མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཡུང་དྲུང་བོན་གྱི་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

འདི་ཟླའི་ཚེས་ ༡༤ ནས་ཚེས་ ༢༠ བར་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་པ་དེ་བཞིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཆེན་མོར་ཚོགས་གནང་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་དེ་རིང་ཕྱི་ཚེས་ ༢༣ ཉིན་འདི་གར་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། དུས་རབས་ཉེར་གཅིག་པའི་དུས་མགོ་ཚུགས་པ་ནས་བཟུང་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྟངས་འཛིན་འོག་བོན་གྱི་བགྲོ་གླེང་འདུས་སྡེ་གསར་འཛུགས་ཀྱིས་ལོ་རིམ་བཞིན་སློབ་ཕྲུག་རྣམས་ཀྱི་དབྱར་ཁའི་གུང་གསེང་དང་བསྟུན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་སོགས་བརྗོད་བྱ་གཙོ་བོར་བཟུང་སྟེ་བདུན་ཕྲག་གཅིག་རིང་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཞིག་མུ་མཐུད་ཚོགས་བཞིན་ཡོད་པ་ལྟར། འདི་ཟླའི་ཚེས་ ༡༤ ནས་ཚེས་ ༢༠ བར་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་བཅུ་པ་དེ་བཞིན་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཆེན་མོར་ཚོགས་གནང་ཡོད་པ་རེད།

བགྲོ་གླེང་དབུ་འབྱེད་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་གནང་ཞིང་བགྲོ་གླེང་གོ་སྒྲིག་ཚོགས་གཙོ་ཁྲི་གཡུང་དྲུང་ནས་ངོ་སྤྲོད་གསུང་བཤད་དང༌། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་གིས་བགྲོ་གླེང་གི་ཟབ་གནད་སྐོར་ལ་གསུང་བཤད། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་འདི་ཕྱིའི་ལེགས་ཉེས་ཀྱི་བླང་དོར་བཀའ་སློབ་བསྩལ་གནང་མཛད་པ་དང༌། བགྲོ་གླེང་དངོས་གཞིའི་སྐབས་ཉིན་རིམ་བཞིན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གྱིས་བོད་ཀྱི་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་དང་མ་འོངས་པའི་མངོན་འདོད་སྐོར་དང༌། བཤད་སྒྲུབ་མཁན་པོ་དགེ་བཤེས་གཤེན་བསྟན་རབ་གསལ་ལགས་ཀྱིས་བོན་ཕྲུག་རྣམས་ཀྱི་ད་ལྟའི་འགན་འཁྲི་དང་མ་འོངས་ལངས་ཕྱོགས་སྐོར། བཤད་སྒྲུབ་སློབ་དཔོན་དགེ་བཤེས་ཉི་མ་དོན་གྲུབ་ལགས་ཀྱིས་གཡུང་དྲུང་བོན་གྱི་ལྟ་གྲུབ་དེང་རབས་རིག་པའི་ལམ་ནས་ངོ་སྤྲོད་གནང་སྟངས་སྐོར། ལྷ་གདོང་དགེ་བཤེས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་བོན་གྱི་རིག་གཞུང་ལ་དེང་དུས་གཞོན་སྐྱེས་རྣམས་ཀྱིས་ལྟ་སྟངས་སྐོར། བོན་སྒོ་རྩོམ་སྒྲིག་པ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་ལགས་ཀྱིས་བོན་གྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཁག་ཅིག་ངོ་སྤྲོད།    ཨཱཅརྱ་བཟང་མོ་གཡང་རིས་ནས་༼བོན་བན་གྱི་བཙུན་མའི་སྡོམ་རྒྱུན་དང་འབྲེལ་བའི་དཔྱད་པ་མེ་ལོང་མ་༽ཡི་ནང་དོན་གནད་བསྡུས་སྐོར་བཅས་ལ་འགྲེལ་བརྗོད་དང༌། དྲི་བ་དྲིས་ལན། གཞན་ཡང་རིག་རྩལ་འགྲན་པའི་གར་སྟེགས་ཞེས་སློབ་ཕྲུག་ནང་ཕན་ཚུན་སྡེ་ཚན་ཁག་བགོས་ཀྱིས་དྲི་བ་དྲིས་ལན་སོགས་མཛད།

མཇུག་བསྡོམས་མཛད་སྒོའི་སྐབས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གསུང་བཤད་སློབ་དཔོན་རྣམ་པར་ཐུགས་རྗེ་ལེགས་གསོལ་གྱི་མགུལ་དར་དགྱེས་བསྩལ་དང༌། ཞང་བོད་ཡིག་གཟུགས་ཀྱི་སྒྱུ་རྩལ་དང༌། རྩོམ་རིག་འགྲན་བསྡུར་ཁྲོད་ཨང་ཐོབ་པ་རྣམས་ལ་བྱ་དགའ་ལེགས་སྐྱེས་བསྩལ། ཚོགས་ཞུགས་པ་རྣམས་ནས་དགེ་ཕན་མྱོང་ཚོར་ཇི་བྱུང་དང༌། མ་འོངས་ཡར་རྒྱས་གསར་གཏོད་ཀྱི་ལེགས་ཚོགས་སྐོར་ལ་དགོངས་འཆར་དང༌། དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་མཆོག་ནས་གསུང་བཤད། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་ལམ་སྟོན་བཀའ་སློབ། གོ་སྒྲིག་ཚོགས་གཙོ་ནས་མཇུག་བསྡོམས་གསུང་བཤད་བཅས་བསྩལ་གནང་གིས་མཛད་སྒོ་མཇུག་གྲུབ་ཡོད་པ་རེད། ཐེངས་འདིར་བོན་གཞིས་ཉིན་སློབ་གྱི་འཛིན་གྲྭ་བདུན་པ་ཡན་གྱི་སློབ་མ་དང༌། གཞན་ཡང་ཝཱ་ཎ་མཐོ་སློབ་གཙོས་པའི་མཐོ་སློབ་ཁག་གི་སློབ་མ་བཅས་ཁྱོན་སློབ་མ་ ༡༣༠ ལྷག་འདུ་འཛོམས་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 9

  1. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    དྲ་གྲོགས་ཁང་གསར་ལགས་ཀྱིས་གསུངས་པར་རྒྱུ་མཚན་འདུག བགྲོ་གླེང་ནི་གསང་བ་ཞིག་མ་ཡིན་པས་ས་འགོད་པ་མགྲོན་འབོད་བྱས་ཀྱང་མ་འོས་མེད་སྙམ།

    Reply
  2. ཨ་མྱེ says:
    ལོ་ 17 སྔོན།

    ཆོས་བརྒྱུད་ཆེན་མོ་བཞི་གཡང་དྲུང་བོན་བཅས་པ་འདི་འདྲ་ཞིག་འཚོག་རྒྱུ་བྱུང་ན་ཅི་མ་རུང་།

    Reply
  3. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    འདི་ཟབ་སྦྱོང་ལྟ་བུ་ཞིག་ལས་བགྲོ་གླེང་ཡིན་ས་མ་རེད།

    འདི་འདྲའི་ཟབ་སྦྱོང་ལ་བོན་ཕྲུག་ཁོ་ན་སྐོང་བ་ཙམ་མ་ཡིན་པར། ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་དོན་གཉེར་ཅན་ཚང་མ་ཞུགས་བཅུག་ན་ལེགས།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དགོངས་དག མགྲོན་ཤོག་བཏང་བ་ཡིན་ན་ཞེས་བཅོ་རོགས།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཁོང་ཚོས་གསར་འགོད་པ་མགྲོན་ཤོག་བྱས་པ་ཡིན་ན་གནས་ཚུལ་འདི་ལས་རྒྱས་ཙམ་འགོད་ཐུབ་གི་རེད། ཡིན་ཡང་། ད་བར་དུ་བགྲོ་གླེང་ཐེངས་ ༡༠ གནང་ཡང་གསར་འགོད་པ་མགྲོན་འབོད་བྱས་ཡོད་པ་མ་རེད། གོང་གི་གསར་འགྱུར་འདི་ནི་སྐབས་དེའི་བགྲོ་གླེང་གི་ལས་རིམ་ཙམ་ལས་ཅི་ཡང་མ་རེད། བགྲོ་གླེང་གི་ནང་དོན་འདིར་འགོད་ཐུབ་ཡོད་མ་རེད། དགོངས་དག་ཞུ།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    གཡུང་དྲུང་བོན་གྱི་བགྲོ་གླེང་གནང་པར་དགའ་བསུ་ཡོད། ད་དུང་བརྗོད་གཞི་དེ་དེའི་ཐོག་བགྲོ་གླེང་དེ་དང་དེ་གནང་སྐོར་སོགས་ཁ་གསལ་འདོན་ཐུབ་ན་ནང་བསམ་བློའི་གོ་རྟོགས་འཕེལ་རྒྱུར་ཕན་འབྲས་ཆེ་སྙམ།།

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རབ་ན་ཆོས་ལུགས་རིས་མེད་ཀྱི་ཚོགས་ཆེན་རེ་ལོ་རེ་ཐེངས་གཉིས་ནས་གསུམ་ལ་ཚོགས་མ་ཐུབ་ཀྱང་ཚོགས་ཐེངས་གཅིག་རེ་ཚོགས་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག་པ་མ་ཟད། ༧རྒྱལ་བའི་དགོངས་གཞི་ཡང་དེ་ལྟར་རེད་ལགས། ཨོ་རེད། ངས་གཡུང་དྲུང་བོན་གྱི་ཚོགས་ཆེན་འདི་ཡག་པོ་མི་འདུག་ཟེར་ནས་གཏན་ནས་བཤད་མེད་པ་ཐུགས་འཇག་འཚལ། འདི་ཡང་དངོས་ནས་དོན་དག་ལེགས་པོ་ཞིག་རེད།

    Reply
  8. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    འདིར་བོན་ཆོས་ཁྲོད་ཀྱི་གཞི་བདག་གི་སྐོར་ཞིག་གསུང་ཐུབ་ན་བཀའ་དྲིན་ཤིན་ཏུ་ཆེ། དེ་ཡང་གཉའ་ཁྲི་དང་དེའི་ཡར་སྔོན་དང་འབྲེལ་བ་ཡོད་པ་ཞིག་གི་སྐྱབས་འཇུག་ཞུ་གིན་ཡོད།

    Reply
  9. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    བོད་རང་གི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་དང་དེའི་རྗེས་འཇུག་པ་དག་གིས་འདི་ལྟར་དུས་རབས་གཉན་འཕྲང་ཅན་གྱི་སྐབས་སུ་རང་རེའི་ཆོས་རིག་ཆབ་དཔལ་བཞི་ཡི་སྐོར་ནས་བགྲོ་གླེང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། བོད་རང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་གནའ་བོའི་ཆོས་ལུགས་ཤིག་དངརིག་གཞུང་ཞིག དེ་བཞིན་ལོ་རྒྱུས་ཤིག་འཚོལ་དགོས་ན་གཡུང་དྲུང་བོན་དང་དེའི་ཉམས་ལེན་པ། དེ་ཚོ་གནས་སའི་ཁོར་ཡུག་ཅིག་ནས་མ་གཏོགས་ང་ཚོར་ལག་ཡོང་ཅི་ཡང་རེག་མི་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese