་དུ་ཡོང་། ཁྱེད་ཀྱི་བསམ་བློ་མ་བཏང་བར་སྐད་ཆ་གང་བྱུང་དུ་བཤད་དེ་བོད་མི་ས་ཡ་དྲུག་གི་རེ་བ་ནི་ཇི་འདྲའི་མདོག་མེད་སྐྱ་མདོག་ཞིག་ཏུ་བསྒྱུར་གྱིན་འདུག་ཨང་།
    དྲ་གྲོགས་ཚོ། བུད་མེད་ཡང་པོ་མང་པོ་ཡོད་རེད། ཡིན་ཡང་བཀའ་བློན་ཁྲི་བའི་འོས་གཞི་ཅན་མེད་པ་ནི་ང་ཚོས་གསལ་བོ་ཤེས་ཀྱིན་རེད། ད་དུང་ང་ཚོས་འུ་ཚུགས་ཀྱིས་བུད་མེད་ཅིག་འདེམས་དགོས་ཟེར་ན་དེ་གང་ལ་གོ་དགོས་པ་རེད་དམ། སྣ་སྣེ་དང་ཟ་ཟུར་ནས་བུད་མེད་རེ་མིང་བཏོན་ནས་ངེས་པར་དུ་བུད་མེད་ཅིག་འདེམས་དགོས་པ་ཡིན་ན་ང་ཚོས་བཙལ་དགོས་པ་རེད།མེད་བཞིན་དུ་ཨུ་ཚིགས་བརྒྱབ་ན་རྒྱ་ནག་གིས་ང་ཚོར་ལྟོས་ནས་རྒད་མོ་རྒོད་ཀྱིན་ཡོད་ངེས།
    བཀའ་བློན་ཁྲི་བ་དེ་འཛིན་གྲྭའི་རྒན་བདག་འདེམས་འདེམས་མ་བྱེད་རོགས་གནང་་་་ངས་ཞུ་བ་འཐེན་པ་་ཡིན།་་བཀའ་ཁྲི་ཟམ་གདོང་ལྟ་བུའི་བློ་ཡིད་འགེལ་ཆོག་ཆོག་དང་གྲོས་ཚོགས་དང་སྒྲིག་འཛུགས་སོགས་སྟངས་འཛིན་བྱེད་ཕོད་མཁན་་་ཕྱོགས་གང་གི་ཆ་ཡིན་ཡང་རིག་གནས་སློབ་གསོའི་ཁ་ཕྱོགས་ངེས་ཅན་ལྡན་པ་སོགས་མི་རྣམ་དཔྱོད་ཅན་དེ་འདྲ་ང་ཚོས་འཚོལ་ཐུབ་རྒྱུ་དཀའ་མོ་རེད། ཡིན་ཡང་ང་ཚོས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་འཚོལ་དགོས་ཀྱིན་ཡོད་པ་རེད། ངས་ད་དུང་ངའི་འབྱུང་འགྱུར་གྱི་འོས་བླུགས་ས་ཞིག་རག་མ་སོང་།

    Reply
  33. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    ངས་བཙན་བྱོལ་གྱི་བུད་མེད་ཁོངས་འཇོན་ཐང་ཅན་འགའ་ཞིག་མཐོང་གི་འདུག

    ༡། དཔེར་ན། བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་བཅུ་གྲངས་བཙུགས་ཏེ་བཙན་བྱོལ་གྱི་བོད་ཕྲུག་བརྒྱ་ཆ་ ༥༠ ལྷག་ལ་སློབ་སྦྱོང་གི་གོ་སྐབས་གནང་མཁན། ཤེས་རིག་བཀའ་བློན་ཟུར་པ། གངས་ཅན་བོད་ཀྱི་ཨ་མའི་གཟེངས་རྟགས་ཀྱིས་མཚོན་རྒྱལ་སྤྱིའི་གཟེངས་རྟགས་བཞེས་མྱོང་མཁན། བོད་ཀྱི་སྐུ་ཚབ་ཚོགས་པའི་ཁོངས་སུ་བོད་དང་རྒྱ་ནག་ལ་ཕེབས་མྱོང་བ་ལྷ་སྐུ་རྗེ་བཙུན་པདྨ་གཅིག་ཡིན།

    ༢། བུད་མེད་ཚོགས་པའི་ཚོགས་གཙོ་ཟུར་པ་དང་བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན། བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་ཕྱག་འདེབ་མཁན། ཤེས་རིག་དང་འཕྲོད་བསྟེན་བཀའ་བློན་ཟུར་པ། དཔའ་མཛངས་ཀྱི་འབོད་སྒྲ་ཞེས་པའི་རྒྱལ་སྤྱིའི་གཟེངས་རྟགས་ཐོབ་མྱོང་བའི་བཀའ་ཟུར་རིན་ཆེན་མཁའ་འགྲོ་གཉིས་ཡིན།

    ༣། བུད་མེད་ཚོགས་པའི་ཚོགས་མི་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུལས་དོན་ལོ་མང་གནང་མྱོང་བ། དེང་སྐབས་མཐོ་སློབ་དང་གཞོན་སྐྱེས་ཁག་གི་ཁྲོད་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་མཁན་གསོ་སྐྱོང་ཐུབ་སླད། ཟབ་སྦྱོང་སྣ་མང་གོ་སྒྲིག་གནང་མཁན། བོད་མི་མང་སྤྱི་འཐུས་ལས་ཐོག་ཨོ་དགའ་ཚང་ཆུ་སྒྲོན་གྱིས་གསུམ་ཡིན། སྔ་ལོ་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་སྐབས། རྒྱ་གར་དང་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་སྐབས་སྤྱི་འཐུས་ཚོའི་ནང་ནས་ཁོང་འཇོན་ཤོས་ཤིག་ཡིན་པར་གྲགས། དབྱིན་སྐད་དང་ཧིན་སྐད་ཧ་ཅང་ལེགས། བོད་སྐད་ཀྱང་འགྲིག་ངེས་ཤེས།

    ༤། ད་དུང་ལོ་མང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བ་དང་། དེ་རྗེས་ཨ་རིར་འབུམ་རམ་པའི་སློབ་སྦྱོང་ཟིན་རྗེས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་ཏེ་ལས་དོན་ནུས་པ་ཐོན་པ་གནང་མཁན་བུ་མོ་ཚེ་རིང་ཡེ་ཤེས་སམ་ཡོངས་གྲགས་སུ་བྷི་ཚེ་རིང་ཟེར་བ་ཁོང་ཡང་བུད་མེད་ཁོངས་ནས་འཇོན་ཤོས་ཤིག་རེད།

    ༥། ད་དུང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་བཞེས་མི་སྣ་དང་བོད་ཀྱི་དཔའ་མོ་གྲགས་ཅན་བཀྲས་མཐོང་ལྷག་སྒྲོན་ཡང་ཤེས་ཚད་དང་ཉམས་མྱོང་། མཐོང་རྒྱ་ཐོས་རྒྱ། དཔའ་བློ་ཁོག་སོགས་འགྲན་ཟླ་མེད་པ་ཞིག་ཡིན། སྒེར་གྱི་ལྟ་ཚུལ་རང་བཙན་གཙང་མ་རེད། ད་ལྟ་ཁེ་ན་ཌར་བཞུགས་ཡོད།

    ༦། བོད་གཞུང་གི་ལས་དོན་ཐོག་ཧ་ལམ་ཚེ་གང་ཞབས་འདེགས་ཞུས་ཏེ་གནས་རིམ་དྲུང་ཆེ་ཙམ་བར་སླེབས་རྗེས། བོད་གཞུང་འཕྲོད་བསྟེན་བཀའ་བློན་གྱི་འགན་ཁུར་བཞེས་མྱོང་བ་བསམ་མཁར་དབྱངས་སྐྱིད་ཀྱང་འཇོན་པོ་རེད།

    ད་དུང་ད་ལྟའི་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ཀྱང་ཡོད་པ་རེད། ང་མི་གཅིག་གིས་འདི་ཙམ་དྲན་དུས་རྣམ་པ་ཚོས་ཁ་སྣོན་ཏོག་ཙམ་གནང་རྒྱུ་ཏན་ཏན་ཡོད་རེད། འདི་ཚོའི་ནང་ནས་གཅིག་བདམས་ན་བཀའ་བློན་ཁྲི་པ་མ་འཇོན་པ་ལྟ་ཨ་ཡོད། མི་ཟེར་བ་དེ་ཡར་བཞག་ན་རིམ་པས་ཁོ་རང་གཅིག་ཆགས་འགྲོ་ཡི་འདུག

    Reply
  34. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    འདི་མིན་། ཐུབ་བསྟན་ལུང་རིག་ལ་སྙིང་སྟོབས་དང་བོད་དོན་ཤེས་ཚད་ཀྱིས་མི་འདང་།
    ཁོའི་ལག་ལ་བཞག་ན་སྔར་བྱས་ཆུད་ཟོས་རང་རེད།

    Reply
  35. རི་བོང། says:
    ལོ་ 16 སྔོན།

    བོད་པ་ཚང་ལ་བཀའ་ཁྲིའི་འགན་ཐེག་མཁན་གྱི་བུད་མེད་ཅིག་མེད་པ་གསལ་བོ་རེད། དེ་ཨུ་ཚུགས་རྒྱག་དོན་ཡོད་པ་མ་རེད། ད་ཡིན་ན་ལྐོག་ཟ་རུལ་སོང་གི་དྲི་ཙམ་ཡང་མེད་ལ། ཤེས་ཡོན་དང་ལྷག་བསམ་གྱིས་ཕྱུག་པའི་དྲང་ཚུགས་ཅན་བཀའ་ཁྲི་ཟམ་གདོང་འདྲ་བོ་ཞིག་ང་ཚོ་ལ་རེག་མི་སྲིད། ཡིན་ནའང་ཐུབ་བསྟན་ལུང་རིགས་ལ་ཁོ་རང་གི་ཤན་ཅུང་ཞུགས་ཡོད་པ་རེད་ལྐོག་ཟ་རུལ་སོང་ནི་མེད་ཚོད་འདུག ཉམས་མྱོང་གང་ཡང་གང་འཚམ་ཡོད་པ་རེད། ཁོ་འདེམས་ན་གང་འདྲ་ཡིན་ནམ།

    Reply
  36. བསེ་རུ། says:
    ལོ་ 16 སྔོན།

    བུད་མེད་ཞིག་བཀའ་བློན་དུ་འོས་རུང་བ་ཞིག་བཙན་བྱོལ་གྱི་སྤྱི་ཚོགས་ནང་མི་རྙེད་ཅེས་བཤད་ན་མཐའ་གཅིག་ཏུ་བདེན་མིན་མི་ཤེས་ཀྱང་། འུད་བརྗོད་ནི་མ་ཡིན་ནོ།། ད་ལྟའི་བཀའ་བློན་ལས་ལྷག་པའི་ཤེས་འཇོན་ལྡན་པ་དང་། འཕྲལ་ཕུགས་ཀུན་ཏུ་གཟིགས་ཐུབ་པའི་སྐྱེས་པ་ཞིག་ཀྱང་ཧ་ཅང་དཀོན་པ་མ་ཡིན་ནམ།

    Reply
  37. རྟ་བདུན་དབང་བོ། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་བར་བུད་མེད་འདེམས་ན་རྩོད་པ་མེད་པ་འདྲ འོན་ཀྱང་དེར་འོས་པའི་བུད་མེད་ཤེས་འཇོན་གཉིས་ལྡན་ཞིག་ཡོད་མེད་དེ་རེད། གལ་ཏེ་དེ་འདྲ་ཞིག་རྙེད་ན་འོས་ཤོག་བླུག་རུང་བ་ཞིག་རེད། །

    Reply
  38. ཁྲག says:
    ལོ་ 16 སྔོན།

    ང་ཚོས་བཀའ་བློན་ཁྲི་པ་བུད་མེད་ཅིག་འདེམས་རུང་མིན་བཤད་ན་བོད་་མི་བཀའ་བློན་ཁྲི་པའི་འོས་ཆོས་ལྡན་པ་ཞིག་ཡིན་ན་སུ་ཡིན་རུང་འགྲིག་གྱིན་རེད། བཅའ་ཁྲིམས་ནང་དུ་གསལ་བའི་འོས་ཆོས་འཚང་མཁན་གང་ཡང་འགྲིག་གྱིན་ཡོད་ཀྱང་། ང་ཚོའི་གནད་འགག་ནི་བོད་ཀྱི་སྤྱི ཚོགས་ནང་དུ་བོད་མིའི་བདེན་དོན་དང་འཐབ་རྩོད་ཐད་ཤེས་འཇོན་གཉིས་ཆ་གང་གི་ཆ་ནས་ནུས་པ་འདོན་ཐུབ་མཁན་དང་བློ་སྟོབས་ཡོད་མཁན་གྱི་བུད་མེད་ཅིག་ཡོད་མེད་དང་། ཡང་ན་བུད་མེད་སུ་ཞིག་ཡོད་མེད་དེ་གསལ་བོ་བཟོ་དགོས་པ་ལས། དེ་ལྟར་གསུངས་སོང་དང་དེ་ལྟར་འགྲིག་གྱིན་རེད་ཟེར་ནས་སྔོན་ཐོན་ཡིན་མདོག་བྱེད་ན་ང་ཚོའི་རྩ་བའི་འཐབ་རྩོད་ཀྱི་ཁ་ཕྱོགས་ནོར་འགྲོ་གིན་ཡོད་པ་རེད།
    མ་གཞི་ནས་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་དང་རྒྱ་རི་སྒྲོལ་མ་ལྟ་བུ་ནི་བཀའ་བློན་གྱི་མིང་རེ་བཟུང་ན་འོས་མཚམས་ཤིག་ཡིན་པ་ལས། མི་རིགས་ཀྱི་སྣེ་ཁྲིད་མཁན་གྱི་མིང་དེ་དེ་ཚོས་འཛིན་དགོས་ན་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་གཙོས་པའི་སྒྲིག་གཞི་འཛིན་སྐྱིང་ཡོད་ཚད་འཐོར་འགྲོ་བའི་ཉེན་ཁ་ཆེ། བུད་མེད་རྩོམ་པ་པོ་ཚེ་རིང་སྐྱིད་ཀྱིས་གསུངས་པ་བཞིན་ད་ལྟའི་ང་ཚོའི་སྤྱི་ཚོགས་ནང་ནས་ཕོ་མོ་དབྱེ་འབྱེད་ཀྱི་སྐད་ཆའི་དོན་དུ་སྔོན་ཐོན་ཡིན་མདོག་གིས་བུད་མེད་ཅིག་འདེམས་མི་རུང་བ་དང་། དམིགས་བསལ་གྱིས་ང་ཚོས་བོད་ཀྱི་སྤྱི་ཚོགས་ནང་དུ་བུད་མེད་དེ་འདྲ་ཞིག་ཡོད་མེད་ལ་བསམ་བློ་དང་པོ་ནས་གཏོང་དགོས་སོ།

    Reply
  39. གླེན་པ་ལུག says:
    ལོ་ 16 སྔོན།

    བཀའ་ཁྲིར་འོས་པའི་བོད་མོ་ཞིག་དཀོན་པ་མ་ཟད། བོད་མི་ཞིག་ཀྱང་དཀོན་པོ་འདུག ངོ་མ་བཤད་ན། ཨ་རིག་གླེན་རྒན་གྱིས་བཤད་པ་ལྟར། དངོས་གནས་སླར་ཡང་བླ་རྒན་ཞིག་འཚོལ་ཐབས་བྱས་ན་བཟང་བ་འདྲ། མ་མཐའ་ཡང་ཁྱིམ་ཚང་གི་ཆེད་དུ་འདུར་མི་དགོས་ལ། རྨོངས་ཚོད་ཀྱི་འཇུག་པ་དེ་ཡང་བླ་རྒན་ཚོར་མེད་པས། ཨེ་་་་་་་་་་་་་་་ཕལ་ཆེར་བླ་རྒན་ཞིག་འཚོལ་དགོས་རྒྱུ་རེད།

    Reply
  40. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    བོད་ཀྱི་མི་སྐྱ་ཕོ་མོ་ལ་མཐོང་ཆུང་མིན་ལ་བྱེད་དོན་ཡང་མེད། དོན་དངོས་བཤད་པ་ཙམ་ཡིན་༼ ཚིག་གནོང་ལ་ཁེལ་ན་བདེན་ནི་ཡིན།། མདའ་འབེན་ལ་ཕོག་ན་གཟུ་ནི་ཡིན།།༽ ཟེར་བ་ལྟར་རེ་ཟུང་ལ་ཕོག་རྒྱུ་ཡིན་པ་སྔར་ནས་ཤེས་ཡོད། གང་ལྟར་༧ གོང་ས་ཏ་ལའི་བླ་མ་དང་བཀའ་ཁྲི་ཟམ་གདོང་བླ་མ་གཙོ་བྱས་བོད་ཕྱི་ནང་གཉི་གའི་བླ་གྲྭ་མང་པོ་ཞིག་གིས་ཡོད་ཚད་མི་རིགས་འདིའི་ཆེད་དུ་བཏང་ནས་ད་ཆ་བོད་མི་རིགས་ལ་རང་དབང་ཅུང་ཐོབ་ལ་ཉེ་དུས་རང་དོན་མ་གཏོགས་མི་བསམ་པའི་མི་སྐྱ་གཅིག་གི་ལག་ལ་བཞག་ནས་བྱས་ཚད་ཆུད་ཟོས་སུ་བཏང་ན་ཕངས་བ་ཞིག་མ་རེད་དམ།

    Reply
  41. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན། ཨ་རིག་གླེན་རྒན་འདིས་བོད་ཀྱི་མི་སྐྱ་ཕོ་མོ་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་ལུགས་ལ་གཟིགས་དང་། ཁྱེད་ཀྱི་ངག་གི་ཉེས་པ་དེ་གང་དུ་བཞག ཨ་ཨ་་་་་་་་་་་་་་་་

    Reply
  42. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    ཨ་རིག་གླེན་རྒན་ལགས། ཁྱོད་ཀྱི་ཚིག་ཐག་ཆོད་པོའི་ཐོག་ནིད་ལྟའི་ཆ་ལ་བཀའ་ཁྲིའི་འགན་ཐེག་མཁན་གྱི་
    བུད་མེད་གཅིག་གནམ་འོག་འདི་ན་མི་འདུག་ཟེར་བ་དེ་ བོད་མི་རིགས་ཞིག་གི་བུ་མེད་ལ་འཐོང་ཆུང་དང་ཆེད་གསོད་བྱས་པ་དེ་ ཁྱོད་ཀྱི་ནག་ཉེན་ས་སྟེང་མི་ཤོང་བ་བཟོས་འདུག་དེ་་ཕྱིར་རྒྱ་རི་སྒྲོལ་མ་ལ་
    ཕྱག་གསུམ་འཚལ་ཞིག་
    དོན་དངོས་ལ་བཀའ་ཁྲིའི་འོས་མི་ལ་ཆ་ཅན་གང་ཡོད་མེད་གསལ་པོ་གཟོ་དགོས།

    Reply
  43. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    མི་སྐྱ་ཕོ་མོ་ཕལ་བའི་ནང་ན་བཀའ་ཁྲི་ཐུབ་མཁན་གཅིག་ཀྱང་མེད།
    དེས་ན་ཡང་བླ་རྒན་གྲྭ་རྒན་གང་རུང་ཞིག་གིས་བོད་མི་སྐྱོང་རང་སྐྱོང་རེད།
    ངོ་མ་མི་སྐྱ་འདི་ཚོ་ད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  44. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གྲོགས་དགུ་ཚིག་ལགས་རེ་བ་ཆེན་པོ་མ་རྒྱག་བོད་རིགས་བུ་མེད་ནང་ན་བཀའ་ཁྲིའི་འགན་ཐེག་མཁན་གཅིག་མེད་ན་གཞན་ཞིག་དེ་བས་ཀྱང་ཡོངས་མི་སྲིད་ལ་ཡོང་དགོས་ཀྱང་མེད།
    བུད་མེད་ཕལ་ཆེ་བ་ཤེས་ཡོན་མེད་། སྣ་གཅིག་ཅན་རེ་ཡོད་ཀྱང་རིགས་ཞེན་མེད། གནད་འགག་གི་དུས་འདིར་བཀའ་ཁྲི་ཐུབ་པའི་སྐྱེས་མ་གཅིག་དགུ་གི་མི་ཚད་དགུ་མིག་ཡོད་ཀྱང་མི་རྙེད་པའི་འབྲས་མེད་ངལ་བ་མ་བྱེད་ལོ།

    Reply
  45. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    ཧ་ཧ་

    Reply
  46. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཨ་ཙི་དེ་འདྲའི་ཧམ་བཤད། བཀའ་ཁྲིའི་འགན་ཐེག་མཁན་གྱི་བུད་མེད་གཅིག་གནམ་འོག་འདི་ན་མེད་པའི་དཔང་རྟགས་ཅི་ཡོད། ཁྱེད་ཀྱིས་གནམ་འོག་གི་བུད་མེད་ཐམས་ཅད་ལ་རྒྱུས་ལོན་བྱས་ཟིན་ནམ། སྤྱིར་སྐབས་འདིར་བོད་ཀྱི་བཀའ་ཁྲིའི་འགན་ཐེག་མཁན་དེ་བོད་ཀྱི་སྐྱེས་པའམ་བུད་མེད་གཅིག་དགོས་མ་གཏོགས་
    དེ་མིན་གནམ་འོག་གི་བུད་མེད་ཐམས་ཅད་ཀྱི་ཁྲོད་ན་བོད་ཀྱི་བཀའ་འོས་པའི་བུད་མེད་གཅིག་བཚལ་མཁན་དེ་ཨ་རིག་གླེན་རྒན་གཅིག་པུ་ཡིན་པ་འདྲ།

    Reply
  47. གནས་ཚང་། says:
    ལོ་ 16 སྔོན།

    གལ་སྲིད་བུད་མེད་ཅིག་གདམ་དགོས་ཀྱི་ཡོད་ན། དེང་གི་ཕྱི་དྲིལ་བཀའ་བློན་ལས་ཐོགས་སྟག་ལྷ་སྐལ་བཟང་གཡང་སྐྱིད་ཡག་ཤོས་མ་རེད་དམ།

    Reply
  48. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    བཀའ་ཁྲིའི་འོས་མི་ལ་སྐྱ་སེར་ཕོ་མོ་དབྱེ་བ་མེད་པས་བུད་མེད་འོས་མིན་ཅི་ལ་རྩོད།
    འོན་ཀྱང་ད་ལྟའི་ཆ་ལ་བཀའ་ཁྲིའི་འགན་ཐེག་མཁན་གྱི་བུད་མེད་གཅིག་གནམ་འོག་འདི་ན་མི་འདུག

    Reply
  49. Galaxy says:
    ལོ་ 16 སྔོན།

    ངོས་གནས་རེད། གལ་སྲིད་ཁྱེད་ཀྱིས་བུད་མེད་སུ་ཞིག་གི་བཀའ་ཁྲིའི་འོང་འགན་ཐེག་ངེས་རེད་སྙམ་པའི་ཡིད་ཆེས་ཡོད་པའམ། ཡང་ན་ཁྱེད་རང་གིས་བཀའ་ཁྲི་འདེམས་འདོད་ཡོད་པའི་བུད་མེད་དེའི་མིང་ནས་སྨོས་དང་། ཁྱེད་ལ་མི་མང་གི་རྒྱབ་སྐྱོར་ཐོབ་སྲིད། དེ་མིན་སྤྱིར་བུད་མེད་བཀའ་ཁྲི་འོས་མིན་སྐོར་ལ་རྕོད་པ་མེད་པ་འདྲ།

    Reply
  50. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བུད་མེད་དང་སྐྱེ་བ་སུ་ཞིག་བཀའ་ཁྲིར་ཕེབས་ཀྱང་དེ་ལ་ངེད་ཅག་གིས་འགག་བྱ་བྱེད་ཀྱི་མེད་པར་འདོད། གཙོ་བོ་དེ་ནི་ད་ལྟའི་འཆར་མི་མང་གི་འདེམས་ཤོག་ཁྲོད་དུ་མི་སྣ་དེ་འདྲ་ཞིག་སུས་ངོ་སྤྲོད་དང་ཡང་ན་སྐྱེ་བུ་སྒེར་ངོས་ནས་དང་བླངས་བྱེད་འཕོད་མཁན་དེ་ལ་རེག་ལས་ཡོད་དུས། ངེད་ཅག་གིས་མི་སྣ་གལ་ཆེན་དེ་དག་གི་མིང་བྱང་བོད་བྱེས་ཀྱི་དྲ་ཚིགས་དང་ཚགས་ཤོག་ཡོད་ཚད་ཀྱིས་སྟེང་དུ་མི་སྣ་དེ་དག་གི་ལོ་རྒྱུས་དང་མི་མང་ལ་གོ་རྟོགས་སྤེལ་དགོས་ཀྱི་འདུག་པ་དེ་ནི་ད་ལྟའི་གནད་དོན་ཆེ་ཤོས་དེ་ཡིན་པར་འདོད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese