མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་ལུས་མི་དམངས་ཀྱིས་ང་ཚོར་སྒུག་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་བོད་མི་བརྒྱ་ཆ་དགུ་བཅུས་ལྷག་བསམ་རྣམ་དག་གིས། མི་རིགས་དང་རིག་གཞུང་གི་ཆེད་བློས་གཏོང་གི་བསམ་བློ་ཤུགས་ཆེན་པོ་འདུག བསམ་བློ་དེ་འདྲ་ཞིག་འཁུར་ཏེ་རྒྱ་མིས་ཁ་གཏད་དུ་ལངས་ཐུབ་པ་ལས་འདི་ལྟར་བསྡད་པ་ཡིན་ན་ཁ་གཏད་གཅོག་ཁག་པོ་རེད་ཟེར།

ཕྱི་ཚེས་ ༣ ཉིན་འདི་གའི་གསར་འགོད་པས་བོད་ནང་གཉེན་འཕྲད་དུ་ཕྱིན་ཏེ་ཕྱིར་ངྷ་སར་འབྱོར་ཡོད་པའི་དགེ་བཤེས་རིན་ཆེན་ལགས་སུ། ད་ལྟའི་བོད་ནང་གི་བོད་མིའི་གནས་སྟངས་ཐད་བཀའ་འདྲི་ཞུས་པར། ཁོང་གིས། འདི་ལོ་ང་ཕ་ཡུལ་གྱི་ནང་མི་ཚོར་གཉེན་འཕྲད་དུ་ཕྱིན་ཏེ་ཟླ་ལྔ་ལྷག་ལ་ཕ་ཡུལ་ནས་བསྡད་པ་ཡིན། དུས་ཡུན་དེའི་རིང་གི་མཐོང་ཐོས་དང་དངོས་ཡོད་ལ་བལྟས་ན། སྔོན་མ་ཕ་ཡུལ་གྱི་མི་མང་ཚོར་དཔལ་འབྱོར་དང་འཚོ་བའི་ཐོག་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང། ད་ལྟ་བོད་མི་རང་ངོས་ནས་དཀའ་སྤྱད་འབད་བརྩོན་བྱས་ཏེ་དཔལ་འབྱོར་ཡར་རྒྱས་དང་འཚོ་བར་བཟང་ཕྱོགས་ཀྱི་འགྱུར་བ་བྱུང་ཡོད་འདུག  ཡིན་ནའང། རྒན་དར་གཞོན་གསུམ་ཡོངས་ལ་སྔོན་དང་མི་འདྲ་བར་སེམས་ཀྱི་དཀའ་ངལ་ཆེན་པོ་ཞིག་རང་བཞིན་གྱིས་འཕྲད་ཀྱིན་འདུག དེ་ནི། རྒྱ་གཞུང་གི་མནར་གཅོད་དང་གཉའ་གནོན་འོག།ཁོང་ཚོར་རང་དབང་དང་ཐོབ་ཐང་མེད་པར་རང་ཉིད་འཚོ་ཞིང་གནས་པའི་ཡུལ་དེ་རུ་བཟང་བཙོན་དུ་བཅུག་པ་ལྟར་བསྡད་ཡོད་པ་དང་། འཛམ་གླིང་ཕྱི་ཕྱོགས་ཀྱིི་གནས་ཚུལ་ཡང་གཅིག་མཚུངས་ཀྱིས་སྒོ་བརྒྱབས་པ་ལྟར་ཅི་ཡང་ཐོས་ཀྱི་མེད་པས་རེད་བསམ། དེ་ལྟར་ཡང། ད་ལྟ་ཁོང་ཚོས་རྒྱ་གར་སོགས་རང་དབང་ལུང་པའི་མི་ཕྱི་ནང་གཉིས་སུ་འགྲོ་བསྡད་མཁན་གྱི་བོད་མི་དག་ལས་བཙན་བྱོལ་བོད་མིའི་གནས་སྟངས་དང་། བོད་དོན་འཐབ་རྩོད་བྱེད་སྟངས་སོགས་ཤེས་རྟོགས་བྱུང་འདུག་ལ། གནས་ཚུལ་དེ་དག་ཐོས་དུས་ཁོང་ཚོས་རང་ཉིད་ནི་དུད་འགྲོ་ལྟ་བུ་ཞིག་ལས། མི་རིགས་ལ་ལྷག་བསམ་དང་ལར་ཞེན་མེད་པའི་ཀུན་སློང་ཞིག་སྐྱེས་ཀྱིན་འདུག  ནམ་རྒྱུན་ཁོང་ཚོ་རྒྱ་གཞུང་གི་ཁྱབ་བསྒྲགས་དང་གནས་ཚུལ་འདྲ་མིན་ལ་མགོ་འཁོར་བསྡད་ཡོད་ཀྱང་། ད་ལྟ་གཞི་ནས་ཁོང་ཚོས་གསལ་བོར་མཁྱེན་ཡོད་འདུག  ཡིན་ནའང། གནས་སྟངས་ཧ་ཅང་སྐྱོ་བོ་རེད། འདི་ལོ་སྤྱི་ཟླ་ ༣ པ་དང་ ༤ བའི་ནང་རེད། ང་དཀར་མཛེས་རྫོང་ཐོག་ཏུ་ཡོད་པའི་དུས་ཤིག་ལ་རྒྱ་མིའི་དམག་མི་ཕལ་ཆེར་ཁྲི་གཅིག་ལྷག་གིས་མེ་མདའ་དང་རྒྱུགས་པ་སོགས་ལག་ཆ་འདྲ་མིན་འཁུར་ཡོང་སྟེ། རྫོང་གི་ཉེ་འགྲམ་གྱི་གོམ་པ་བཞི་ལྔའི་མཚམས་སུ་མི་འཇུ་བཟུང་བྱེད་པའི་རླངས་འཁོར་དང་དམག་མི་ཉི་ཤུ་རྩ་གྲངས་བྱས་ཏེ་ལངས་བསྡད་འདུག་ལ། བཤད་ཚུལ་ལ་རྫོང་ཉེ་འགྲམ་གྱི་ཞིང་པ་ཚོས་ཟླ་གཅིག་མ་ཟིན་ཙམ་ས་ཞིང་རྨོ་འདེབས་མ་བྱས་པར་ངོ་རྒོལ་བྱས་སྟབས། དམག་མིས་འབྲུ་ཁུར་འོང་སྟེ་ས་ཞིང་རྨོ་འདེབས་བྱས་པ་རེད། ལོ་འདིར་ས་ཞིང་བསྡུ་རྒྱུ་ཡོད་མེད་ཀྱང་ཐེ་ཚོམ་གྱི་གནས་སུ་ལྷག་འདུག ནམ་རྒྱུན་རྫོང་དང་གྲོང་སྡེ་རིམ་པ་ནས་དེ་རིང་མི་གསུམ་དང་ཁ་སང་མི་ལྔ་འཇུས་པ་སོགས་ཀྱི་གནས་ཚུལ་ལས་གཞན་ཅི་ཡང་གོ་རྒྱུ་མི་འདུག་ལ། འགྲོ་འདུག་གི་གནས་གང་ཞིག་ཡིན་ཡང་དོགས་ཟོན་རྐྱང་རྐྱང་གི་ཁྲོད་དུ་གནས་ཡོད་པ་རེད།  མི་གཉིས་གསུམ་ཙམ་མཉམ་དུ་སྐད་ཆ་བཤད་པ་ཡིན་ནའང་། སྐད་ཆ་དེ་དག་བཤད་ཚེ་ཕྱི་དྲོ་གང་འདྲ་ཆགས་ཡོང་ངམ་དགོང་མོར་འཇུས་མི་ཡོང་ངམ་སྙམ་པའི་བློ་དོགས་ཁྲོད་འཚོ་བཞིན་འདུག་ལ། རང་གི་ནང་མི་ལས་གཞན་སུ་ལའང་སྐད་ཆ་གང་བྱུང་བཤད་མི་ཐུབ་པའི་གནས་སུ་གྱར་ཡོད་སྟབས། བོད་མི་ཚོར་རང་ཤུགས་ཀྱིས་སེམས་ནང་དཀའ་ངལ་ཞིག་འཕྲད་བསྡད་ཀྱིན་འདུག
སློབ་གྲྭ་དང་དགོན་སྡེ་ཁག་ཏུའང་ཧ་ཅང་སྐྱོ་བོ་རེད། ང་ཚོའི་རྫོང་དེ་རུ་དཀར་མཛེས་དགོན་པ་དང་དར་རྒྱས་དགོན་པ་སོགས་དགོན་སྡེ་མང་པོ་ཡོད་པ་རེད། སྔོན་མ་དེ་དག་དགེ་འདུན་པ་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱི་གནས་རེད། ཡིན་ནའང། དེང་སྐབས། དགོན་སྡེ་དེ་དག་ཏུ་གྲྭ་པ་མང་ཤོས་ ༡༠༠ ལྷག་དང་ཉུང་ཤོས་ ༡༠ ལྷག་ལས་མི་འདུག  གཞན་གྱིས་བལྟས་ཚེ་དགོན་སྡེ་ཞིག་ཡོད་པ་ཙམ་ལས། རིག་གནས་ཀྱི་ཐད་ལ་ཤུགས་སྣོན་བྱེད་མཁན་དཀོན་པོ་རེད། དགོན་པས་རྒྱ་མིའི་ཁམས་དང་བསྟུན་ཚེ་གུ་ཡངས་ཡོད་པ་ལས། དམ་དྲག་འོག་གནས་བསྡད་འདུག་ལ་གྲྭ་བའི་གྲངས་འབོར་ཉུང་དུ་ཕྱིན་འདུག  སློབ་གྲྭ་ཁག་ཡིན་ནའང།  སྒེར་གཉེར་སློབ་གྲྭ་ཁ་ཤས་སུ་ང་རང་ཕྱིན་པ་ཡིན།  ཉེ་བའི་དུས་ནས་སློབ་གྲྭ་སྒེར་གཉེར་བྱེད་མི་ཆོག་པ་དང་ཆ་རྐྱེན་ཚང་གི་མེད་པ། ལོ་གཉིེས་དང་གསུམ་རྗེས་གཞུང་ལ་རྩིས་སྤྲོད་བྱ་དགོས་ཚུལ་སོགས་ཀྱིས་གནོན་ཤུགས་འོག་བསྡད་འདུག་ལ། གནས་ལུགས་འདྲ་མིན་དྲངས་ཏེ་སྒོ་རྒྱག་ཐབས་བྱེད་བཞིན་འདུག དེ་བཞིན། བོད་ཀྱི་འབྲོག་པ་མང་པོ་གྲོང་ཁྱེར་དུ་གནས་སྤོར་བྱེད་བཞིན་འདུག་ལ། ཁོང་ཚོས་སྒོ་ཕྱུགས་རྒྱ་མིར་བཙོང་སྟེ་རྒྱ་མིས་འབྲོག་ཁུལ་ཏུ་སྒོ་ཕྱུགས་འཚོ་སྐྱོང་བྱེད་བཞིན་པའི་གནས་སྟངས་ཤིག་ཆགས་འདུག་ལ། གནས་སྟངས་མང་པོ་ཞིག་ལ་ཞིབ་དུ་བསམ་ན་ཁོང་ཚོས་ཁེ་ཕན་དང་འཆར་གཞི་ཡོད་པའི་སྒོ་ནས་བོད་མིའི་ཐོག་ལ་ལས་ཀ་བྱས་པ་ལས་བོད་མིར་ཕན་པའི་ལས་ཀ་གཅིག་ཀྱང་བྱེད་ཀྱིན་མི་འདུག  ཅེས་གསུངས་བྱུང་།
 
ཡང་ཁོང་གིས། བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་སེམས་ཤུགས། ༧གོང་ས་མཆོག་དང་བཙན་བྱོལ་བོད་མིར་བཅངས་བའི་རེ་བའི་ཐད་བརྗོད་དོན། བོད་ནང་གི་བོད་མི་ཚོའི་ལྷག་བསམ་ནི་དངོས་གནས་ཧ་ལས་དགོས་པ་ཞིག་རེེད། དེ་དག་ལ་བལྟས་ཚེ་ང་ཚོ་བཙན་བྱོལ་བའི་བསམ་བློ་གཏོང་སྟངས་འགྲིག་མི་འདུག་བསམ་པ་དྲན་སོང། བཙན་བྱོལ་བོད་མི་ཚོས་ལས་འགུལ་འདྲ་མིན་སྤེལ་གྱིན་ཡོད་ཀྱང། མང་ཆེ་བ་དཔལ་འབྱོར་ཁོ་ནར་མགོ་འཁོར་ཏེ་བསྡད་ཡོད་པ་རེད། བོད་ནང་གི་བོད་མིའི་བརྒྱ་ཆ་དགུ་བཅུ་ཙམ་གྱིས་ལྷག་བསམ་རྣམ་དག་གིས། མི་རིགས་དང་རིག་གཞུང་གི་ཆེད་བློས་གཏོང་གི་བསམ་བློ་ཤུགས་ཆེན་པོ་འདུག  བསམ་བློ་དེ་འདྲ་ཞིག་འཁུར་ཏེ་རྒྱ་མིའི་ཁ་གཏད་དུ་ལངས་ཐུབ་པ་ལས་འདི་ལྟར་བསྡད་པ་ཡིན་ན་ཁ་གཏད་གཅོག་ཁག་པོ་རེད།  ༧རྒྱལ་བ་ཡིད་བཞིན་ནོར་བུས་ཀྱང་མ་འོངས་བོད་ཀྱི་བདག་པོ་གཞིས་སྡོད་བོད་མི་ཡིན། ཅེས་གསུངས་ཡོད་པ་ལྟར། བོད་ནང་གི་བོད་མི་ཚོ་རྒན་དར་གཞོན་གསུམ་དང་། སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་སེམས་ཤུགས་དང་ལྷག་བསམ། ལར་ཞེན་དངོས་གནས་ཧ་ལས་པ་ཞིག་རེད། ང་རང་ལ་མཚོན་ན་སོ་སོ་འདིར་བསྡད་པ་རེད། ཁོང་ཚོའི་སེམས་ཤུགས་དང་ལྷག་བསམ་ལ་བལྟས་རྗེས་ང་རང་གི་བྱེད་སྟངས་འདི་ལྟ་བུ་ཞིག་ཅི་འདྲ་ཡིན་ནམ་བསམ་པའི་སེམས་ཚོར་ཞིག་སྐྱེས་སོང། ཁོང་ཚོར་༧རྒྱལ་བ་ཡིད་བཞིན་ནོར་བུ་དང་བོད་དོན་སྐོར་གྱི་སྐད་ཆ་ཞིག་བཤད་ས་རག་ཚེ།  དེའི་སྐོར་རྐྱང་རྐྱང་གླེང་བསྡད་ཀྱིན་འདུག་ལ། མཚམས་རེར་ང་རང་ཉིད་ཀྱང་ཞེད་སྣང་སྐྱེ་དགོས་པ་དེ་འདྲ་རེད། དེ་བཞིིན། ཁོང་ཚོས་མ་འོངས་བདེན་མཐའ་སེལ་ཐབས་སུ་༧རྒྱལ་བ་ཡིད་བཞིན་ནོར་བུ་གཙོོས་ང་ཚོ་བཙན་བྱོལ་བ་རྣམས་ལ་རེ་བ་ཆེན་པོ་རྒྱག་གིན་འདུག་ལ། ང་རང་མི་མང་པོ་དང་ཐུག་འཕྲད་བྱས་སྐབས།  ཁོང་ཚོས་ནམ་ཞིག་ཕྱི་ཕྱོགས་ནས་བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་བར་བྱེད་ངེས་རེད་ཅེས་རེ་བ་ཆེན་པོ་རྒྱག་གིན་འདུག  དེ་བཞིིན། བོད་མི་ཁག་ཅིག་གིས་ང་ཚོས་བོད་དོན་ཐད་གཅེས་བའི་སྲོག་གཏོང་དགོས་ཀྱང་འགྱོད་པ་མེད་པའི་སྐད་ཆ་ཡང་བཤད་བྱུང། ཁོང་ཚོས་ཕྱི་སྡོད་བོད་མི་རྣམས་རྒྱབ་རྟེན་བྱས་ཏེ་ཡིད་ཆེས་དང་བློ་གཏད་ཀྱི་སྒོ་ནས་ལས་འགུལ་སྤེལ་གྱིན་འདུག ཅེས་གསུངས་བྱུང།

མཐར། ཁོང་གིས་མ་འོངས་གཞོན་སྐྱེས་རྣམས་གཙོས་ཕྱི་སྡོད་བོད་མིར་རེ་སྐུལ་དང་འབྲེལ་གསུངས་དོན།  ད་ལྟ་ང་ཚོ་༧རྒྱལ་བ་ཡིད་བཞིན་ནོར་བུ་དབུས་བླ་ཆེན་དམ་པ་རྣམ་པའི་བཀའ་དྲིན་འོག  ཆོས་ལུགས་མཐུན་སྒྲིལ་དང་། གཞུང་ཚགས་ཚུད་སྲ་བརྟན་ཞིག་ཆགས་ཡོད། ཡིན་ནའང། རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་གལ་ཆེན་རེད། རྡོག་རྩ་གཅིག་སྒྲིལ་བྱུང་ཚེ་ཅི་ཞིག་སྒྲུབ་ཀྱང་ལས་སླ་བོ་དང་བོད་མིའི་བདེན་མཐའ་སེལ་བར་ཕན་ནུས་ཆེན་པོ་ཡོང་གི་རེད། ཆོལ་ཁ་དང་ཆོས་ལུགས། ལུང་ཚན་སོགས་ཀྱི་དབྱེ་བ་ཤུགས་ཆེན་པོ་བྱེད་བཞིན་པ་དེ། ངས་ང་ཚོའི་རྩ་དོན་གཏོར་བཤིག་གཏོང་བྱེད་ལྟ་བུ་ཞིག་ཏུ་མཐོང་གི་འདུག  ང་ཚོ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྒྱ་མིར་ཁ་གཏད་གཅོག་རྒྱུ་དེ་གལ་ཆེན་རེད། བོད་ནང་སྟོད་སྨད་བར་གསུམ་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྒྱ་མིར་ཁ་གཏད་གཅོག་པའི་ཐབས་ཤེས་བྱེད་བཞིན་ཡོད་པ་རེད།  ང་ཚོ་སྐྱབས་བཅོལ་དུ་སླེབས་ནས་མི་ལོ་ ༥༠ ལྷག་འགྲོ་གྱིན་ཡོད་པ་རེད། དེའི་རིང་༧གོང་ས་མཆོག་སྐུ་རྐྱང་མ་གཏོགས་ང་ཚོས་ནུས་པ་ཅི་ཡང་ཐོན་ཐུབ་མེད་པ་ཚང་མས་ཤེས་ཀྱིན་ཡོད་པ་རེད། དེ་བས། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་འདིར་ང་ཚོ་ཚང་མས་མཉམ་རུབ་དང་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད་ལ།  རྡོག་རྩ་གཅིག་སྒྲིལ་བྱེད་པར་ཤེས་ཡོན་མེད་དུ་མི་རུང་བ་རེད།  ཤེས་ཡོན་ཡར་རྒྱས་སུ་ཕྱིན་པ་ཡིན་ན་མི་ལ་རང་བཞིན་གྱི་ནུས་པ་ཞིག་འཛོམས་ཡོང་གི་ཡོད་པ་རེད། ང་ཚོ་འདི་ལྟར་གྱུར་དོན་རྒྱ་གུང་ཁྲན་གཅིག་པུ་མིན་པར་ང་ཚོས་ནོར་འཁྲུལ་མང་པ་བཟོས་ཚར་བ་རེད། དེ་ཡོད་ཚད་ང་ཚོར་ཤེས་ཡོན་མེད་པའི་རྐྱེན་ལ་བརྟེན་ནས་བྱུང་སྟབས།  མ་འོངས་པར་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་རང་ནུས་ཡོད་དགུ་འདོན་རྒྱུ་གལ་ཆེན་རེད། ཅེས་འབོད་སྐུལ་ཡང་གནང་སོང།

འབྲེལ་ཡོད་གསར་འགྱུར།

NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

སྐར་མ ༡༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡

མཆན། 5

  1. rikpa says:
    ལོ་ 17 སྔོན།

    དངོས་གནས་དོན་དང་ལྡན་པ་གསུང་གནང་འདུག
    དགེ་བའི་བཤེས་གཉེན་དམ་པ།
    གཞན་ལ་བློ་བསྐྱེད་གནང་ནུས་བ།
    དངོས་ཡོད་གནས་ཚུལ་ཚད་མ།
    མ་བཅོས་པ་བདེན་པ།
    བློ་བསྒུལ་ནུས་པ། འཕགས་པའི་དགེ་འདུན་རེད་ཡ།

    Reply
  2. རི་བོང། says:
    ལོ་ 17 སྔོན།

    དེ་འདྲ་ཞིག་ཅེས་བཅོས་རོགས།

    Reply
  3. རི་བོང། says:
    ལོ་ 17 སྔོན།

    འོ་དགེ་བཤེས་ཟེར་བ་དེ་ད་མི་འདྲ་ཡ་། དངོས་གནས་རིན་ཐང་ཅན་རྐྱང་བྲིས་འདུག དེ་ཞིག་ད་ཡིན་དགོས་བྱུང་།

    Reply
  4. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    དགེ་བཤེས་ཤིག་ཡིན་ན་སྐད་ཆ་རེ་རེའང་རིན་ཅན་རྐྱང་རེད་ཕྱོགས་གང་ནས་བལྟས་ཀྱང་མི་འདྲ་ཡ།
    མི་འདིས་རྒྱུས་ལོན་ཡག་བྱས་འདུག་ངོ་སོ་ཡར་ལ་བསྟོད།

    Reply
  5. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    དགེ་བཤེས་རིན་ཆེན་ལགས་ཀྱི་རྗེས་ལོན་བྱས་པ་ལ་དངོས་གནས་རྒྱབ་སྐྱོར་དང་ལེན་ཡོད།
    ༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་མཛད་པ་ནི་དངོས་གནས་བསམ་གྱི་མི་ཁྱབ་ཞིག་རེད་མ་གཏོགས། གཞན་བཙན་བྱོལ་བོད་གཞུང་དང་ཤུལ་ལུས་བོད་མི་གཉིས་བསྡུར་ན་ལྷག་བསམ་དང་དཔའ་མཛང་སྙིང་སྟོབས་གང་གིས་ཐད་ཀྱང་ཁྱི་དང་སེང་གེ་ལྟ་བུའི་ཁྱད་པར་ཡོད། ད་དུང་ཡང་མུ་མཐུད་ནས་བཙན་བྱོལ་པ་ཚོས་ཆོས་ལུགས་དང་ཆོལ་ཁ་རྩོད་ནས་བསྡད་པ་ཡིན་ན་བཙན་བྱོལ་བོད་པ་ཚོའི་མ་འོངས་པར་བོད་ཀྱི་ལུང་པ་འཛུགས་རྒྱུ་ཡིན་དང་གཏོར་རྒྱུ་ཡིན་ཆ་མ་མཆེས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese