མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་བོད་ཀྱི་ཉིན་མོ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་འཛམ་གླིང་བོད་ཀྱི་ཉིན་མོར། ༧གོང་ས་མཆོག་གི་འཁྲུངས་སྐར་ཐེངས་ ༧༤ པའི་མཛད་སྒོ་ཞིག་ལྡི་ལི་གསར་བར་འཚོགས་གཏན་འཁེལ་བ་ལྟར། ༧གོང་ས་མཆོག་དེ་རིང་ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་ལ་བཞུགས་སྒར་ནས་ཆིབས་ཐོན་གནང་སོང་།

སང་ཉིན་ནི་༧གོང་ས་མཆོག་གི་འཁྲུངས་སྐར་ཐེངས་ ༧༤ པ་དང་། ཁོང་ཉིད་བཙན་བྱོལ་དུ་ཕེབས་པ་ནས་འཁྲུངས་སྐར་ཐེངས་ ༥༠ དེ་ཡིན། དེ་བཞིན་སང་ཉིན་ནི་འཛམ་གླིང་བོད་ཀྱི་ཉིན་མོའང་ཡིན་སྟབས། འཛམ་གླིང་གང་སར་ཉིན་མོ་འདི་གཅིག་གྱུར་གྱིས་སྲུང་གཙི་གནང་གིན་ཡོད། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་ཁག་གིས་ཀྱང་ཉིན་མོ་འདི་སྲུང་གཙི་ཞུ་ཆེད་མཛད་སྒོ་ཞིག་ལྡི་ལི་གསར་བར་འཚུགས་གཏན་འཁེལ་བ་དང་། དེའི་སྐུ་མགྲོན་དུ་མགོན་པོ་གང་ཉིད་དང་། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དང་རྒྱ་གར་གྱི་མེ་ཤུགས་འཕུར་མདེལ་གྱི་ཡབ་ཆེན་དུ་གྲགས་མཁན་མཁས་དབང་ཨབ་ཌུལ་ཁ་ལམ་མཆོག་མཆོག་ཀྱང་སྐུ་མགྲོན་གཙོ་བོར་ཕེབས་རྒྱུ་ཡིན་འདུག ཧི་མ་ལ་ཡའི་རི་བརྒྱུད་ལ་གཏོགས་པའི་རྒྱ་གར་གྱི་མངའ་སྡེ་སོ་སོའི་བློན་ཆེན་རྣམ་པ་གཙོས་མི་སྣ་གལ་ཆེན་དག་མཛད་སྒོའི་དམིགས་བསལ་སྐུ་མགྲོན་ལ་གདན་དུ་འཁོད་རྒྱུ་ཡིན་འདུག

འཛམ་གླིང་བོད་ཀྱི་ཉིན་མོ་ནི་ ༡༩༩༨ ལོར་ལོ་རྒྱུས་མཁས་དབང་སྐུ་ཞབས་ རི་ཆར་ཌི་ རོ་སེན་ཁུ་རན་ཛུ་ མཆོག་གིས་མགོ་འཛུགས་གནང་ཡོད་ལ། འཛམ་གླིང་བོད་ཀྱི་ཉིན་མོ་སྲུང་གཙི་འདི་ལ་དམིགས་ཡུལ་གསུམ་ཡོད་པའི་གྲས་ཀྱི་དང་པོ་ནི། ཉིན་མོ་འདི་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་བྱ་འགུལ་ཞིག་ལ་བསྒྱུར་ཏེ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་མི་རྣམས་ལ་གཞི་རྩའི་རང་དབང་ཁག་བསྐྱར་གསོ་ཡོང་ཐབས་སུ་རོགས་འདེགས་བྱ་རྒྱུ་དང་། གཉིས་པ་ནི། བོད་མི་རིགས་ཀྱི་མགོར་ལྷུང་བའི་རིག་གཞུང་རྩ་གཏོར་གྱི་འཇིགས་ཉེན་འདི་ལ་འཛམ་གླིང་རང་བཞིན་གྱི་གོ་རྟོགས་སྤེལ་རྒྱུ། གསུམ་པ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་བསམ་བློའི་མཛེས་སྡུག་དང་རིན་ཐང་ལ་གུས་བརྩི་དང་སྲུང་གཙི་བྱ་རྒྱུ་བཅས་ཡིན། ཉིན་མོ་འདི་ནི་བོད་མིའི་ཟླ་དུས་ཚེས་གྲངས་གལ་ཆེ་ཤོས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་འཁྲུངས་སྐར་ཉིན་འཁེལ་ཡོད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

སྐར་མ ༣༡ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 6

  1. Nyima says:
    ལོ་ 15 སྔོན།

    བོད་ནང་དུ་གནས་ཚུལ་ཛ་དྲག་བྱུང་བའི་སྐབས་སུ་ང་ཚོའི་ངོས་ནས་མ་འཇོན་པ་དང་མགྲིགས་པའི་གནས་ཚུལ་མང་པོ་ཞིག་བཤད་ཀྱི་འདུགདེ་བན་པཡིན་ནམད

    Reply
  2. ཟུར་མཁར་ says:
    ལོ་ 17 སྔོན།

    ༧གོང་ས་༧སྐྱབས་མགོན་ཆོན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཉེ་ཆར་མགོན་པོ་གང་ཉིད་ནས་དམའ་མཐར་ཡང་རྒྱ་ནག་གུང་ཁྲན་ཏང་གི་སྐུ་ཚེ་ལས་ངའི་སྐུ་ཚེ་རིང་བ་ཡོད་པས་ཚང་མ་དེ་དོན་བློ་བདེ་ངང་བཞུགས་རོགས་གསུངས་ཡོད།

    Reply
  3. ཨ་བུ་གངས་དཀར says:
    ལོ་ 17 སྔོན།

    གོང་༧་ས་མཆོག་སྐུ་ཚེ་ཁྲི་ལོ་བསྟན་པར ་ཤོག།

    Reply
  4. ཨ་བུ་གངས་དཀར says:
    ལོ་ 17 སྔོན།

    གོང་༧་ས་སྐུ་ཚེ་ཁྲི་ལོ་བསྟན་པར་ཤོག་བོད་རྒྱལ་ལོ།

    Reply
  5. རི་བོང། says:
    ལོ་ 17 སྔོན།

    ངོ་མ་ཡག་པོ་འདུག ད་ལྟ་ང་ཚོ་ལ་རྒྱལ་ཁབ་མེད་ན་ཡང་རྒྱལ་བོ་ཟླ་དང་བྲལ་བ་ཞིག་ཡོད་པ་རེད། ལྷག་པར་དུ་ང་ཚོའི་༸ཁོང་དང་མཉམ་དུ་འཁྲུང་སྐར་གཏོང་བཞིན་ཡོད་པ་བསམ་ན་དགའ་འོས་པ་རེད། ཞར་ལ་༸གོང་ས་མཆོག་དགུང་གྲངས་དོན་བཞི་ལ་ཕེབས་ཡོད་པ་དང་། མིའི་མི་ཚེ་ལ་ཚད་ཡོད་པ་སོགས་བསམ་གཞིག་མང་པོ་ཞིག་བཏང་དུས་སེམས་ཁོང་འདི་གྲང་བསིལ་བསིལ་ཆགས་ཀྱིན་འདུག འོན་ཀྱང་བསམ་ཚུལ་དེ་འདྲ་ཞིག་གཞི་ལ་བཞག་ནས་འུ་ཚོའི་མ་འོངས་པའི་ཁ་ཕྱོགས་འཚོལ་རྒྱུ་ཤིན་ཏུ་གལ་ཆེན་རེད་སྙམ།

    Reply
  6. བདེ་བ་ཅན། says:
    ལོ་ 17 སྔོན།

    ང་ཚོ་བོད་མི་ཚོ་བསོད་ནམས་དབང་ཐང་ཆེ་ས་ཞིག་ལ་བསམ་ན་ཇི་འདྲའི་སྟབས་འཁེལ་བ་ ཞིག་མི་འདུག་གམ། རྒྱལ་སྤྱིའི་ཉིན་མོ་དེ་ཚོའང་ད་ལྟ་བོད་མི་རྩ་ཆེ་ཤོས་བརྩི་བའི་་ཉིན་མོ་ཞིག་དང་སྐབས་་འཁེལ་བ་འདི་ནི་ང་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མགོན་པོ་གང་གི་མཛད་་འཕྲིན་མཐའ་དག་འཛམ་་གླིང་ཀུན་ན་སྤྱི་ཁྱབ་ཉིན་མ་ལྟར་ཁྱབ་བཞིན་ཡོད་སྟབས་འཛམ་གླིང་ཁག་གི་སྲུང་བརྩི་ཞུ་བའི་དུས་ཚོད་དེ་དག་ཀྱང་རང་བཞིན་མ་འགྲིག་་ལྷུན་གྱི་གྲུབ་པའི་ཉིན་མོ་སྟེ་༸གོང་ས་་མཆོག་གི་འཁྲུངས་སྐར་དང་སྟབས་་འཁེལ་བ་ཞིག་རེད།  དེ་མ་རེད་ཅེས་སུ་གཅིག་གིས་ཀྱང་ཚིག་ཐག་གཅོད་ཐུབ་མཁན་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese