མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དགོན་ས་འཕྲོག་འཆར།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་སྡེ་དགེ་འཇོ་ཕུ་དགོན་པར་ས་ཆ་སྟོང་པ་ཆེན་པོ་ཞིག་ཡོད་པ་དེ་ཧམ་བཟུང་བྱ་རྩིས་བྱས་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༣ ཡས་མས་སུ་སྡེ་དགེ་འཇོ་མདའ་རྫོང་ཁོངས་ཝ་ར་ཤོག་ཁག་དགུ་ཡིས་གཙོས་པའི་འཇོ་མདའ་རྫོང་གི་ཉེ་འགྲམ་གྱི་བོད་མི་ཁྲི་གཅིག་ ༡༠༠༠༠ ཙམ་འདུ་འཛོམས་གྱིས་འཇོ་ཕུ་དགོན་ནས་འཇོ་མདའ་རྫོང་ཕྱོགས་སུ་ཕྱིན་ཏེ། གལ་སྲིད་ཁྱོད་ཚོས་ས་ཆ་འཕྲོག་རྒྱུ་ཡིན་ཚེ། ང་ཚོའི་ཞིང་ཁ་དང་རྟ་ནོར་སེམས་ཅན་སོགས་རྒྱུ་ནོར་ཡོད་ཚད་གཞུང་བཞེས་ཀྱིས་ད་ནི་ང་ཚོ་ས་ཆ་གང་དུ་སྡོད་དགོན་མིན་དང་། ག་རེ་ཟ་དགོས་མིན་སོགས་ཀྱི་ལམ་སྟོན་དང་ཐག་གཅོད་རོགས་ཟེར་བའི་ངོ་རྒོལ་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་འདུག སྐབས་དེར་འཇོ་མདའ་རྫོང་གི་ལས་བྱེད་རྣམས་ཀྱིས་གང་མགྱོགས་ཐག་གཅོད་ཚུལ་མཐུན་བྱ་རྒྱུ་ཡིན་ཚུལ་བཤད་དེ། གནས་སྐབས་རིང་ལྷིང་འཇགས་ལྟ་བུར་གྱུར་ཡོད་ཀྱང་། བོད་མི་རྣམས་ཀྱིས་ཉིན་ཤས་རྗེས་ ཐག་གཅོད་ཚད་ལྡན་མ་བྱས་ཚེ། ལས་སླ་པོ་འཇོག་རྒྱུ་མིན་སྐོར་རྗོད་ཀྱིན་ཡོད་འདུག

 

ཉེ་སྔོན་རྒྱ་གཞུང་གིས་ས་གནས་དེའི་བོད་མི་རྣམས་ལ་ྋགོང་ས་མཆོག་དང༌། དཔལ་རྒྱལ་བ་ཀརྨ་པ། སྐྱབས་ཆེ་དགོན་པ་བཅས་ལ་ངོ་རྒོལ་རྒྱག་དགོས་སྐོར་གྱི་སློབ་གསོ་སྤྲད་ཡོད་པ་དང་། སྐྱབས་ཆེ་དགོན་པར་དགག་པ་རྒྱག་དོན་ནི། སྐྱབས་ཆེ་དགོན་དེ་ཉིད་འཇོ་མདའ་རྫོང་ཁོངས་ཀྱི་དགོན་པ་ཆེ་གྲས་ཡིན་པ་དང་། དགོན་པ་ཆེ་བ་དེ་གནོན་ཐུབ་པ་ཡིན་ཚེ་ཆུང་བ་རྣམས་རང་བཞིན་གྱིས་འཇམ་འགྲོ་རྒྱུ་ཡིན་པའི་ངན་འཆར་དང༌། ཉེ་སྔོན་དགོན་དེར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤྲོད་འཆར་སྐབས་དགོན་དེའི་གཅོད་རྒན་སྤྲུལ་སྐུ་སོགས་བླ་སྤྲུལ་ཆེ་གྲས་རྣམས་ཀྱིས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུའི་ས་རྟགས་བསྐྱོན་མེད་པ་མ་ཟད། གཞན་གྲྭ་བ་སུ་ཞིག་གིས་རྟགས་བརྒྱབ་ན་དགོན་པའི་སྒྲིག་ཁོངས་ནས་ཕྱིར་འབུད་བྱ་རྒྱུ་ཡིན་ཚུལ་སོགས་གསུངས་ཡོད་འདུག

 

གཞན་ཡང་ར་མདོ་ཕྱོགས་ནས་རྒྱ་དམག་གིས་ས་ཞིང་ཉོས་པའི་ཐོག་དམག་སྒར་རྒྱག་བྱེད་ཀྱི་བྱེ་མ་དབོར་འདྲེན་བྱས་ཏེ། བོད་མི་རྣམས་དང་གདོང་ཐུག་ཕྲན་བུ་བྱུང་སྐབས། བོད་མི་ཚོའི་གདོང་ལ་རྒྱ་དམག་གིས་མེ་མདའ་གཏད་དེ། ཁྱོད་རང་ཚོ་སྡོད་མ་ཚུགས་ན་གསོད་ཆོག་པ་གོང་རིམ་གྱིས་བཀའ་ཡོད་ཚུལ་སོགས་ཀྱི་སྡིགས་ར་བསྐུལ་ཡོད་པ་དང་། ཉེ་ཁུལ་གྱི་བོད་མི་རྣམས་འཇོ་མདའ་རྫོང་ལ་འགྲོ་སྐབས་བརྙད་བརྐོ་བ་སོགས་བྱེད་ཀྱིན་ཡོད་འདུག དེ་སྔོན་ ༡༩༩༤ དང་ ༡༩༩༥ གཡས་གཡོན་དུ་འཇོ་མདའ་རྗོང་ཕྱོགས་སུ་ཆབ་མདོ་ནས་དམིགས་བསལ་དྲག་ཆས་རྒྱ་དམག་ཡོང་ནས་དྲག་བརྡུང་གི་ལས་འགུལ་སྤེལ་བ་དང་འདྲ་མཚུངས་ཡིན་སྐོར་ས་གནས་བོད་མི་ཚོས་རྗོད་ཀྱིན་ཡོད་འདུག གོང་གི་གནས་ཚུལ་དེ་བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་མཁོ་སྤྲོད་བྱས།

མཆན། 1

  1. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    པར་དང་བརྙན་མཐོང་སོགས་ཀྱི་དཔང་རྟགས་དགོས་པ་གལ་ཆེན་ཡིན་སྟབས་དཔང་རྟགས་སྟོན་པར་འབད་རོགས་གནོང་། དེ་མིན་རྒྱ་འདི་ཚང་མགོ་སྐོར་ལ་མཁས་དྲགས་ནས་འཛམ་བུ་གླིང་པ་ཚང་མ་ཁོའི་མགོ་སྐོར་འོག་ལ་ཚུད་རྒྱུའི་ཉེན་ཁ་འདུག་གོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist