མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་འདི་ང་ཚོ་གཅིག་པུར་དབང་བ་མ་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

བཟང་ངན་གྱི་ལས་གང་འདྲ་བྱས་ཀྱང་འཛམ་གླིང་ནི་ང་ཚོར་མེད་ཐབས་མེད་པའི་གཞི་རྟེན་ཡིན་སྟབས།  ང་ཚོས་དུས་ནམ་ཡང་བློས་གཏོང་རྒྱུ་ཡོད་པ་མ་རེད། གལ་སྲིད། བློས་བཏང་བ་ཡིན་ན་རང་གི་མི་ཚེ་བློས་བཏང་བ་དང་གཅིག་པ་རེད།ཅེས་རྒྱལ་བ་༧ཀརྨ་པ་མཆོག་གིས་གསུངས།

ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོ་རྒྱ་གར་རྒྱལ་སྤྱིའི་རི་སྐྱེས་སྲུང་སྐྱོབ་ཚོགས་པའི་ཐེབས་རྩ་ཁང་དང་བོད་ཀྱི་རི་སྐྱེས་སྲོག་ཆགས་ཐེབས་རྩ་ཚོགས་པ། བོད་མིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རྟོགས་སེལ་གྱི་ལས་འགུལ་ཁང་གསུམ་གྱི་གོ་སྒྲིག་འོག  ངྷ་སྟེེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་ལ། དེར་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་༧ཀ་རྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་གཙོས། བོད་པའི་རི་སྐྱེས་སྲོག་ཆགས་ཐེབས་རྩ་ཁང་གི་འགན་འཛིན་གཅིག་ལྕོགས་ཨ་ཤུ་ཀུམ་མ་ལགས། དེ་བཞིན་ངྷ་སྟེང་བོད་ཁྱིམ་གྱི་དགེ་སློབ་ ༢༠༠ ལྷག་ལ་རི་སྐྱེས་སྲོག་ཆགས་རྩ་གཏོང་དང་གནོད་འཚེ་སྐོར་གྱི་གནས་ཚུལ་དང་བརྙན་འཕྲིན་གཟིགས་འབུལ་གནང་སོང་།  

སྐུ་མགྲོན་གཙོ་བོ་རྒྱལ་བ་༧ཀརྨ་པ་མཆོག་ནས་ཐེངས་འདིའི་ལས་འགུལ་དང་འབྲེལ་ལམ་སྟོན་བཀའ་སློབ་གནང་དོན། སྤྱིར་འཛམ་གླིང་ནི་འགྲོ་བ་སེམས་ཅན་ཀུན་གྱི་སྤྱི་མཐུན་གྱི་གནས་ཤིག་ཡིན་པ་དང་། འགྲོ་བ་མིའི་རིགས་འདུས་པའི་སྲོག་ཆགས་ཚང་མར་རྐྱེན་བར་ཆད་གཅིག་མ་གཏོགས་འཕྲད་ཀྱི་མེད་ནའང་། རྐྱེན་བར་ཆད་མང་པོ་ཞིག་འབུ་སྲིན་གྱི་རིགས་ལ་འཕྲད་ཀྱིན་ཡོད་པ་རེད། འབུ་སྲིན་གྱི་རིགས་དེ་ཆུང་ཆུང་ཞིག་ཡིན་སྟབས། ང་ཚོས་རིན་ཐང་མེད་པ་ཞིག་ཏུ་བརྩིས་ཀྱིན་འདུག ཡིན་ཡང། སེམས་ཅན་གྱི་རིགས་མི་འདྲ་བ་ཚང་མ་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་པ་རེད། སྲིན་འབུ་ཆུང་ཆུང་ཞིག་ཡིན་ནའང་། ཁོ་ཡོད་པ་ཙམ་གྱིས་ཟས་བཅུད་རྒྱས་པ་སོགས་དམིགས་བསལ་གྱི་དགོས་པ་ཡོད་པ་རེད། དེ་བཞིན། རྐྱེན་ངན་གྱི་རིགས་མང་པོ་ཞིག་ང་ཚོས་སེལ་ན་ཕན་ཐོགས་ཡོང་གི་ཡོད་པ་རེད། དཔེར་ན། སྦྲང་མའི་རིགས་ཀྱིས་མེ་ཏོག་གི་བཅུད་བླངས་ཏེ་མེ་ཏོག་འདབ་མ་རྒྱས་པ་དང་མེ་ཏོག་སྨིན་པར་ཕན་གྱི་ཡོད་པ་རེད། གལ་སྲིད། སྦྲང་མ་རིགས་ཡོད་ཚད་མེད་པར་གྱུར་པ་ཡིན་ན། རྩི་ཤིང་གི་རིགས་མང་པོ་ཞིག་འཇིག་འགྲོ་གི་ཡོད་པ་རེད། དེ་བས། འཛམ་གླིང་ཐོག་འབུ་སྲིན་ཚུན་གྱི་ཡོད་ཚད་ངེས་པར་དུ་ཡོད་དགོས་པ་ཞིག་དང་། སོ་སོར་དགོས་པ་རེ་ཡོད་པ་རེད། ང་ཚོས་ཚུལ་ཁྲིམས་དང་བླང་དོར་གྱི་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན། སྲོག་ཆགས་རིགས་ཡོངས་ལ་སོ་སོར་མུ་མཐུད་གནས་པ་དང་གསོན་པའི་ཐོབ་ཐང་དང་འོས་བབ་ཆ་ཚང་ཡོད་པ་རེད། ཡིན་ཡང། མང་པོ་ཞིག་གིས་ཚུལ་ཁྲིམས་དང་བླང་དོར། ལས་རྒྱུ་འབྲས་སོགས་ལ་བསམ་བློ་གཏོང་གི་མེད་པར། སྒེར་གྱི་ཁེ་ཕན་ཁོ་ནར་བསམ་བློ་གཏོང་མཁན་མང་པོ་ཡོད་པ་རེད།

མང་པོ་ཞིག་གིས་སྟག་དང་གཟིག་དེ་ཚོ་ཞེད་སྣང་ཆེ་བས་མེད་ན་ཡག་པོ་རེད། དེ་དག་མེད་ན་ཤྭ་བ་དང་རི་བོང་སོགས་ལ་ཞི་བདེ་ཐོབ་ཀྱི་རེད། ཅེས་བཤད་མཁན་ཡོང་བསྡད་ཀྱིན་ཡོད་པ་རེད། གལ་སྲིད། སྲོག་ཆགས་རིགས་གཅིག་ལ་གནོད་འཚེ་ཐེབས་པ་ཡིན་ན། དེའི་ཤུགས་དེ་སྲོག་ཆགས་མང་པོ་ཞིག་ལ་འགྱུར་བ་དང་ཤུགས་རྐྱེན་ཐེབས་འོང་གི་ཡོད་པ་རེད། དེ་བས། སྲོག་ཆགས་ཀྱི་རིགས་མེད་པ་ཡིན་ན་སྤྱི་ཚོགས་ལ་གནོད་འགྲོ་བ་ཞིག་ཡིན་སྟབས། སྲོག་ཆགས་ཧ་ཅང་གལ་ཆེན་ཆགས་ཡོད་པ་རེད། ནང་པ་སངས་རྒྱས་པའི་ལྟ་ཚུལ་ཐོག་བཤད་པ་ཡིན་ན། སེམས་ཅན་གཞན་ལ་འཚེ་བ་དང་གནོད་པ་མི་བྱེད་པར་ཕན་པ་སྒྲུབ་པ། གལ་སྲིད། ཕན་པ་མ་བསྒྲུབ་ཀྱང་གནོད་པ་མི་སྐྱེལ། ཅེས་གསུངས་ཡོད་པ་རེད། དེ་བས། སེམས་ཅན་གཞན་གྱི་ཚེ་སྲོག་དང་རིན་ཐང་ལ་བརྩི་འཇོག་བྱ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད། ང་ཚོས་མི་ལས་གཞན་པའི་སེམས་ཅན་གཞན་ལ་མནར་གཅོད་གཏོང་རྐྱང་དང་སྲོག་གཅོད་རྐྱང་བྱེད་ཀྱིན་ཡོད་པ་དང་། བསད་པ་ཙམ་དུ་མ་ཟད་པགས་པ་མགོ་རུས་དེ་དག་གོན་པ་དང་སྒོ་མགོར་འགེལ་བའི་སྲོལ་ཆགས་ཡོད་པ་རེད། དེ་ཧ་ཅང་གདུག་རྩུབ་ཀྱི་བྱ་སྤྱོད་རེད། སྤྱི་ཚོགས་རྙིང་པའི་སྐབས། སོ་སོའི་དགྲ་བོར་འཁོན་འཛིན་ཆེད་གཞན་བསད་རྗེས་མགོ་ཁང་པའི་ཕྱི་ལོགས་སུ་བཀལ་ཏེ་དགྲ་ཤ་ལེན་པའི་སྲོལ་འདྲ་བོ་སྟོན་གྱིན་ཡོད་པ་དང་གཅིག་མཚུངས་རེད། ཁོང་ཚོ་ང་ཚོའི་དགྲ་བོ་རེད་ཅེས་ན་ང་ཚོར་གནོད་པ་དང་འཁོན་འཛིན་ཅི་ཡང་ཡོད་པ་མ་རེད། ང་ཚོས་ཁོང་ཚོར་གདུག་རྩུབ་དེ་འདྲ་བྱེད་དོན་ཅི་ཡིིན་ནམ། ཅེ་ན་ང་ཚོར་རྒྱུ་མཚན་ཅི་ཡང་མེད། སྔོན་མ་སྟག་ལྤགས་གཟིག་ལྤགས་གྱོན་མཁན་དེ་དཔའ་བོའི་རིགས་ཀྱི་གྱོན་པའི་སྲོལ་ཡོད་ཀྱང། རིམ་བཞིན་མི་མང་པོས་སེམས་ཅན་གྱི་པགས་པ་གྱོན་མཁན་ཇེ་མང་ཕྱིན་པ་དང་སེམས་ཅན་མང་པོར་གནོད་འཚེ་ཐེབས་བཞིན་ཡོད་པ་རེད། དེ་དག་ང་ཚོའི་ལུགས་སྲོལ་ཡིན་ཡང། སྤྱི་དང་མ་འཚམ་པ་ཞིག་དང་དུས་དང་གནས་བབ་ལ་ཉེན་ཁ་ཚ་བོ་དང་གནས་ཚུལ་ཆེན་པོ་ཡོད་ན། ལུགས་སྲོལ་རྙིང་པ་རེད་ཟེར་ནས་ཉར་བསྡད་ན་འགྲིག་གི་མ་རེད། ཅེས་གསུངས་བྱུང་། 

ཁོང་གིས་མུ་མཐུད་དུ་གསུངས་དོན། ཁ་ནས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཟེར་བཞིན་ལག་ལེན་ཐོག་གནོད་འཚེ་གཏོང་གང་འདོད་བྱས་པ་ཡིན་ན། ང་ཚོས་རང་ཉིད་ལ་མགོ་སྐོར་བཏང་བ་རེད། དེ་བས། མི་རྣམས་ཀྱིས་འཛམ་བུ་གླིང་དེ་མི་ལ་བདག་པ་ཞིག་དང་དབང་བསྒྱུར་བྱེད་མཁན་མི་ཡིན་པ་དྲན་གྱི་ཡོད་པ་རེད། དངོས་ནས་བཤད་ན་མི་ཟེར་བ་དེ་འཛམ་གླིང་གི་སྲོག་ཆགས་ས་ཡ་མང་པོའི་གྲས་ཀྱི་རིགས་གཅིག་རེད། ཡིན་ཡང་། མི་ལ་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཞིག་ཡོད་སྟབས། དེས་རྒྱབ་རྟེན་གྱིས་ང་ཚོས་ཐུན་མོང་མ་ཡིན་པའི་ནུས་པ་སྟོན་ཐུབ་ཀྱིན་ཡོད་པ་རེད། མི་ཚང་མས་ནུས་པ་དེ་ཧ་ཅང་སྟོབས་ཆེན་པོ་ཞིག་ཡིན་པར་བསམ་གྱི་ཡོད་པ་ལས། གནོད་འཚེ་གཏོང་བ་དེར་འགྱུར་བ་གཏོང་རྒྱུ་ཡོད་པ་ཞིག་ལ་བསམ་བློ་གཏོང་གི་མེད། ཡིན་ཡང། ཞིབ་ཏུ་བསམ་བློ་བཏང་ན་འཛམ་གླིང་སྟེང་གཏོར་བཤིག་དེ་མིའི་བཅོས་པའི་ལས་དེ་ཧ་ཅང་སྟོབས་ཆེན་པོ་རེད། གལ་སྲིད། ང་ཚོས་གཟབ་གཟབ་མ་བྱས་པར་བསམ་བློ་གཏོང་སྟངས་དང་བདག་པོ་བྱེད་སྟངས་ནོར་བ་ཡིན་ན། ཉིན་ཞིག་རང་ཉིད་རང་གིས་བརླག་པའི་ཉེན་ཁ་ཡོད་པ་རེད། འཛམ་གླིང་ཕྱིའི་ཁོར་ཡུག་ལ་བསྒྱུར་བཅོས་བཏང་བ་དང་ཆབས་ཅིག་ཁོར་ཡུག་དེར་གནས་པའི་སྲོག་ཆགས་ས་ཡ་མང་པོའང་མིས་བཅོས་ལས་ལ་བརྟེན་ནས་གནོད་སྐྱོན་ཆེན་པོ་ཐེབས་བཞིན་ཡོད་པ་རེད། དེ་བས། ང་ཚོའི་རང་ཉིད་ཀྱི་སྤྱོད་ལམ་ལ་འགྱུར་བ་གཏོང་དགོས། ང་ཚོའི་འཛམ་བུ་གླིང་འདི་ལ་ཁྱད་ཆོས་ཤིག་ཡོད་པ་ནི་ཚེ་སྲོག་མང་པོ་ཞིག་གནས་ཐུབ་པ་དེ་རེད། དེ་བཞིན་ང་ཚོས་མི་གཞན་གྱི་ཚེ་སྲོག་རིན་ཐང་དུ་བརྩིས་དགོས་པ་དེ་ང་ཚོ་མི་ཞིག་ཏུ་སྐྱེས་པའི་ཆ་ནས་འོས་འགན་ཞིག་དང་རེ་བ་ཞིག་རེད། ཐ་ན་ང་ཚོས་དབུགས་གཏོང་ལེན་ཚུན་སོགས་ཀྱང་རྩི་ཤིང་ནགས་ཚལ་སོགས་ལ་བརྟེན་ནས་བྱུང་བ་ཡིིན་པས། ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གནས་ཡོད་པ་རེད། ང་ཚོས་རང་ཉིད་གླེང་དུས་སུ་དང་གང་ལ་བརྟེན་མི་དགོས་པར་གནས་ཡོད་པའི་བསམ་བློ་ཞིག་འཁུར་བསྡད་ཡོད་པ་རེད། འདི་ལ་བརྟེན་ནས་ང་ཚོ་དཀའ་ངལ་མང་པོ་ཞིག་འཕྲད་ཡོང་གི་ཡོད་པ་རེད།  དེ་བས། འཛམ་བུ་གླིང་འདི་ང་ཚོས་བཟང་ངན་གང་འདྲ་བྱས་ཀྱང་མེད་ཐབས་མེད་པའི་གཞི་རྟེན་ཡིན་སྟབས། ང་ཚོས་དུས་ནམ་ཡང་བློས་གཏོང་རྒྱུ་ཡོད་པ་མ་རེད། གལ་སྲིད། བློས་བཏང་བ་ཡིན་ན་རང་གི་མི་ཚེ་བློས་བཏང་བ་དང་གཅིག་པ་རེད། དེ་བས་ཚང་མའི་ངོས་ནས་དོ་སྣང་བྱ་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. grave says:
    ལོ་ 17 སྔོན།

    སུ་ཡིན་ཀྱང་ཡིད་ཆེས་སམ།

    Reply
  2. grave says:
    ལོ་ 17 སྔོན།

    འོ་འདི་ འདྲ་རྫིག་པོ་ཞིག

    Reply
  3. grave says:
    ལོ་ 17 སྔོན།

    རྒྱབ་སྐྱོར་བྱེད་དགོས།

    Reply
  4. ཨ་ལལ says:
    ལོ་ 17 སྔོན།

    རེད་ཡ།ཀརྨ་པ་རིན་པོ་ཆེ་ལ་དམིགས་བསལ་གྱི་ནུས་པ་ཡོད་པ་དེ་ལམ་ལྷོང་ཡོང་བར་ང་ཚོས་རྒྱབ་སྐྱོར་བྱེད་དགོས།

    Reply
  5. rikpa says:
    ལོ་ 17 སྔོན།

    དཔལ་རྒྱལ་བ་༧ཀ་རྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་གི་བཀའ་སློབ་ཟབ་མོ
    ་བརྩོལ་བ་གུས་བསྟོད་ཞུ་བཞིན་ཡོད།
    ཡིད་བཞིན་ནོར་བུ་དང་ཐུགས་ཡིད་དབྱེར་མེད་བ་གནང་བ་ནི་དེ་ལས་ཀྱང་ཟི་རྗིད་ཆེ་གུས་བསྟོད་ཞུ་བཞིན་ཡོད།

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    ལགས་སོ། བཀའ་སློབ་ཟབ་མོ་དེ་ལན་གཅིག་གི་བསྒྲགས་པ་ཙམ་མ་ཡིན་པར་འོ་བརྒྱལ་དང་དུ་ལེན་དེ་ཕྱི་ཚོགས་ལ་ཤུགས་སྐྱེན་ཐོན་ཐུབ་པ་ཞིག་གནང་བར་ཞུ།

    Reply
  7. སོག་ཤོད་ལྷག་བསམ། says:
    ལོ་ 17 སྔོན།

    དཔལ་རྒྱལ་བ་༧ཀ་རྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་གི་བཀའ་སློབ་ཟབ་མོ
    ་བརྩོལ་བ་གུས་བསྟོད་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese