མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྲུལ་སྣང་གི་མི་ཚེ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༠
Share on FacebookShare on TwitterShare on EmailShare on Whatsapp

འཁྲུལ་སྣང་གི་མི་ཚེ།

གངས་སྨྱོན་གྱི་རྩོམ་བཏུས།

བྱ་དོར , ཕུན་ཚོགས་དབང་ཕྱུག་ལགས་ཀྱི་བརྩམས་པའི་༼ འཁྲུལ་སྣང་གི་མི་ཚེ ༽ཞེས་བའི་སྙན་རྩོམ་དེབ་ཕྲེང་གཉིས་པ་དེ། ༢༠༠༩ ལོའི་ཟླ་ ༥ བར་ལྡི་ལི་གསར་པ་སི་བྷི་ཌི་པར་ཁང་ནས་དཔར་ཐེངས་དང་པོ་དཔར་འགྲེམས་ཞུས་ཡོད་པ་དང། དཔེ་དེབ་དེར་ཚན་པོ་གསུམ་དང་ཤོག་དངོས་ ༡༥༨ ཡོད། སྐྱེས་སྐར་གྱི་མཚན་མོའི་ངུ་སྐད་ཕྲ་མོ་ཞེས་པའི་ཚན་པའི་ནང་དུ་ ༼ མི་ཡུལ་ནས་འཐོར་བའི་མིག་ཆུ ༽དང་༼ ཁ་བའི་འབྲོག་མོ ༽༼ དམར་ཆུང་སྙིང་ཁར་འཕྱོ་བའི་ཀ་ཕྲེང ༽སོགས་བཅད་རྩོམ་ ༡༡ དང༌། དམར་ཁྲག་འཛར་བའི་བྱིས་པའི་སེམས་ཁམས་ཞེས་པའི་ཚན་པའི་ནང་དུ། ༼ མཐོ་སྒང་གི་གླག་རྒོད ༽དང་༼ སྟོན་ཀ་དང༌། ངའི་མི་རིགས ༽༼ རི་གྲོང་དུ་བཞུགས་པའི་སྐྱཻད་མ ༽༼ འཕྱོངས་རྒྱས་ཟླ་བ་སྒྲོལ་མ ༽སོགས་རང་མོས་ ༢༩ ། དེ་བཞིན། སྨུག་སྤྲིན་གྱིས་སྒྲིབ་པའི་ལང་ཚོའི་མདུན་ལྗོངས་ཞེས་པའི་ཚན་པའི་ནང་དུ། ༼ ཕྱིར་འོང་མེད་པའི་ཉི་གཞོན ༽དང་༼ དྲོན་མོ ༽སོགས་ལྷུག་རྩོམ་ ༣ བཅས་ཁྱོན་བསྡོམས་རྩོམ་ཡིག་ ༤༣ ཙམ་བསྡུ་སྒྲིག་བྱས་ཡོད།

 

དཔེ་དེབ་དེའི་མགོ་བརྗོད་ཀྱི་ཚུལ་དུ་རྩོམ་པ་པོ་བཅུད་པར་རྫ་སྐྱེས་ལགས་ཀྱིས་༼ འཁྲུལ་སྣང་གི་མི་ཚེ ༽བཀླགས་པའི་མྱོང་སྣང་གི་ཚུལ་དུ་ཕྲན་དཔྱད་ཅིག་བྲིས་ཡོད་པའི་ནང། སྙན་ངག་པ་སྐུ་ཞབས་གངས་སྨྱོན་ལགས་ཀྱིས་ཀྱང། ཡུལ་གྱར་བའི་འཚོ་གནས་ཀྱི་གྲུ་ཟུར་ཞིག་ནས་རང་རིགས་ཀྱི་ད་ལྟའི་ཆག་འཇིག་གི་ལོ་རྒྱུས་ལ་ཕྱིར་མིག་རེ་ལྟ་བཞིན་༼ འཁྲུལ་སྣང་གི་མི་ཚེ ༽ཞེས་པའི་སྙན་དེབ་ཅིག་ད་ཐེངས་ཀློག་མཁན་དག་གི་མིག་ལམ་དུ་བསྟར་བྱུང་བ་འདི་ལས། ང་ཚོས་ཁོང་གི་ལྷོད་མེད་ཀྱི་བརྩོན་སེམས་དུངས་སྣང་གིས་བཞེངས་སྐྲུན་བྱས་པའི་ཚོར་བ་ཟབ་མོ་དེར་གདེང་འཇོག་བྱ་ཆོག་པ་ཞིག་རེད། ཅེས་བཀོད་འདུག

 

དེ་བཞིན། མཇུག་བྱང་གི་ཚུལ་དུ་རྩོམ་པ་པོ་རང་ཉིད་ཀྱིས་རེ་འདུན་ནམ་ཁ་ཆེམས་ཀྱི་ཚུལ་དུ་བརྗོད་དོན། བརྩེ་ལྡན་གྱི་ཀློག་མཁན་རྣམ་པ་ཚོ། འགྲོ་ལུགས་མིན་པའི་འགྲོ་ལུགས་ཀྱི་སྤྱི་འགྲོས་ལྟར། ངས་རང་ཉིད་ཀྱི་སྙན་དེབ་ཧྲེང་ཧྲེང་དེའི་འཚོལ་སྙེག་དང་གཞིགས་རྩོད་ཅི་ཡིན་ཐད། ཚིག་དུམ་འགའ་ཞིག་མཇུག་བསྡུར་བཤམས་ནས་ཁོ་བོའི་ཤི་ཟིན་པའི་སེམས་པ་རྨས་མ་དེའི་ཁ་ཆེམས་དང། རོལ་དབྱངས་དཀྲོལ་ན་འདོད་ལ། རང་ཉིད་སུ་ཡིན་མིན་དཔྱད་ཞིབ་རོལ་བའི་ཉིན་མོ་དེ་ནས་བཟུང། ཀ་ཁའི་གླུ་དབྱངས་དང་ཡིག་དྲུག་གི་རྒྱགས་གྲོ་གཉིས་སྐྱེད་མའི་གནང་སྦྱིན་ལས། སློག་ཧྲུལ་དང་སྦུད་པ་གཅིག་པུས་དུས་ཚོད་ཀྱི་རྗེས་ཆོད་མི་སྲིད་པའི་གནས་ལུགས་ཀྱིས་སེམས་པ་བཅུམས། ཞེས་བཀོད་འདུག

 

བྱ་དོར , ཕུན་ཚོགས་དབང་ཕྱུག་གམ། སྨྱུག་མིང་གངས་སྨྱོན་ལགས་ནི། སྤྱི་ལོ་ ༡༩༧༤ ལོར་ལྷོ་ཁ་འཕྱོངས་རྒྱས་རྫོང་ཁོངས་དཔལ་རི་གྲོང་སྡེར་སྐྱེས་ཤིང། རང་ལོ་དྲུག་ནས་ཉེར་གཅིག་བར་བོད་ནང་གི་སློབ་གྲྭ་ཆུང་འབྲིང་འགྲིམ་ཞིང། ༡༩༩༤ ནས་ ༡༩༩༩ བར་ལྷ་ས་གྲྭ་བཞིའི་བཙོན་མུན་ནས་ཡ་ང་བའི་འཚོ་བའི་གནམ་ཟླ་བསྐྱལ། ༢༠༠༠ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཏེ་མུ་མཐུད་སློབ་སྦྱོང་གི་ཞོར་དུ་རྩོམ་འབྲིའི་ལས་ལ་གཞོལ་གྱིན་ཡོད། ཁོང་གིས་ད་བར་༼ རང་དབང་གི་མིག་ཆུ ༽ཞེས་པའི་མི་ཚེ་ལོ་རྒྱུས་དང། ༼ སྐྱུག་བྲོ་བའི་འཇིག་རྟེན ༽ཞེས་པའི་སྙན་ངག་གི་དེབ་ཕྲེང་དང་པོ། ཐེངས་འདིའི་༼ འཁྲུལ་སྣང་གི་མི་ཚེ ༽ཞེས་པའི་སྙན་ངག་དེབ་ཕྲེང་གཉིས་པ་བཅས་དཔེ་དེབ་གསུམ་ཙམ་འདོན་སྤེལ་བྱས་ཡོད།

 

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    དྲ་གྲོགས་རྣམ་པ་ཚོ། ཁྱོད་ཚོས་བལྟོས་དང་གོང་གི་དབྱིན་ཡིག་གིས་འབྲེལ་བཤད་བྱེད་པོ་གཉིས་ཀྱིས་རྫིགས་ཉམས་སྟོན་གྱི་ཡོད་རེད་དམ། དབྱིན་ཡིག་ཤེས་མདོག་རེད། གང་ལྟར་འུ་ཚོའི་བོད་ཀྱི་དུས་བབས་ཐོག་ཏུ་འདིའི་རིགས་ལ་དོ་སྣང་བྱས་ན་ཡག་པོ་འདུག་ གལ་ཏེ་ཁོང་གཉིས་དངོས་ཡོད་ཀྱི་དབྱིན་ཡིག་མཁན་པོ་རེ་ཡིན་ཚེ་ ཕ་ཡུལ་དྲ་བརྒྱ་དང་བང་ཆེན་སོགས་ཁྱེད་རང་གི་དབྱིན་ཡིག་བེད་སྤྱོད་བྱེད་ས་ཡོད་ནི་རེད།་ ཡར་ལུང་ཁོག་ལ་བསྡད་ན་ཡར་ལུང་རྒྱལ་པོར་བསྟུན་དགོས་ཞེས་པའི་གནའ་གཏམ་དེ་ཁྱེད་གཉིས་་ལྟ་བུ་ལ་ཆེད་དུ་བཤད་ནི་རེད། གལ་ལྟར་ཁྱེད་གཉིས་ཀྱི་དབྱིན་ཡིག་གི་ཚིག་གྲུབ་ཐུང་ངུ་དེ་བལྟས་པ་ཙམ་གྱིས་ཁྱེད་གཉིས་ཀྱི་ཚད་གཞི་ཤེས་སོང་། གང་ལྟར་དུས་བབས་ཁོར་ཡུག་ལ་ཁྱེད་གཉིས་མ་ཡོང་ན་ཡག་པོ་འདུག་་ སྐུ་མཁྱེན། ང་ཚོའི་རང་སྐད་ངོ་མ་ཞིག་གི་སྐད་ཆ་བཤད་ཐུབ་ན་ཧ་ཅང་གི་དགེ་མཚན་ཆེ་གི་ མི་རིགས་དང་སྐད་ཡིག་ལ་བསམ་ཤེས་བྱ་རོགས་ཞུ་

    Reply
  2. Luesang says:
    ལོ་ 17 སྔོན།

    Hi Duptok. Congratutions for the newly published your book.
    Forget not sent me some copies. Thanks

    Reply
  3. བདེ་བ་ཅན། says:
    ལོ་ 17 སྔོན།

    གངས་སྨྱོན་ལགས། ངས་སྙན་ངག་ཐད་དེ་ཙམ་རྒྱུས་མངའ་མེད་ལ། དྲང་པོ་ཞུས་ན། སྙན་ངག་ལྟ་བུ་ང་རང་ཀློག་རྒྱུར་དེ་ཙམ་དོ་དབྱིངས་སླེབས་ཐུབ་ཀྱི་མི་འདུག ཡིན་ནའང་ངས་ཁྱེད་རང་གི་ལོ་རྒྱུས་རང་དབང་གི་མིག་ཆུ་ཞེས་པའི་དེབ་འདི་ཆ་ཚང་ཞིག་ཀློག་པ་ཡིན། དེའི་ནང་ཁྱེད་རང་བཙོན་ནང་བསྡད་སྐབས་དཀའ་སྡུག་མྱངས་པའི་གནས་ཚུལ་ཁག་ཅིག་བཀོད་འདུག་པར་དངོས་གནས་སེམས་འགུལ་ཐེབས་བྱུང། དེ་བཞིན་ཁྱེད་རང་ཙམ་མ་ཟད་ཁྱེད་རང་དང་བཙོན་ཁང་ནང་མཉམ་དུ་བསྡད་མཁན་ཁག་ཅིག་གང་འདྲ་བྱས་ཏེ་རྒྱ་དམར་གྱི་མནར་གཅོད་འོག་ཏུ་སྐུ་ཚེ་རྫོགས་ཡོད་པའི་སྐོར་ཡང་འཁོད་འདུག་པར་སྙིང་ཐག་པ་ནས་ཐུགས་རྗེ་་ཆེ་ཞུ་རྒྱུ་ཡིན། གལ་སྲིད་ཁྱེད་རང་དེ་དང་དེ་་འདྲ་བའི་ལོ་རྒྱུས་འདྲ་ཡོད་ན་མུ་མཐུད་ཡིག་ཐོག་ཏུ་བཀོད་དེ་མང་ཙམ་འབྲི་ཐུབ་ན་ང་ཚོར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པར་ང་རང་ལ་ཡིད་ཆེས་ཡོད། ཁྱེད་རང་ལ་དེ་འདྲའི་མི་སྣ་མང་པོ་རྒྱུས་ཡོད་ཡིན་སྟབས་ཁྱེད་ནས་མ་དྲན་ཡང་གཞན་ལ་དེ་ལྟར་བཤད་རྒྱུ་ཡོད་པའི་ཆ་ནས་ངས་རེ་བསྐུལ་འདི་ཞུ་གི་ཡོད། དེ་མིན་མུ་མཐུད་སྙན་ངག་འབྲིས་ཀྱང་སྙན་ངག་ལ་དོ་དབྱིངས་ཡོད་མཁན་ཞིག་གིས་ནང་དོན་ཆ་ཚང་རྟོགས་ཀྱི་ཡོད་ཤག་ཀྱང་་། ང་རང་ལ་མཚོན་ན་རྩ་བ་ནས་དོ་དབྱིངས་སླེབས་ཐུབ་ཀྱི་མི་འདུག ཡིན་ནའང་དགོངས་པ་མ་འཚོམ་བསམ་ཚུལ་གང་ཡོད་པ་སྲོང་པོར་བཤད་པ་ཡིན། མུ་མཐུད་འབད་བརྩོན་གནང་རོགས། ཐུགས་རྗེ་ཆེ།་་ བཀྲིས་བདེ་ལེགས།

    Reply
  4. ལ་སྟོད་བློ་བཟང་ says:
    ལོ་ 17 སྔོན།

    this book is very good thanks for that, go on and go on….
    but we need to read it !

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གངས་སྨྱོན་ལགས་ཀྱིས་དེབ་འདི་དཔར་བསྐྲུན་ལེགས་འགྲུབ་བྱུང་བ་ལ་འཚམ་འདྲི་ཡོད།

    Reply
  6. ཀེ་ལ་ཤ། says:
    ལོ་ 17 སྔོན།

    ད་དུང་ཁོང་གིས་རྡ་སའི་སྲིན་བྱ་ཧོར་གཙང་འཇིགས་མེད་ཟེར་བའི་དེབ་ཆུང་ཆུང་ཞིག་བྲིས་ཡོད་པ་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese