མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླུ་བ་མའེ་ཁལ་རྗེག་སོན་སྐུ་གྲོངས་བ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དུས་རབས་ཉི་ཤུ་བའི་ནང་གི་ཨ་རི་དང་འཛམ་གླིང་གི་གླུ་བ་གྲགས་ཅན་མའེ་ཁལ་རྗེག་སོན་Michael Jaksaon སྐུ་གཤེགས་པ་དང་། ཁོང་གིས་ཡིད་དབང་འཕྲོག་པའི་གླུ་གཞས་མང་པོ་ཞིག་བཏང་སྟེ་མི་སེམས་སྨྱོ་བར་བྱས་ཡོད་ལ། ལུས་ཀྱི་པགས་པ་བརྗེ་བོ་བརྒྱབས་ནས་རང་གི་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཡང་བཟོས་ཡོད་རབས་བཤད། གང་ལྟར་འདི་ལོར་ལོ་ན་ ༥༠ སོན་པའི་གཞས་པ་གྲགས་ཅན་ཁོང་ལ་སྙིང་གི་ནད་ཚ་ཞིག་གི་རྐྱེན་བྱས་ཏེ་ཨ་རིའི་ཁ་ལེ་ཧྥོ་ནེ་ཡ་མངའ་སྡེའི་སྨན་ཁང་ཞིག་ནས་འཇིག་རྟེན་ཕྱི་མའི་མགྲོན་པོར་ཆས་སོང་། མའེ་ཁལ་གྱི་གཞས་སྣ་འཁྲབ་ལེན་གྱི་སྙན་གྲགས་དང་མཉམ་དུ་བྱིས་པའི་སྐོར་དང་འབྲེལ་བའི་རྙོག་དྲ་ཡང་ལུང་པ་གང་གིས་ཁོང་གི་ཚེ་མཇུག་གི་འཚོ་བ་དེ་དེ་འདྲའི་བདེ་སྐྱིད་ལྡན་པ་ཡོང་དུ་བཅུག་མེད།

མའེ་ཁལ་གྱིས་འབྱུང་འགྱུར་སྤྱི་ཟླ་ ༧ ཚེས་ ༡༣ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊིན་ནས་གླུ་གཞིས་འཁྲབ་སྟོན་བྱ་རྒྱུའི་གྲ་སྒྲིག་ཡོད་པ་དང་། གནས་ཚུལ་དེ་ད་ལོའི་སྤྱི་ཟླ་ ༣ པར་འཛམ་གླིང་ལ་གསལ་བསྒྲགས་བྱས་ཏེ་སྐར་མ་ཁ་ཤས་ལས་མ་འགོར་བར་གཟིགས་མོ་བའི་འཛིན་བྱང་ཡོངས་རྫོགས་བཙོང་ཚར་ཡོད་འདུག མའེ་ཁལ་རྗེག་སོན་ལ་འཛམ་གླིང་གླུ་བ་སྐད་གྲགས་ཅན་གྱི་མཚན་སྙན་ཐོབ་རྗེས་རྒྱལ་ཁབ་ཁག་གི་གྲོང་ཁྱེར་ཆེན་པོ་ ༥༨ ནང་དུ། གླུ་གཞིས་འཁྲབ་སྟོན་གྲགས་ཆེན་ཐེངས་ ༨༢ ཙམ་བྱས་ཡོད་པ་དང་། སྤྱི་ལོ་ ༡༩༩༦ ལོ་ནས་བཟུང་མའེ་ཁལ་རྗེག་སོན་སྒེར་གྱི་ཆེད་འཛུགས་གླུ་གཞིས་འཁྲབ་སྟོན་མཚམས་འཇོག་བྱས་ཡོད་འདུག

མ་ཧེ་ཁལ་ཁོང་ད་ལྟ་ལོ་ན་ ༥༠ ཡིན་ཞིང་། སྤྱི་ལོ་ཁོང་གིས་ ༡༩༩༤ ལོར་འཛམ་གླིང་གི་གླུ་བ་གྲགས་ཆེན་རྒན་རབས་པ་ཨེལ་ཝེ་སི་ཕིར་ཟི་ལཱེ་ Elvispresley ལགས་ཀྱི་བུ་མོ་ལེ་སར་མེ་རེ་ Lisamarie དང་མཉམ་དུ་གཉེན་སྒྲིག་བྱས་ཏེ་བྱིས་པ་གཅིག་སྐྱེས་རྗེས་ ༡༩༩༦ ལོར་ཁོང་གཉིས་ཁ་ཁ་ཆགས་འདུག འོན་ཀྱང་། ལོ་དེར་བསྐྱར་དུ་ཌེ་བྷེ་བྷེས་རོའོ་ Debbie Rowe  ཞེས་བའི་བུད་མེད་ཅིག་དང་ལྷན་དུ་གཉེན་སྒྲིག་བྱས་ཏེ་བྱིས་པ་གཉིས་སྐྱེས་ཡོད་ཀྱང་། ༡༩༩༩ ལོར་ཁོང་གཉིས་ཀྱང་བཟའ་ཐོར་བྱུང་འདུག

ཁ་སང་ཉིན་གུང་ཨ་རིའི་ཆུ་ཚོད་ ༢ དང་སྐར་མ་ ༢༦ སྟེང་འཛམ་གླིང་གི་གླུ་བ་གྲགས་ཆེན་མའེ་ཁལ་རྗེག་སོན་ཁོང་སྐུ་གཤེགས་མ་ཐག གསར་འགོད་པའི་ཁོང་གི་སྐྱེས་དམན་དང་པོ་ལེ་སར་མེ་རེ་ Lisamarie ལགས་སུ་བཅར་འདྲི་ཞུས་སྐབས། ཁོ་མོས། ངས་གཏམ་ངན་འདི་གོ་མ་ཐག་ང་རང་ཧང་སང་སྟེ། ད་ལྟ་སེམས་ལ་ཅི་ཡང་དྲན་གྱིན་མི་འདུག སེམས་པ་ཡོངས་ལྷུང་ལྷུང་བར་གྱུར་ཏེ་མགོ་བོ་ནག་འཐོམ་མེར་འདུག མའེ་ཁལ་དང་ངེད་གཉིས་བཟའ་ཚང་ཐོར་ཀྱང་། ལོ་བཅུ་གཅིག་ལ་སོན་མ་ཐག་པའི་ངེད་གཉིས་ཀྱི་བྱིས་པ་འདི་དུས་ནམ་ཡང་མའེ་ཁལ་གྱི་ནང་མི་རེད། སྐུ་གཤེགས་དམ་པ་མའེ་ཁལ་དུས་ནམ་ཡང་བྱིས་པ་ཆུང་ཆུང་འདིའི་ཕ་ལགས་རེད། ངས་མའེ་ཁལ་དྲན་གྱིན་འདུག ངས་སྐབས་དེའི་ངེད་གཉིས་ཀྱི་འཚོ་བ་དྲན་གྱིན་འདུག ཅེས་བརྗོད་འདུག

 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 5

  1. གངས་རླུང་། says:
    ལོ་ 17 སྔོན།

    མི་རྟག་རྒྱུ་མའི་ཡུལ་གྲུ་ན་་་མི་གཙང་མགྲོན་ཁང་ཆུང་ཆུང་ཞིག་་་་་རྣམ་ཤེས་མགྲོན་པོ་སྙིང་རེ་བརྗེ་་་་་

    Reply
  2. གངས་རླུང་། says:
    ལོ་ 17 སྔོན།

    མི་རྟག་རྒྱུ་མའི་ཡུལ་གྲུ་ན་་་མི་གཙང་མགྲོན་ཁང་ཆུང་ཆུང་ཞིག་་་་་རྣམ་ཤེས་མགྲོན་པོ་སྙིང་རེ་བརྗེ་་་་་

    Reply
  3. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    གོང་དུ་མེ་ཁོལ་ལྗག་སོན་སྐོར་འབྲི་བ་པོ་ལགས། ཕྱིར་ཁོའི་གདོང་དང་ལུས་ཀྱི་པགས་པ་བཟོ་བཅོས་བྱས་པ་དེ་ངོས་གནས་ཞིག་རེད། ཡིན་ཡང་ཁྱེད་ཀྱིས་གོང་དུ་༼ལུས་ཀྱི་པགས་པ་བརྗེ་བོ་བརྒྱབས་ནས་རང་གི་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཡང་བཟོས་ཡོད་རབས་བཤད། ༽ཞེས་བྲིས་འདུག་སྟེ། ཁོ་ལ་པགས་བའི་ན་ཚ་ vertigo ཞེས་པ་ཞིག་རག་ནས་པག་པ་བཟོ་བཅོས་མ་བྱས་རང་བྱས་བྱུང་རབ་བཤད་ཡོད་པ་འཛམ་ཡོངས་གྲགས་རེད། དེས་ན་རང་གི་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཡང་བཟོ་མེད་པ་འདྲ། གང་ལྟར་འདི་ང་ཚོ་ལ་གལ་ཆེ་རྒྱུ་མེད་ཀྱང་གལ་སྲིད་ཁྱེད་ཀྱིས་རྒྱུས་མ་ལོན་གོང་ནས་རྒྱུས་བཤད་འདྲ་ཡིན་ན་ནམ་རྒྱུན་བོད་ཀྱི་དྲྭ་ངོས་ལ་ཡི་གེ་འབྲི་སྐབས་ཁོང་ཡོད་དང་ལུང་ཡོད་རེ་འབྲི་རྒྱུའི་རེ་བ་ཡོད།

    Reply
  4. གཡག་ཐོ་དཀར། says:
    ལོ་ 17 སྔོན།

    སྐར་འདར་ཞིག་གི་ངང་ཚུལ་གསུངས་བྱུད་།

    Reply
  5. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    འཇིག་བརྟེན་འདི་ནས་སོང་ཐལ།
    སྐྱེ་བ་འདི་ནས་ཚེ་རབ་ནས་གཞས་་་་་་་་་་་་་་་་་་་
    ་་་་་་་་་་་་་་་་་་་་་་་་་་་ཨཽམ་མ་ནི་པདྨེ་མེ་ཧུ་ཧྲེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese