མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་གཞི་ཞིག་བརྙེད་སོང་། ལུང་རིགས་རྒྱལ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ལོ་སྔོན་མའི་ཞི་རྒོལ་གྱི་རྗེས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་སུ་བགྲོ་གླེང་ཆེ་ཤོས་ཤིག་ནི་སྐབས་རྗེས་མའི་བཀའ་ཁྲིའི་སྐོར་རེད། མི་མང་པོ་ཞིག་གིས་འདིའི་ཐད་རང་རང་གི་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་བགྲོ་གླེང་གནང་བཞིན་པ་ནི་ངོ་མ་ཡིད་དུ་འོང་པ་ཞིག་རེད།

ལྷག་པར་དུ་བར་སྐབས་ཤིག་ནས་དྲ་ཐོག་གི་བགྲོ་གླེང་དེ་དག་ཀྱང་གུ་ཡངས་པོ་དང་། གུས་བརྩི་ཡོད་པ། གོ་རྒྱུ་ཡོད་པའི་ཕྱོགས་སུ་འཕེལ་གྱིན་པ་ནི་ང་ཚོའི་ང་རྒྱལ་མིན་པར། གཟི་བརྗིད་དུ་འགྲོ་བར་འདོད་ལ། ང་ཚོས་མུ་མཐུད་ནས་བློ་ཁ་ཡངས་པོར་ཕྱེ་སྟེ་རིག་པའི་རྩལ་སྡུར་བཞིན་འགྲོ་དགོས།

དེ་རིང་ངས་རང་གིས་བརྙེད་པའི་བཀའ་ཁྲིའི་འོས་གཞི་དེ་བསྒྲགས་འདོད་བྱུང་། ཡིན་ཡང་། འོས་གཞི་མ་བསྒྲགས་གོང་དུ་ཁོང་གི་འོས་ཆོས་ལས་འཕྲོས་པའི་གནས་ལུགས་འགའ་ཤས་སྔོན་གླེང་གི་ཚུལ་དུ་བཤད་འདོད་བྱུང་། མི་ཚང་མས་བཀའ་ཁྲིའི་འོས་གཞི་རྩོད་སྐབས་འཐད་ཕྱོགས་ཀྱི་ཐ་སྙད་བཀོལ་བ་མང་ཤོས་ནི་ལོ་གཞོན་དང་བུད་མེད་གཉིས་རེད། འོས་ཆོས་ཀྱི་རྩ་བའི་ཆ་རྐྱེན་ཡང་ལོ་གཞོན་དང་བུད་མེད་ཡིན་མིན་ལ་ཐུག་དགོས་པ་དང་། དེའི་རྗེས་ནས་འོས་ཆོས་གཞན་དག་བགྲང་གི་ཡོད་པ་ལྟར་སྣང་། གལ་སྲིད་ང་ཚོས་འདི་ལྟར་བཀའ་ཁྲིའི་འོས་གཞི་བཙལ་ཚེ་མི་རྣམས་ཀྱི་མིག་གཞོན་སྐྱེས་ཀྱི་ནང་དུ་ཤོར་ཏེ་གཞོན་སྐྱེས་མིན་པའི་འོས་གཞི་གཞན་པ་བརླག་རྒྱུའི་ཉེན་ཁའང་མཐོང་གི་འདུག

ངའི་བསམ་ཚུལ་ཡིན་ན། གལ་སྲིད་ང་ཚོས་དེ་རིང་ཆོས་བྱེད་ཀྱི་སྐྱེ་བུ་ཞིག་རང་གི་རྩ་བའི་བླ་མར་འདེམ་གིན་ཡོད་ན་ཆོས་པ་རྣམ་དག་ཅིག་འདེམ་ངེས་པ་ནི་སུ་ལའང་དོགས་པ་མེད། དེར་བརྟེན། སྲིད་ཀྱི་ལས་ཀ་བྱེད་མཁན་ཞིག་ང་ཚོའི་དབུ་ཁྲིད་ལ་འདེམ་ནའང་ཆབ་སྲིད་ཀྱི་མིག་རྒྱང་ཡོད་མཁན་ (A man with a political vision) ཞིག་འདེམ་དགོས་པ་ནི་གནས་ལུགས་གཅིག་མཚུངས་ཡིན་པར་འདོད། དེ་བས་ལོ་ཚོད་ཀྱི་ཆ་རྐྱེན་དེ་ནི་གནད་ཆེན་པོར་མ་རྩིས་ན་ལེགས་པར་འདོད་ཡོད།

ལངས་ཕྱོགས་མ་ཡིན་པར་སྲིད་བྱུས་ཀྱི་ཆ་ནས་བཤད་ནའང་། མ་འོངས་པར་བཀའ་ཁྲིར་སུ་བསླེབ་ནའང་ད་ལྟའི་སྲིད་བྱུས་འདི་ལག་བསྟར་བྱེད་དགོས་པ་ནི་གནས་སྟངས་ཀྱིས་ཐག་བཅད་ཡོད་པ་རེད། ངའི་ཤེས་ཚོད་ལ། དེང་སྐབས་ཤར་ནུབ་གང་དུའང་ཕྱི་འབྲེལ་སྲིད་བྱུས་ཀྱི་ཆ་ནས་རྣམ་པ་གསུམ་མཐོང་གི་ཡོད། དེ་དག་ནི་མཁྲེགས་འཛིན་ Hard Power དང་། ཞི་འཇམ་ Soft Power། ཞི་དྲག་ཟུང་འབྲེལ་ Smart Power བཅས་རེད། རྒྱ་ནག་གིས་ཅང་ཙེ་མིན་གྱི་སྐབས་ནས་བཟུང་ Soft Power ཞེས་པ་འདི་དངོས་སུ་ལག་བསྟར་བྱེད་ཀྱིན་པ་ཁྱབ་བསྒྲགས་བྱས་པ་ནི་ངས་དྲན་གྱི་འདུག སྲིད་བྱུས་འདིའི་འོག་ནས་ཁོང་ཚོས་ཐ་ན་ཁྱིམ་མཚེས་རྒྱལ་ཁབ་དག་གི་དཀའ་རྙོག་ལའང་ལག་པ་མི་འཆང་བར་ཞི་འཇམ་གྱི་རྣམ་འགྱུར་བསྟན་པ་དང་། དམིགས་ཡུལ་གཙོ་བོ་ནི་ཟིང་ཆ་མེད་པའི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་ལ་ཤུགས་བརྒྱག་རྒྱུ་དེ་རེད། དེ་རིང་རྒྱ་ནག་འདི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པའང་སྲིད་བྱུས་འདིའི་དབང་གིས་རེད། ཨ་རི་ལྟ་བུ་ཡིན་ན། ད་ལོར་ལྕམ་ཁི་ལིན་ཊོན་གྱིས་གྲོས་ཚོགས་གོང་མའི་ཉན་ཞིབ་གཏམ་བཤད་སྐབས་སུ། ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནི་ Smart Power ཞི་དྲག་ཟུང་འབྲེལ་ཡིན་པར་བསྒྲགས་པ་རེད། འདིའི་རྒྱུ་མཚན་ནི་ཨ་རིས་དེང་སྐབས་དམག་འཁྲུག་གཉིས་ད་དུང་མཇུག་སྒྲིལ་ཐུབ་ཡོད་པ་མ་རེད་ལ། བྱང་ཀོ་རི་ཡ་དང་ཨི་རན་ལྟ་བུ་དམག་འཁྲུག་གི་གྲ་སྒྲིག་བྱེད་སའི་ལུང་པའང་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ནི་ Soft Power རེད། འདི་ནི་སྐུ་མདུན་གྱི་བླ་ན་མེད་པའི་ཐུགས་དགོངས་དང་། བོད་རྒྱ་མི་རིགས་གང་ཡིན་རུང་འཐབ་རྩོད་འདིའི་བརྒྱུད་རིམ་ཁྲོད་འདོར་མི་རུང་བའི་རྩ་དོན་ཆགས་ཡོད་པ་རེད། དེར་བརྟེན་བཀའ་ཁྲི་རྗེས་མ་སུ་བསླེབ་ནའང་སྲིད་བྱུས་འདི་ནི་ང་ཚོའི་རྩ་བའི་ལྟ་གྲུབ་ཅིག་ཆགས་ཡོད་སྟབས། རྒན་གཞོན་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་དབྱེ་བ་མེད་པར་གཅིག་མཚུངས་ཡིན་པར་འདོད།

ཡིན་ཡང་། ང་ཚོར་སྲིད་དོན་གྱི་མིག་རྒྱང་ཞིག་དགོས་པ་རེད། རང་བཙན་དང་། རང་སྐྱོང་། རང་ཐག་རང་གཅོད་བཅས་རེད། འདི་དག་ཡོད་ཚད་ང་ཚོས་ད་བར་དུ་གླེང་བ་རེད། ང་རང་ལ་མཚོན་ན་གལ་སྲིད་ཉི་མ་ཞིག་ལ་བོད་དོན་འདི་ཐག་གཅོད་དགོས་ན་པེ་ཅིན་དང་ངྷ་ས་གཉིས་ཀྱི་གང་ཡིན་རུང་བོད་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་རྩ་དོན་འདི་འདོར་གི་མ་རེད་བསམ། འདི་ནི་རྒྱལ་སྤྱིའི་ཁྲིམས་ཀྱིས་ངོས་ལེན་ཡོད་པ་དང་། རྒྱ་ནག་གི་ཆབ་སྲིད་གཞུང་ལུགས་ཀྱིས་ཀྱང་ངོས་ལེན་ཡོད་པ་ཞིག་རེད། དེ་བས་ངས་ནི་མ་འོངས་པའི་བཀའ་ཁྲི་དེ་འཚོལ་སྐབས་གནད་དོན་འདིའི་རིགས་ལ་བསམ་བློ་གཏོང་གི་ཡོད། ད་ལྟའི་ཆར་འདིའི་ཕྱོགས་ནས་ང་ལ་འོས་གཞི་ཞིག་རག་པ་ནི་བཀའ་བློ་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡིན།

ངས་ལོ་ཤས་གོང་དུ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་བཀའ་འདྲི་ཞུ་མྱོང་ལ། ཁོང་གིས་ད་ནི་གངས་སྐྱིད་དུ་ཡོང་ནས་ལས་ཀ་བྱེད་པ་ལས་ཕྱི་ལོགས་ནས་ལས་ཀ་བྱས་ན་ཕན་ཐོགས་འདུག་ཅེས་གསུངས་བྱུང་། འོན་ཀྱང་། ཉེ་ཆར་མཐོ་རིམ་གྱི་མི་སྣ་ཞིག་བརྒྱུད་ནས་གོ་དུས། ཁོང་གི་སྐུ་ཟླས་ཀྱང་ད་ནི་གངས་སྐྱིད་ནས་ཕྱག་ལས་གནང་བར་ཐུགས་མོས་གནང་གི་མེད་སྐོར་བརྗོད་བྱུང་། དེ་ནི་ཚང་མས་ཤེས་གསལ་ལྟར། སྔོན་ཆད་ཀྱི་འབུམ་དགུ་བ་ལས་འཕྲོས་པའི་གླེང་ལྷག་དེའི་དབང་གིས་ཡིན་ཚོད་འདུག

གང་ལྟར་ང་ནི་ཁོང་གི་སྲིད་དོན་གྱི་མིག་རྒྱང་དང་། རྒྱབ་ལྗོངས། ཤེས་འཇོན། དགོང་ལོ་བཅས་ཕྱོགས་གང་ཐད་ནས་ ༢༠༡༡ ལོར་བཀའ་ཁྲིའི་འོས་གཞི་ནི་ཁོང་ལས་ལྷག་པ་ཞིག་མཐོང་གི་མི་འདུག་ལ། ངའི་བཀྲུས་ན་མི་དག་པའི་ཐོབ་ཐང་སྟེ། མི་གཅིག་གི་འོས་ཤོག་གཅིག་པུའང་ཁོང་ལ་འཕེན་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 20

  1. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    སྐུ་ཞབས་གླེན་རྒན། བོད་རྒྱའི་གནད་དོན་འདི་དུས་རབས་ཕྱེད་ལྷག་ལ་ཐག་མ་ཆོད་པར་ལྷག་ཡོད་པར་མ་ཟད་མཐར་གཏུག་ན་གནད་དོན་འདི་མི་རིགས་གཉིས་ཀྱི་གནད་དོན་རེད། གལ་སྲིད་ཁྱེད་ཀྱི་ཐུགས་འདོད་ལྟར་རྒྱ་སྐད་ཤེས་པའི་བཀའ་ཁྲི་ཞིག་བྱུང་ན་འང་དེས་གུང་ཁྲན་ཏང་མགོ་མཇུག་སློག་ཐུབ་བམ། གལ་སྲིད་མགོ་རྟིང་སློག་ཐུབ་པའི་དབང་དུ་བཏང་ན་དེ་རྗེས་རྒྱ་རིགས་མི་རིགས་ཀྱིས་ང་ཚོར་སྙིང་རྗེ་ནས་རང་དབང་སྤྲོད་སྲིད་དམ། གུང་ཁྲན་ཏང་མགོ་རྟིང་སློག་རྗེས་རྒྱ་མི་རིགས་བྱང་ཆུབ་སེམས་དཔར་གྱུར་འགྲོ་བ་ཨེ་རེད། ཡང་ན་ད་ལྟའི་བར་དུ་ང་ཚོས་བོད་རྒྱའི་གནད་དོན་ཐག་མ་ཆོད་པར་ལྷག་པ་དེ་༧གོང་ས་མཆོག་གིས་རྒྱ་སྐད་མ་ཤེས་པས་རེད་དམ། ད་དུང་དྲི་བ་ཞིག་ཡོད་པ་ནི་རྒྱ་ནག་དམངས་གཙོར་གྱུར་ན་བོད་ལ་རང་དབང་འཐོབ་པར་ཕན་ཐོག་ཅི་ཞིག་ཡོད། སྐུ་ཞབས་གླེན་རྒན་ངས་ཁྱེད་ལ་ལྷག་བསམ་མི་འདུག་ཅེས་བརྗོད་ཀྱིན་མེད་མོད། བསམ་བློ་ལས་སླ་བོ་ཞིག་བཏང་ནས་རང་མགོ་རང་གིས་མ་གཡོགས་ན་ཨེ་ཆོག་གི། ཁ་དྲོ་བཀྲ་ཤིས་མུ་མཐུད་ནས་བཀའ་ཁྲིའི་སྐོར་ལ་བསམ་ཚུལ་གསུངས་རོགས། །

    Reply
  2. གཡུ་དྲུག་དཀར། says:
    ལོ་ 16 སྔོན།

    ང་ཚོས་བརྒྱ་བཤད་སྟོང་ལབ་ཅི་ལྟར་བྱས་ཀྱང་མ་འོངས་པའི་བཀའ་ཁྲིར་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་གཅིག་ཡོད་པ་ནི་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་ཞིག་དང་རྒྱ་ནག་དམར་པོའི་གཞུང་ལ་ཆ་རྒྱུས་ཡོད་པ་ཞིག་དགོས་སྙམ། གང་ཞེ་ན་ང་ཚོའི་ཁ་གཏད་ས་དེ་རྒྱ་ནག་ཡིན་པ་དང་མ་འོངས་བཀའ་ཁྲིའི་ལས་འགན་ཀྱང་བོད་རྒྱ་ལག་ནས་བཅིང་གྲོལ་བྱ་རྒྱུ་དེ་ཁོ་ན་རེད། དེ་ཕྱིར་ཁ་གཏོད་ཡུལ་རྒྱ་ནག་ལ་རྒྱུས་མངའ་མེད་པར་རྡ་ས་ནས་ངར་སྐད་རྫ་རྡོ་ལྟར་སྒྲིག་ན་མུན་ནག་མདའ་འཕེན་གྱི་རྗེས་སུ་འགྲོ་བ་ལས་ཕན་ཐོག་ཅི་ཡང་འབྱུང་མི་སྲིད། སྤྱིར་དབྱིན་ཅིའི་སྐད་ཡིག་ཤེས་མིན་དང་རྒྱ་ཡིག་རྒྱ་སྐད་ཤེས་མིན་ནི་བཀའ་ཁྲི་ལ་འཛོམས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་མོད། ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་ནི་གཏན་ནས་མིན། དེ་ཕྱིར་ངས་བཙན་བྱོལ་བོད་མི་སྤར་མོ་གང་པོའི་ནང་དུ་ཡུན་རིང་བསམ་གཞིགས་བྱས་ནས་རྙེད་པའི་མ་འོངས་བཀའ་ཁྲིའི་འོས་གཞི་ནི་རྒྱ་ནག་གི་གནའ་དེང་ལོ་རྒྱུས་ལ་མཁྱེན་རྒྱ་ཡངས་པའི་སྐུ་ཞབས་ཚེ་རྒྱམ་ལགས་ཡིན།

    Reply
  3. དབང་ལྡན་མཚོ་མོ། says:
    ལོ་ 16 སྔོན།

    སྐུ་ཞབས་ལུང་རིགས་ལགས་བཀའ་ཁྲིར་བསྐོར་ལ་བསམ་ཚུལ་འབྲེལ་བཤད་གནང་བ་ཐུགས་རྗེ་ཆེ། སྐུ་ཉིད་ནས་བཀྲས་མཐོང་བསྟནའཛིན་རྣམ་རྒྱལ་གྱི་ལོ་རྒྱུས་གང་ཐུབ་འདིར་བྲིས་ནས་བཀོད་ཐུབ་ན་བདག་ལྟ་བུ་གང་ཟག་མང་པོ་ཞིག་ལ་ཕེན་ཐོག་ཡོད།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཨ་རིག་ལགས། མུ་མཐུད་དུ་གླེང་རོགས། རྒྱ་སྐད་ཤེས་པ་ཙམ་གྱིས་རྒྱ་ཡི་དོན་དག་སེལ་ཐུབ་ཀྱིན་མེད། དྲུག་བཞིའི་དོན་རྐྱེན་ཁྲོད་ཀྱི་སློབ་ཕྲུག་ཚོར་བསམ་བློ་གཏོང་རོགས། ལས་སླ་བོ་ཡོད་པ་མ་རེད། ད་སྐབས་བོད་དོན་ལ་དམིགས་བསལ་གྱི་དོ་སྣང་ཞིག་ཡོད་པ་དང་། ང་ཚོར་ད་དུང་འཚོ་གནས་ཀྱི་མདུན་ལམ་ཞིག་ཡོད་པ་འདིའི་གཞི་རྩ་ངེས་པར་དུ་བརླག་མི་ཉན་ཡཱ།

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ངས་ཤེས་བྱུང་ལུང་རིག་རྒྱལ་ཐུགས་རྗེ་ཆེ། དྲང་མོ་བཤད་ན་ང་ལ་དགོས་པ་ནི་བོད་མི་མང་སྤྱི་མཐུས་དང་བཀའ་བློན་གཙོའི་གཞུང་ཞབས་མི་པ་སུམ་ཆའི་གཉིས་ཀྱིས་རྒྱའི་སྐད་ཡིག་ཤེས་དགོས་པ་དེ་ཡིན་ལ་ང་ཚོར་མེད་པའང་འདི་ཡིན། གཅིག་བྱས་ན་ཕྱི་སྡོད་བོད་མི་ཕལ་ཆེ་བའི་འདི་ཁས་ལེན་རྒྱུ་མ་རེད། གཞན་རྒྱལ་བའི་སྐུ་ཚབ་ཡིན་མ་ཡིན་མེད་ལ་སྐུ་སྤུན་ཡིན་མ་ཡིན་ཡང་མེད། ངས་བློ་ངོར་བཀའ་ཁྲི་འོས་པའི་མི་མང་པོ་ཞིག་ཡོད་ཀྱང་བཀའ་ཁྲི་འཇོན་པའི་མི་ཉུང་ཉུང་ཞིག་ཀྱང་མེད།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཨ་རིག་གི་སྐད་ཆ་འདི་ལ་རིན་ཐང་འདུག འོན་ཀྱང་། སྐུ་ཉིད་ནས་བཀའ་ཁྲིར་སུ་འདེམ་འདོད་པ་ཡིན། ཨ་ཀྱཱ་ཚང་། དེ་མིན་ན་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་རེད། ཨ་རིག་ལགས། ཁོང་རྣམ་པ་གཉིས་དབུ་ཁྲིད་ལ་མ་འོས་པ་མ་རེད། བོད་མི་རིགས་ཀྱིས་ཡིད་ཆེས་མེད་པ་ནི་དེ་བས་ཀྱང་མ་རེད། གཙོ་བོ་བོད་དོན་འདི་རྒྱ་ནག་མཉམ་དུ་ཁ་ཐུག་ཏུ་བཤད་ན་ཐག་མི་ཆོད་པའི་གནད་དོན་དེ་ཡིན། རྒྱ་རིགས་མི་དམངས་མཉམ་དུ་འབྲེལ་འདྲིས་བྱེད་ན་བཀའ་ཁྲི་ཁོང་གིས་རྒྱ་སྐད་ཤེས་དགོས་པའི་ངེས་པ་མི་འདུག ཁོང་ལ་ཕྱག་རོགས་བདུན་ཡོད་ཆོག་པའི་གྲས་ཀྱི་གཅིག་ནི་རྒྱ་ནག་གི་མི་དམངས་ལ་འབྲེལ་བ་བྱ་ཐུབ་མཁན་ཞིག་ཡིན་ན་འགྲིག་གི་འདུག་སྙམ།

    Reply
  7. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    ང་ཚོས་ཤེས་དགོས་པ་ཞིག་ལ་འབྱུང་འགྱུར་གྱི་བཀའ་ཁྲི་འདི་དབྱིན་བྱང་ཆུད་ན་རབ་དང་རྒྱ་སྐད་ངེས་པར་ཏུ་བྱང་ཆུབ་པ་ཞིག་དགོས་བོད་རྒྱའི་གནད་དོན་འདི་བོད་རྒྱ་མཉམ་འབྲེལ་གྱིས་སེལ་དགོས་པ་གཅིག་ཡིན་པ་ལས་རྒྱལ་སྤྱིའི་ལྡིང་ཆ་བེད་སྤྱད་དེ་སེལ་ཐུབ་པ་ཞིག་གཏན་ནས་མིན། རྒྱལ་སྤྱིས་གནོན་ཤུགས་མ་བཟོད་པར་བོད་ལ་རང་དབང་སྤྲོད་མི་སྲིད་ལ་གུང་ཁྲན་ཏང་ལ་སྙིང་རྗེ་སྐྱེས་ནས་བོད་ལ་རང་དབང་སྤྲོད་མི་སྲིད་། ཐབས་ལམ་ཉག་གཅིག་ནི་གཞི་རིམ་རྒྱ་རིགས་མི་དམངས་དང་མཉམ་འབྲེལ་བྱས་སྟེ་གུང་ཁྲན་ཏང་མགོ་གཏིང་སློག་ཐབས་བྱེད་རྒྱུ་དེ་རེད། ང་ཚོའི་གནད་ཡོད་མི་སྣ་དག་གིས་རྒྱ་སྐད་མ་ཤེས་ན་རྒྱ་ནག་གིས་བཤད་པ་ལྟར་ཏ་ལའི་བླ་མ་དང་ཉེ་བོ་ཡོད་པའི་བོད་མི་འགའ་ཞིག་ཐུག་འཕྲད་བྱུང་ཞེས་པ་དེ་་ལས་མ་འདས།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གངས་རིའི་གླིང་བུ་ལགས། ཐོག་མ་དེར་རྒྱ་ནག་དང་རྒྱ་གཞུང་གི་སྲིད་བྱུས་ནི་ཧ་ལས་པའི་ལྐོག་གྱུར་དེ་འདྲ་མ་རེད་འདོད། གཙོ་བོ་ནི་ང་ཚོས་ཤེས་ནའང་བཅོས་ཐབས་དང་བྱེད་ཐབས་མེད་པ་དེ་རེད། དེའི་ཁར་རྒྱ་ནག་ལ་དམིགས་བསལ་གྱིས་རྒྱུས་མངའ་ཡོད་མཁན་ཞིག་འཚོལ་གི་ཡིན་ལབ་ན། དེ་འདྲ་ཞིག་བརྙེད་ཁག་པོ་རེད། ཐ་ན་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ཀྱང་ཨུ་ཐུག་བསྡད་པ་འདྲ་བོ་རེད། རྒྱ་སྐད་ཤེས་མཁན་ཡོད་ཀྱང་རྒྱ་ནག་གིས་སྐད་ཆ་བཤད་ཀྱིན་མེད་སྐབས་ཤིག་ལ་རྒྱ་སྐད་ཤེས་མཁན་ཞིག་གིས་ཀྱང་ཕན་ཐོགས་གི་མ་རེད། ངའི་བསམ་ཚུལ་ཡིན་ན་སྐབས་རྗེས་མའི་བཀའ་ཁྲི་དེ་ནི་ངེས་པར་དུ་དབྱིན་སྐད་དང་བོད་སྐད་ལ་བྱང་ཆ་ལྡན་པ་ཞིག་དགོས་པ་རེད། དེའི་རྒྱུ་མཚན་ནི་བོད་ཀྱི་རྩ་དོན་དེ་བོད་མི་ཚོས་བསྒྲུབ་དགོས་ཀྱང་། ང་ཚོ་རྒྱལ་སྤྱིའི་སྤྱི་ཚོགས་ལས་ཁ་བྲལ་ནས་འགྲོ་ས་མེད་ལ། ང་ཚོའི་འཐབ་རྩོད་ཀྱི་གོ་ར་དེའང་རྒྱལ་སྤྱིའི་སྡིངས་ཆ་འདི་ཡིན་དགོས། དེ་བས་དབྱིན་སྐད་ལ་བྱང་ཆ་ལྡན་པ་ཞིག་དགོས་པ་ནི་དངོས་ཡོད་གནས་ཚུལ་རེད།

    Reply
  9. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས།་་་ཁྱེད་ཀྱིས་འོས་གཞི་བཏོན་པ་ལ་ཡི་རངས་བྱེད།་་་་་ངས་ལྟོས་ན་ལས་ཐོག་སྐབས་སུ་ནུས་བ་བཏོན་མ་ཐུབ་མཁན་ཞིག་བསྐྱར་དུ་འདེམས་ན་ནུས་བ་ཇི་འདྲ་ཞིག་འདོན་ཐུབ་མིན་ལ་ང་ཚོའི་བསམ་གཞིག་བྱེད་དགོས།་་་ཡང་གཅིག་བཤད་ན་ང་ཚོའི་རྩོད་སྒྲུབ་བྱས་ས་དང་ཁ་གཏད་རྒྱ་གཞུང་ཡིན་པ་ཡིན་ཚང་བཀའ་ཁྲི་འོས་ཆོས་ལ་ངེས་བར་དུ་རྒྱ་གཞུང་གི་སྲིད་ཇུས་གནད་འགག་དང་འགྲོ་སྟངས་ཡག་པོ་ཞིག་མཁྱེན་རྟོགས་དགོས་རྒྱུ་གལ་ཆེན་ཞིག་ཏུ་མཐོང་།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དེ་འདྲ་གསུང་ག་ལ་དགོས། དྲ་ཐོག་འདིར་འཁོར་མཁན་སུ་ཡིན་རུང་གཙོ་བོ་རང་རང་གི་ལྟ་ཚུལ་རེ་འདོན་རྒྱུ་དེ་རེད། མི་ཕལ་ཆེ་བ་ཞིག་གིས་དེང་སྐབས་མཆན་འདེབས་དུས་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུས་ནས་བསྡད་ཡོད་པ་རེད། དེའང་མི་ཕ་རོལ་བོ་དེར་རྒྱབ་སྐྱོར་དང་སེམས་སྐུལ་དུ་འགྱུར་གི་རེད། འོན་ཀྱང་། རང་རང་གི་ལྟ་ཚུལ་དྲང་པོར་འདོན་རྒྱུའི་གཤིས་ཀ་ཞིག་འགྲུབ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་འདོད། འཐད་ཕྱོགས་དང་དགག་ཕྱོགས་གང་ཡིན་རུང་དེ་མི་ཞིག་གི་རྣམ་དཔྱོད་དང་ཡིད་ཆེས་ལས་བྱུང་བའི་ལྟ་ཚུལ་ཞིག་ཡིན་སྟབས་རང་བཞིན་གྱིས་ཕ་རོལ་བོ་དེར་རྒྱབ་སྐྱོར་དུ་འགྱུར་སྲིད་པ་རེད།

    Reply
  11. དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    དཀའ་དྲིན་བླ་མེད་དུ་ཆེ་ཞུ།།

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དཀོན་མཆོག་དར་རྒྱས་ལགས་སུ། ངའི་འོས་གཞིའི་ཐོག་ཁྱེད་རང་འཐད་པ་མེད་ན་དེ་ཁྱོད་ཀྱི་རང་དབང་རེད། རང་རང་གི་འོས་ཤོག་གི་ཐོབ་ཐང་ཡང་གཙང་མ་རེ་ཡོད་པ་རེད། དེ་བས་རང་རང་གི་འོས་གཞིའི་རིགས་བཙལ་ནས་དེ་ལ་གྲ་སྒྲིག་བྱ་དགོས་པ་རེད། འདི་ནས་དོན་མེད་མི་ལ་ཁ་གཏོང་བ་དང་གཞི་མེད་ཀྱི་སྒྲོ་སྐུར་བྱས་ན་ཡག་པོ་མ་རེད། དེ་བས་རྗེས་ཕྱོགས་ཁྱོད་ཀྱིས་འོས་གཞི་འཁྱེར་ཤོག་དང་ངས་ནི་འཐད་པ་མེད་ཀྱང་དེར་གཞི་མེད་ཀྱི་སྐྱོན་འཛུགས་མི་བྱེད། འདི་ནི་ཁྱོད་དང་ཁྱོད་ཀྱི་འོས་མིའི་གཞི་རྩའི་ཐོབ་ཐང་དང་ཁེ་དབང་། མཚན་མཐོང་བཅས་ལ་བརྩི་བཀུར་བྱ་བའི་ཆེད་དུ་ཡིན།

    Reply
  13. དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ཆོལ་གསུམ་གཅིག་གྱུར་གྱི་བོད་རང་བཙན་ཞིག་བྱུང་ནའང་རང་ཉིད་ཕ་ཡུལ་ལོག་རྩིས་རྩ་བ་ནས་མེད་པའི་རྒྱལ་ལོ་དོན་འགྲུབ་དང་། བོད་རང་ལྗོངས་ལྗོངས་ཤིག་བྱུང་ན་དེ་ལྷག་མི་དགོས་པའི་དམིགས་ཡུལ་ངན་པ་ཅན་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡིན་པའི་བཀྲས་མཐོང་བསྟན་རྣམ་རྒྱལ་དང་། བསོད་ནམས་སྟོབས་རྒྱས་ཅན་གྱི་ཕྱོགས་གཏོགས་ཡིད་འགུ་ཐབས་ལ་འཇུག་སྟེ་རེ་སྟོང་ལག་བཟེད་ཀྱིས་རང་མཐུ་རང་འགྲུབ་ཟེར་བའི་དཔེ་ལྟར་རང་གི་ཕ་ཡུལ་འཇོལ་ས་ཁུལ་རྒྱང་རིང་དུ་དོར། ང་བསོད་དེ་དམན་པ་ཞིག་ལ་སྐྱེ་ས་མདོ་སྟོད་རེད། ཡིན་ནའང་། སྟབས་ལེགས་པ་ཞིག་འཚར་ལོང་བྱེད་ས་དབུས་གཙང་རེད་ཅེས་ཟེར་མཁན་ཟམ་གདོང་བཅས་དཔུང་སྒྲིོག་པས་ནས་ངོ་ལྐོག་བྱ་སྤྱོད་དེ་རིགས་སྐྱར་དུ་རོ་ལངས་རྒྱག་པའི་དུས་ལ་སླེབས་རེད། ད་དུང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འབུམ་ཕྲག་ཁ་ཤས།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཕྲེང་ཟུར་དོན་གྲུབ་ཆོས་འཕེལ་ལགས། རྒྱབ་སྐྱོར་གནང་བ་ཡག་བྱུང་། ཁོང་གིས་མཛད་འགན་བཞེས་མིན་ནི་གལ་ཆེ་ཤོས་རེད། བཀའ་ཁྲི་སྐབས་སྔ་མའི་འོས་ཁོངས་སུ་ཞུགས་རྒྱུར་འབྲེལ་ཡོད་མི་སྣ་མང་པོ་ཞིག་གིས་ཁོང་ལ་འབོད་སྐུལ་ཞུས་ཀྱང་ཞལ་བཞེས་གནང་མི་འདུག འོན་ཀྱང་། ཉེ་ལམ་གོ་བ་ལྟར་ན། ཁོང་གིས་ཐད་ཀར་དུ་བཀའ་ཁྲིའི་འོས་ཁོངས་སུ་བཞུགས་པར་ཞལ་བཞེས་གནང་མེད་ཀྱང་། ཁོང་གིས་བསམ་བློ་གཏོང་གི་ཡིན་རབས་ཤིག་གསུངས་འདུག ང་ལ་བཤད་པ་ལྟར་ན། ཁོང་གིས་བསམ་བློར་འགྱུར་བ་བཏང་འདུག་ཟེར། འདིའང་གནས་ཚུལ་ལེགས་པོ་ཞིག་དྲན་བསྡད་ཡོད།

    Reply
  15. ཕྲེང་ཟུར་དོན་གྲུབ་ཆོས་འཕེལ། says:
    ལོ་ 16 སྔོན།

    དྲ་གྲོགས་སྤུན་ཟླ་རྣམས་ལ། བཀའ་ཁྲིའི་འོས་དམིགས་སྐོར་གླེང་མོལ་མང་ཙམ་གནང་མུས་དེ་སྤྱི་ཚོགས་ཞབས་ཞུ་ཚད་ལྡན་ཞིག་ཡིན། བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ཞབས་འོག་ལོ་མང་ལས་ཀ་བྱས་པའི་ཉམས་མྱོང་ཡོད་མཁན་ཞིག་ཡིན་སྟབས་བཀའ་ཁྲིའི་མཛད་འགན་བཞེས་མིན་ཇི་ལྟར་ཡང་འོས་དང་མི་འོས་ཐོག་ལ་གླེང་སྐབས་འོས་ངེས་ཅན་ཞིག་ཡིན་བསམ་གྱི་ཡོད། ཕྱི་རྒྱལ་ལ་རྒྱུན་རིང་བཞུགས་པར་བརྟེན་བཙན་བྱོལ་སྤྱི་ཚོགས་ཀྱི་བསམ་བློ་དང་མི་རན་པ་དེ་འདྲ་ཡོང་སྲིད། ཁཽང་གི་བཙན་བྱོལ་སྤྱི་ཚོགས་ལ་ཕན་རླབས་ཅན་གྱི་ཕྱག་ལས་མང་པོ་གནང་ཡོད།

    Reply
  16. འོས་ལངས། says:
    ལོ་ 16 སྔོན།

    ལུང་རིགས་རྒྱལ་གྱིས་འདོད་པའི་བཀའ་ཁྲིའི་འོས་གཞི་དེ་ལ་རྒྱབ་སྐྱོར་ཡོད། སྔོན་ཆད་ད་ལྟའི་བཀའ་ཁྲི་འདི་ཡང་བསྐྱར་བཀའ་ཁྲིར་འོས་འདེམས་མ་བྱས་པའི་སྔོན་དེར་ང་རང་གིས་ཀྱང་བཀའ་བློན་ཁྲི་པ་ལས་འཕྲོས་པའི་རྩོམ་ཐུང་ཞིག་བོད་ཀྱི་དུས་བབ་ནང་བཀོད་མྱོང་བ་དེའི་ནང་དུ་བཀའ་ཁྲིའི་འོས་གཞི་ལ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཞག་ཡོད། དྲ་གྲོགས་ཚོས་ཁོང་གི་ལོ་རྒྱུས་ཤེས་རྟོགས་ཡོང་འདོད་ན་༼ བོད་གནས་ལག་དེབ་༽ཅེས་པར་གཟིགས་ཀྱང་འགྲིག་བསམ། མ་གཞི་ནས་མི་སྐྱོན་མེད་ཅིག་ང་ཚོས་གང་དུ་ཡང་རྙེད་མི་སྲིད་པས། སྐྱོན་སྣ་རེ་ཙམ་ལ་མུ་མཐུད་དུ་འཇུས་ནས་བསྡད་ན་འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་གཞི་ནི་གང་ཞིག་ནས་འཚོལ་དགོས་པ་ཡིན་ནམ་བསམ་ཡོང་།

    Reply
  17. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རི་བོང་ལགས། ངས་གཙོ་བོ་ཁོང་གི་སྲིད་དོན་གྱི་ལངས་ཕྱོགས་དེ་གལ་ཆེར་བཟུང་ཡོད། དེ་བཞིན་བོད་མི་སུ་ཞིག་བཀའ་ཁྲིར་ཕེབས་ཡང་ཁོང་ཚོའི་སྲིད་བྱུས་ནི་ད་ལྟ་བཞིན། འཚེ་བ་མེད་པ་དང་། དྲང་བདེན། ཕྱི་གསལ་ནང་གསལ་བཅས་ལ་གཞི་འཛིན་པ་ནི་གཅིག་གྱུར་ཡིན་པར་འདོད། ཁོང་གི་དགུང་ལོའི་བབ་ཀྱང་མི་རབས་གསར་རྙིང་བར་གྱི་མཐུད་མཚམས་ལྟ་བུ་ཞིག་ཏུ་ཡོད་པར་འདོད།

    ཨ་རིག་ལགས། ཁོང་ཉིད་གངས་སྐྱིད་ལ་ཐང་ཆད་དོན་ནི་སྔོན་ཆད་ཁོང་བཀའ་ཁྲི་ཡིན་སྐབས་འབུམ་དགུ་བ་ཞེས་པའི་དཔལ་འབྱོར་གྱི་བཤད་ཉེས་ཤིག་འཁོར་བ་དེ་ཡིན་པ་འདྲ། འོན་ཀྱང་། འདི་ལ་བདེན་པ་ཁུངས་སྐྱེལ་འདྲ་བྱུང་མེད་ཚོད་ཡིན། མ་གཞི་ནས་ང་ཚོའི་སྤྱི་ཚོགས་ནང་ནས་མི་ཞིག་གི་རྐང་བ་ནས་འཐེན་དགོས་ན། རྒྱ་དམར་ནག་གི་སོ་བ་དང་། རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་ཚུལ། དེ་མིན་ན་དཔལ་འབྱོར་གྱི་རུལ་སུངས་ཡོད་ལུགས་ཙམ་གླེང་གི་རེད། རྗེས་ཕྱོགས་བཤད་ཡམས་ཀྱི་རིགས་ལ་ང་ཚོའི་སུ་ཡིན་རུང་ཉམ་འཇོག་བྱ་དགོས་པར་འདོད་དོ།

    Reply
  18. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    གངས་སྐྱིད་ལ་ཡིད་ཐང་ཆད་པའི་མི་ཞིག་བཀའ་ཁྲིར་བསྐོས་ན་ཡག་པོ་རེད་ཟེར་བ་འདི་རྩེད་མཚར་མིན་ན་རྒྱུ་མཚན་ཞིབ་ཕྲ་གསུང་རོགས།

    Reply
  19. རི་བོང། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། ཁྱེད་ཀྱིས་བཀའ་ཁྲིའི་འོས་གཞི་བཏོན་པ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། འོས་པའི་འོས་ཆོས་དང་ཇི་ལྟར་འོས་ཚུལ་སོགས་ཁ་གསལ་འབྲི་དགོས་པ་ལས། བཀའ་ཁྲིའི་འོས་གཞི་རྙེད་སོང་ངས་ཁོ་ལྡུག་གི་ཡིན་ཟེར་བ་ཙམ་གྱིས་མི་ཕན་ལ།༼གང་ལྟར་ང་ནི་ཁོང་གི་སྲིད་དོན་གྱི་མིག་རྒྱང་དང་། རྒྱབ་ལྗོངས། ཤེས་འཇོན། དགོང་ལོ་བཅས་ཕྱོགས་གང་ཐད་ནས་༽ཞེས་འདི་འདྲའི་རགས་རིམ་ཞིག་གིས་ཀྱང་མི་ཆོག་པས་རྒྱུ་མཚན་གསལ་བོ་བྲིས་ན་ཡག་པོ་འདུག ཉམས་མྱོང་མེད་མཁན་ཚོ་ལའང་བློ་སྐྱེད་གསར་བ་རེ་རེག་ངེས།

    Reply
  20. བསེ་རུ། says:
    ལོ་ 16 སྔོན།

    ལུང་རིགས་ལགས།
    གནས་ལུགས་དང་རྒྱུ་མཚན་གྱི་རྒྱབ་ལྗོངས་གླེང་སྟེ། བཀའ་ཁྲིའི་འོས་གཞི་བཏོན་པར་རྗེས་སུ་ཡི་རངས་ཞུ།
    ད་དུང་ང་ཚོས་འཚོལ་དགོས། དོན་དམ་གྱི་བཀའ་བློན་ཞིག་འཚོལ་དགོས།
    གཞིས་བྱེས་གཉིས་ཀྱི་བདེ་སྡུག་དང་། འབྱུང་འགྱུར་མི་རིགས་འདི་དང་མི་རབས་འདིའི་སླད། ད་དུང་གནད་དོན་མང་པོ་ཞིག་གི་འགན་ཁུར་ཐུབ་པའི་བཀའ་ཁྲི་ངོ་མ་ཞིག་འཚོལ་དགོས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese