མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྲ་རབས་ ༢་༠ དང་བོད་ཀྱི་དུས་བབ་དྲ་རྒྱ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནི་འཛམ་གླིང་བོད་ཀྱི་ཉིན་མོ་རེད། དེ་རིང་གི་ཉིན་མོ་འདི་ནི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་རེད། ཁོང་དགུང་ལོ་ ༧༤ ལ་ཕེབས་པའི་འཁྲུངས་སྐར་དང་། མི་ཡུལ་གྱི་འཁྲུངས་སྐར་སྲུང་གཙི་ཐེངས་ ༥༠ པ་དེ་རེད། དེ་བས་བོད་ཀྱི་དུས་བབ་གསར་ཁང་དང་དུས་བབ་ཀློག་མཁན། དུས་བབ་ནང་འབྲི་མཁན། དུས་བབ་དོན་དུ་གཉེར་མཁན་ཕྱི་ནང་གི་བོད་རིགས་ཡོངས་ཀྱིས་དུས་སྐར་ཁྱད་པར་ཅན་འདིའི་ཉིན་གང་གི་མཛད་འཕྲིན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་། ཞབས་པར་ཡུན་དུ་བརྟན་པའི་གསོལ་འདེབས་ཞུ།

རྒྱ་ཆེ་ཀློག་མཁན་རྣམ་པ། དེ་རིང་ནི་བོད་ཀྱི་དུས་བབ་དྲ་རྒྱ་འདི་དྲ་རབས་ ༢་༠ ལ་འཕོས་ནས་ལོ་ངོ་ཧྲིལ་བོ་གཅིག་འགོར་བའི་ཉིན་མོའང་ཡིན། དེ་བས་ང་ཚོས་འཕེལ་རིམ་འདིའི་ནང་ལ་ཐད་ཀར་དུ་ལུས་ངག་ཡིད་གསུམ་གྱིས་དཀའ་ཁག་མྱངས་པ་དང་། རེ་སྒུག་བྱས་པ། བཟོད་བསྲན་བྱས་པ། མཉམ་ཞུགས་བྱས་པ། སྐུལ་འདེད་བྱས་པ། ད་དུང་མུ་མཐུད་དུ་གདུང་རྡང་བཙན་པོ་ཞིག་སྒྲིག་ནས་སྐྱོད་བཞིན་པའི་བློས་ཐུབ་པ་ཚོར་བོད་ཀྱི་དུས་བབ་ལས་བྱེད་ཡོངས་ཀྱི་ངོས་ནས་འཚམས་འདྲི་དང་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན།

དེང་སྐབས་འཛམ་གླིང་གི་དྲ་རྒྱ་མཐའ་དག་དྲ་རབས་ ༢་༠ ལ་འཕེལ་བར་བརྟེན། རྒྱལ་སྤྱིའི་སྟེང་དུ་གསར་འགོད་ལས་རིགས་པ་རྣམས་ཀྱིས་ལས་རིགས་འདི་ཡང་གསར་འགོད་རིག་པ་ ༢་༠ ལ་འཕོས་ཟིན་པའི་གནས་ལུགས་རིམ་པར་གསུངས་ཡོད། དེ་བཞིན་དུ་བོད་ཀྱི་དུས་བབ་ཀྱང་འདས་པའི་ལོ་གཅིག་ནས་བཟུང་གསར་འགོད་རིག་པ་ ༢་༠ ལ་འཕོས་ཟིན་པ་ནི་ལྡོག་ཏུ་མེད་པའི་འགྱུར་བ་ཞིག་ཡིན།

དྲ་རབས་ ༢་༠ ནི་དྲ་རབས་གཉིས་པ་རེད། འདིའི་གོ་དོན་ནི་དྲ་རབས་གཉིས་པར་བསླེབས་དུས་ཁྱོད་རང་གནས་ཚུལ་ཀློག་མཁན་དང་ལྟ་མཁན་ཙམ་མིན་པར། མཉམ་ཞུགས་ཀྱི་རིམ་པ་རེད། ཁྱོད་ཀྱིས་དྲ་ཐོག་ནས་གནས་ཚུལ་ཞིག་མར་འཕབ་ལེན་བྱེད་པ་ཙམ་མིན་པར། ཁྱོད་ཀྱིས་གནས་ཚུལ་གྱི་རྒྱུ་ཆ་གང་ཡིན་ཡང་དྲ་ཐོག་ལ་ཡར་འཇུག་ཐུབ་པ། གཞན་དང་མཉམ་དུ་ཕན་ཚུན་སྦྱངས་བཤད་བྱེད་ཐུབ་པ་བཅས་ཀྱི་དོན་ཡིན།

འོན་ཀྱང་བོད་ཀྱི་དུས་བབ་ཀྱིས་ཀྱང་གསར་འགོད་ལས་རིགས་ཀྱི་ཚོགས་སྡེ་སྤྱི་མཚུངས་ལྟར། མུ་མཐུད་ནས་རྣམ་པ་ཚོར་གསར་ཁང་འདི་ཐོག་མར་འཛུགས་དུས་ཀྱི་རྩ་བའི་ལངས་ཕྱོགས་མ་དོར་བའི་ཐོག་ནས་ཞབས་ཕྱི་སྒྲུབ་ངེས་ལ། ང་ཚོས་ཁྱེད་ཅག་ལ་འགན་འཁུར་ཡོད་པའི་ཐོག་ནས་དུས་ལྟར་དུ། མི་ཚོས་དུས་རྒྱུན་ཉན་སྤྲོ་བའི་གནས་ཚུལ་ Information རྩོད་གླེང་ disputation གསལ་བཤད་ explanation བཅས་འབུལ་གང་ཐུབ་བྱ་ངེས་ཡིན།

བོད་ཀྱི་དུས་བབ་དྲ་རྒྱ་ནི་སྟོང་ལོ་གསར་པ་འདི་ཤར་དུས་ནས་བཟུང་བོད་ཡིག་དང་རྒྱ་ཡིག་གཉིས་ཐད་ནས་མགོ་བཙུགས་ཡོད་པ་རེད། ཡིན་ཡང་དེ་རིང་གི་དྲ་གཞི་འདིའི་ངོས་ནས་བཤད་ན་དེ་རིང་ང་ཚོ་གཞི་ནས་ལོ་གཅིག་ཡིན། དེ་བས་ཡར་རྒྱས་ནི་ང་ཚོའི་ཡིད་ཆེས་དང་པོ་དེ་ཡིན།

 

མཆན། ང་ཚོའི་དྲ་ཐོག་གི་སྤྱིའི་མི་འབོར་དང་ཐོ་འགོད་ཀྱི་མི་འབོར། མཉམ་ཞུགས་པ། ལྟ་ཀློག་པ། ཟིན་བྲིས་པ་བཅས་ཀྱི་ཕྱོགས་སྡོམ་སྙན་ཐོ་ཞིག་མི་འགྱངས་པར་འབུལ་ངེས་ཡིན།

མཆན། 18

  1. tsering says:
    ལོ་ 14 སྔོན།

    དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ལུང་རིགས་རྒྱལ་གཙོས་ལས་བྱེད་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ཁྱེད་ཅག་གི་ལས་དོན་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་གྲངས་མེད་ཞུ།

    Reply
  2. འཁྱམས་པོ། says:
    ལོ་ 14 སྔོན།

    རེད་བརྟེན་འབྲེལ་ཞུ།

    Reply
  3. ཨ་འཕྲིན། says:
    ལོ་ 14 སྔོན།

    བོད་ཀྱི་དུས་བབ་དྲ་ཚུགས་སྐུ་འཁྲུངས་ནས་མི་ལོ་གཅིག་འཁོར་བའི་མཛད་རྗེས་ལ་བསྔགས་བརྗོད་དང་རྟེན་འབྲེལ་ཞུ།

    Reply
  4. ཨ་ལལ says:
    ལོ་ 14 སྔོན།

    ཚང་མས་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པའི་ཆེད་དུ་ཀུན་གྱིས་ཐུགས་ཁུར་གནང་བཞིན་པ་འདི་འང་སྤྱིར་བླ་མ་ལ་དད་ཞེན་དང་བྱེ་བྲག་ཏུ་ཕུགས་རྒྱང་མཐོང་བའི་བསམ་བློ་ཞིག་རེད།འོན་ཀྱང་༧གོང་ས་མཆོག་སྐུ་ཚེ་བརྟན་པའི་ཆེད་དུ་ང་ཚོས་ཅི་ཞིག་བྱེད་དགོས་པ་དེ་ལའང་བསམ་བསམ་བློ་གཏང་དགོས་ཀྱི་འདུག

    Reply
  5. ཚ་རོང་ཡེ་བསམ། says:
    ལོ་ 14 སྔོན།

    དུས་བབ་ཀྱི་ཚོགས་མི་ཡོངས་ལ་ཐུགས་ཆེ་ཞེས་ཞུ་རྒྱུ་ཡིན།

    Reply
  6. མདོ་ལའི་འཁྱམས་པོ། says:
    ལོ་ 14 སྔོན།

    ༧རྒྱལ་བ་ཡིད་བཞིན་གྱི་ནོར་བའི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་དང་། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་དགོངས་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

    Reply
  7. སོག་ཤོད་ལྷག་བསམ། says:
    ལོ་ 14 སྔོན།

    བཀྲ་ཤིས་པའི་ཚེས་བཟང་དུས་བཟང་ལ་བོད་མི་རྣམས་དགའ་སྐྱོ་ཟུངས་འབྲེལ་
    ངང་འཁྲུངས་སྐར་ཉིན་མོར་སྲུངས་བརྩི་ཞུ་འོ

    Reply
  8. སོག་ཤོད་ལྷག་བསམ། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་་་་ཤིས་བདེ་ལེགས་དང་། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

    Reply
  9. རྐང་རྗེན་པ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་་་་ཤིས་བདེ་ལེགས་དང་། སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། དེ་དང་ཆབས་ཅིག་བོད་ཀྱི་དུས་བབ་དྲ་རྒྱ་ལོ་གཅིག་འཁོར་བར་ཡང་རྟེན་འབྲེལ་ཞུ།
    ༼ཡར་རྒྱས་ནི་ང་ཚོའི་ཡིད་ཆེས་དང་པོ་དེ་ཡིན།༽ ཞེས་བཤད་ཡོད་པ་ལྟར་ཡར་རྒྱས་ཀྱི་ཕྱོགས་སུ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། ལས་རིགས་གསར་གཏོད་བྱེད་རྒྱུ་གལ་ཆེ་སྙམ་མོ།

    Reply
  10. ཐར་ཀླུ། says:
    ལོ་ 14 སྔོན།

    བསམ་བློ་ཇི་ལྟར་བཏང་རུང་དུས་བབ་ཚང་གི་ལས་བྱེད་ཡོངས་ལ་བཀའ་དྲིན་མི་ཞུ་ཐབས་མེད་ཅིག་རེད།།
    རྒྱུ་མཚན་འབྲི་ཁོམས་མི་འདུག། འཁྲུངས་སྐར་དུས་སྟོན་ལ་འགྲོ་རན་སོང་།

    Reply
  11. དཀོན་མཆོག says:
    ལོ་ 14 སྔོན།

    དུས་བབ་ཀྱི་དྲ་རྒྱ་ལོ་འཁོར་བར་བཀྲ་ཤེས་བདེ་ལེགས་ཞུ་རྒྱུ་དང་སྐུ་ཞབས་ལུང་རིགས་ལགས་གཙོས་པའི་ལས་བྱེད་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ།། བོད་ཀྱི་དུས་བབ་ཉིན་རེ་ནས་ཉིན་རེ་བཞིན་ཡར་རྒྱས་སུ་ཕྱིན་ཏེ་ད་བར་མི་མང་གིས་གདེང་འཇོག་ཆེན་པོ་གནང་སྟེ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ་དེ། སྐུ་ཉིད་ཀྱིས་གཙོས་ལས་བྱེད་རྣམས་ཀྱིས་དྲང་བདེན་ལ་གཞི་བཅོལ་ཏེ་གང་ཡིན་པ་དང༌། གང་མཐོང་བ་གཉིས་གཙོ་འདོན་བྱས་པའི་འབྲས་བུ་ཞིག་ཡིན་པ་གདོན་མི་ཟ་བས་སྙིང་ནས་རྗེས་སུ་ཡི་རངས་ཞུ།

    Reply
  12. ཐར་ཀླུ། says:
    ལོ་ 14 སྔོན།

    འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བཞེད་དོན་མཐའ་དག་ལྷུན་གྱི་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ་ཞུ་ཞུ།།།།།།།།།།།།།།།།།

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    འཛམ་གླིང་ཞི་བདེའི་དེད་དཔོན་གངས་ཅན་ལྷག་པའི་ལྷ་བསྐལ། ༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པད་མོ་སྐུ་ཚེ་སྲིད་མཐར་བརྟན་ཅིང་། མཛད་འཛིན་ཕྱོགས་བཅུར་རྒྱས་པའི་སྨོན་འདུན་ཞུ།

    དུས་བབ་དྲ་རྒྱའི་ལས་སློབ་ཡོངས་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག ཁྱེད་རྣམ་པའི་ལེ་ཚན་བཟང་པོ་དེ་མུ་མཐུད་རྒྱུན་གནས་དང་། ཡག་ཐོག་ཡག་བརྩེགས་ཡོང་བའི་རེ་སྨོན་བཅས།།

    Reply
  14. སྨོན་ལམ་མཐར་ཕྱིན། says:
    ལོ་ 14 སྔོན།

    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུ་དོན་བཞི་ལ་ཕེབས་པའི་འཁྲུངས་སྐར་མཛད་སྒོར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བཞེད་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

    Reply
  15. སངས་རྒྱས་ཆོས་འཕེལ། says:
    ལོ་ 14 སྔོན།

    རྒྱལ་ཁག་དང་ཤེས་ཡོན་རྒྱུ་ནོར་ངོམ་རིན་ཆོག་པ་གང་ཡང་མེད་ཀྱང་རྩམ་ཟན་བོད་རིགས་ཡོད་དོ་ཅོག་འཛམ་གླིང་སྐྱེ་བོའི་ཁྲོད་དུ་བོད་པ་ཡིན་ནོ་ཞེས་མགྲིན་པ་གཟེངས་སུ་གཏོད་ནས་འགྲོ་ཐུབ་པ་འདི་ནི། རང་རེ་ཁ་བ་རི་བའི་སྤྱི་ནོར་༧། འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ། འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན། དེ་ཙམ་དུ་མ་ཟད་འཛམ་གླིང་ཡོང་ལ་ཞི་བདེ་ཟེར་བའི་ཚིག་འདི་ལག་ལེན་བསྟར་མིན་ལ་མ་ལྟོས་པར་ཀུན་གྱི་ཁ་རུ་ཡང་ཡང་གླེང་རྒྱུ་བྱུང་བ་དེའང་མགོན་པོ་ཉིད་ཀྱི་བཀའ་དྲིན་དུ་ངོས་འཛིན་ཞུ་རྒྱུ་ཡིན། མགོན་པོ་གང་ཉིད་ཀྱི་སྐུ་ཡི་འཁྲུངས་སྐར་དུས་ཆེན་འདི་དང་བསྟུན། ནམ་མཁའ་མ་ཞིག་འཁོར་བ་མ་སྟོང་བར་ད་ལྟའི་གཟུགས་སྐུའི་བཀོད་པ་འདི་མི་ཤིག་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་བརླབ་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་ཐུབ་པ་དང་། ལྷག་པར་དུ་གཞིས་བྱེས་བོད་མི་ལྷན་གཅིག་ཏུ་རང་ཡུལ་གངས་ལྗོངས་སུ་མ་འཛོམ་བར། བཞུགས་པའི་གསོལ་བ་སྐྱ་སེར་དང་། གཞུང་དམངས་ཁྱད་མེད། ཕོ་མོ་དང་རྒན་གཞོན་ཁྱད་མེད། ཆོས་ལུགས་དང་འཆོལ་ཁ་ཁྱད་མེད་པས་ཉིན་མཚན་དུས་དྲུག་ཏུ་འདེབས་པས་དེར་ལུགས་བརྩེ་ཆེན་ཡེ་ཤེས་ཀློང་ནས་མི་འདོར་བ་མཁྱེན་མཁྱེན་མཁྱེན། ཞོར་དུ་བོད་ཀྱི་དུས་བབ་ཀྱི་ལས་བྱེད་པ་ཡོང་ལ་བཀའ་དྲིན་ཆེ་ཞུ།

    Reply
  16. མདའ་སྨྱུག says:
    ལོ་ 14 སྔོན།

    གཞིས་བྱེས་བོད་མི་ཡོངས་ཀྱི་དཔྲལ་བའི་མིག །
    ང་ཡི་བླ་མ་བསྟན་འཇི༹ན་རྒྱལ་མཆོ༹་མཆོག །
    དགུང་གྲངས་དོན་བཞི་ཕེབས་པའི་འཁྲུངས་སྐར་ལ། །
    ཞབས་པད་ཡུན་རིང་བརྟན་པའི་སྨོན་འདུན་ཞུ། །
    གཞན་དུས་བབས་ཀྱི་ལས་བྱེད་རྣམས་པ་ལ་ཐུགས་རྗེ་ཆེ་གྲངས་མེད་དང་མཉམ་ཁྱེད་རྣམས་པའི་བྱ་བ་དག་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།

    Reply
  17. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    རེད་ཡ། དེ་རིང་གི་དུས་ཆེན་ཁྱད་པར་ཅན་འདི་ནི་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེ་དགུང་གྲངས་བདུན་ཅུ་དོན་བཞིར་ཕེབས་པ་དང་བོད་ཀྱི་དུས་བབ་དྲ་བ་བཙུགས་ནས་ལོ་ངོ་ཧྲིལ་བོ་གཅིག་འཁོར་བའི་དུས་ཆེན་ཉིས་བརྩེགས་རེད། ལོ་ངོ་ཧྲིལ་བོ་གཅིག་གི་རིང་ལ་ཕྱི་རྒྱལ་ཁག་ཏུའང་མི་རྐྱང་བསྡོད་གནས་གཏན་འཁེལ་མིན་པ་དང་། ཚགས་པར་མངགས་ཉོ་བྱེད་པར་སྒྱིད་ལུགས་བྱེད་མཁན། ཐ་ན་བོད་ཡིག་ལ་དེ་འདྲའི་དོ་སྣང་མེད་མཁན་སོགས་ལ་ཡང་བོད་ཡིག་ཀློག་པའི་རེ་བ་དང་དོ་སྣང་གསར་བ་ཞིག་འཕར་བཞིན་པ་ནི་ཁྱེད་ཅག་བོད་ཡིག་དྲ་བ་གཙོ་གཉེར་བྱེད་མཁན་དག་གི་བཀའ་དྲིན་དང་བྱས་རྗེས་ཡིན་ལ། ལྷག་པར་དུ་བོད་ཀྱི་དུས་བབ་དྲ་བ་ནས་བོད་ཕྱི་ནང་གཉིས་ཀྱི་གསར་འགྱུར་དུས་ཐོག་ལྟར་ཀློག་ཐུབ་གིན་ཡོད་སྟབས་བྱ་བཞག་འདི་ལ་ཉིན་ནས་མཚན་མཐུད་དེ་ལས་ཀ་བྱེད་མཁན་དང་ས་གནས་ཁག་ནས་གནས་ཚུལ་གཏོང་མཁན། ཟིན་བྲིས་ནང་དུ་བརྗོད་བྱ་ལེགས་པའི་རྩོམ་ཡིག་སྤེལ་མཁན་དང་དུས་བབ་དུས་ལྟར་ཀློག་མཁན། མཆན་ལེགས་པོ་འགོད་མཁན་དང་ཐ་ན་ནང་ལ་ཁ་འཁྲུག་བཤད་མཁན་བཅས་དྲ་ཚིགས་འདི་ལ་འབྲེལ་བ་ཡོད་པའི་བོད་རིགས་ཡོངས་ལ་ཁྱེད་ཅག་གི་བྱ་བ་དབྱར་མཚོ་བཞིན་རྒྱས་བའི་སྨོན་འདུན་ཞུ།

    Reply
  18. ཨ་རིག་གླེན་རྒན། says:
    ལོ་ 14 སྔོན།

    དུས་བབ་ཀྱི་ལས་བྱེད་ཚང་མར་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist