འབའ་ཐང་རྫོང་སྒང་རི་ལུང་བའི་བརྒྱ་དཔོན་བཀྲ་ཤིས་ལགས་ཕྱི་ཚེས་ ༡༩ ཉིན་ཉེན་རྟོག་པས་འཇུས་ཡོད་འདུག
སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ལོ་འདིའི་ཕྱི་ཟླ་ ༣ པའི་ནང་འབའ་ཐང་རྫོང་ཁོངས་སུ་སྤོ་གུར་གཤིས་ཤང་ཉེན་རྟོག་ལས་ཁུངས་སུ་འབར་གས་ཀྱོ་དོན་རྐྱེན་བྱུང་བ་དང་། དེ་མཇུག་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་རྒྱ་མི་བོད་ནས་ཕར་རྒྱུགས་ཞེས་པ་སོགས་ཀྱི་འཕྲེད་དར་ཆེན་པོ་ས་གནས་སུ་སྒྲེང་བའི་གནས་ཚུལ་ཐོན་ཡོད་ལ། དོན་རྐྱེན་དེ་བོད་རིགས་ན་གཞོན་བཞི་ལ་དོགས་གཞི་བྱས་ཏེ་འཛིན་བཟུང་བྱ་འཆར་སྐབས་བོད་མི་དེ་དག་ས་གནས་ནས་རི་བྱོལ་བྱས་ཡོད་པ་རེད།
གནས་ཚུལ་དེའི་རྐྱེན་གྱིས་ཟླ་ ༦ པའི་ཚེས་ ༡༩ ཉིན་སྒང་རི་ལུང་བའི་བརྒྱ་དཔོན་བཀྲ་ཤིས་ལགས་འབའ་ཐང་རྫོང་དུ་ཅ་དངོས་ཉོས་ནས་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་ཁར་རྫོང་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་འཛིན་དོན་ནི་ཕྱི་ཟླ་ ༣ པའི་ནང་ས་གནས་སུ་གནས་ཚུལ་ལྷག་པ་དེ་དག་ནི་ཁོང་གིས་བརྒྱུད་སྐུལ་བྱས་པ་རེད་ཅེས་པའི་སྙོན་འཛུགས་དེ་ཡིན་འདུག ད་ལྟའི་ཆར་ཁོང་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་མ་རེད།
བརྒྱ་དཔོན་བཀྲ་ཤིས་ལགས་ནི་ད་ལོ་ལོ་ ༤༠ ཡིན་པ་དང་། ཕ་མིང་ལ་དབུ་རྒྱན་རིག་འཛིན་དང་མ་མིང་ལ་ཨ་སྐྱིད། བཟའ་ཟླའི་མིང་ལ་བདེ་སྐྱིད་ལྷ་མོ་ཞེས་འབོད་ཀྱི་ཡོད་པ་རེད།
འདི་ལྟར་ང་ཚོའི་ཤ་རུས་གཅིག་པའི་བོད་མི་གཅིག་བཙོན་འཇུག་བྱས་ཀྱང་།
དེས་རྒྱ་བོད་དབར་གྱི་འབྲེལ་ལམ་དེ་རྙོག་འཛིང་ཆེ་རུ་ཆེ་རུ་གཏོང་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་རེད།
དཔེར་ན། རྒྱ་ནག་གཞུང་གིས་བོད་མི་རྣམས་ལོ་མང་བཙོན་འཇུག་དང་། འཛིན་བཟུང་། མནར་གཅོད་སོགས་ཇི་ཙམ་མང་བ་བཏང་ན། འབྱུང་འགྱུར་བོད་མི་དེ་རིགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སོགས་བྱེད་མི་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཀྱང་། དེར་ལྡོག་ཕྱོགས་ཀྱི་འབྲས་བུ་སྨིན་གྱི་ཡིན་པ་སྨྲོས་མེད་ལགས། བཙོན་པ་ཚོའི་སེམས་ཁོང་ན་རྒྱ་གཞུང་ལ་འཛིན་པའི་ལྟ་སྟངས་དེ་མི་ཚེ་གཅིག་དང་མི་རབས་གཅིག་ལ་བརྗེད་ཐབས་མེད་པའི་སེམས་ཀྱི་རྨ་ཁ་ཞིག་རེད།
བར྄ྒྱ་དཔོན་བཀྲ་ཤིས་ལགས་ཡག་པོ་འདུག