མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་དབང་གི་རོལ་དབྱངས་འདུ་འཛོམས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཐའེ་ཝན་ཧྲན་ལེན་རོལ་དབྱངས་ཚོགས་པའི་གོ་སྒྲིག་འོག་ཐའེ་པེ་རུ་བོད་མིའི་རང་དབང་སྐོར་གྱི་རོལ་དབྱངས་འདུ་ཚོགས་ཤིག་སྐོང་འཆར་ཡོད་འདུག་ལ། འདི་ནི་ཧྤི་རེ་ཌེ་ Freddy གཙོས་རོལ་དབྱངས་ཚོགས་པ་འདིའི་ཐའེ་ཝན་གཞོན་སྐྱེས་རྣམས་ཀྱི་ཆབ་སྲིད་དང་བོད་དོན་ཐད་ཐའེ་ཝན་གྱི་གཞོན་སྐྱེས་རྣམས་ལ་འབོད་སྐུལ་བྱ་ཆེད་ཡིན་འདུག

ཐེངས་འདིའི་རོལ་དབྱངས་འདུ་འཛོམས་ཐད་ཚོགས་པ་འདིའི་སྣེ་འཁྲིད་མཁན་ Freddy ཡིས་རང་དབང་ཚགས་པར་གྱི་བཅར་འདྲིའི་སྐབས་བརྗོད་དོན། ད་ལྟའི་དུས་འདིར་ཐའེ་ཝན་ལ་ཆེས་མཁོ་བ་ནི་གཞོན་སྐྱེས་ཚོ་ལས་འགུལ་གང་རུང་ལ་འཛུལ་ཞུགས་བྱ་རྒྱུ་དེ་ཡིན་སྟབས། ང་ཚོ་རོལ་དབྱངས་ཚོགས་པའི་ངོས་ནས་གཞོན་སྐྱེས་ཚོས་ཆབ་སྲིད་ལ་ཡིད་ཆེས་དང་བློ་གཏད་བྱ་ཆེད་དང་། སྤྱི་ཚོགས་ཐོག་གཞོན་སྐྱེས་ཚོ་དགོས་མཁོ་ཇི་འདྲ་ཆེ་མིན་ཤེས་རྟོགས་བྱ་ཆེད་འདུ་འཛོམས་འདི་གོ་སྒྲིག་བྱེད་ཀྱིན་ཡོད། ཕྱི་ཚེས་ ༡༡ ཉིན་གྱི་བོད་རང་དབང་རོལ་དབྱངས་འདུ་འཛོམས་འདི་ནི་ཐའེ་ཝན་གྱི་གཞོན་སྐྱེས་རྣམས་ཀྱི་ཆབ་སྲིད་ཀྱི་འདུ་འཛོམས་ཆེ་ཤོས་ཤིག་ཏུ་འགྱུར་བའི་རེ་བ་བྱེད་བཞིན་ཡོད། ཅེས་བཤད་འདུག།

ཡང་ཁོང་གིས། ཐའེ་ཝན་མི་མང་གིས་བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པ་ཡིན་ན། ཐའེ་ཝན་རྒྱལ་ཁབ་འདི་ཉིད་རྒྱ་ནག་དང་གཅིག་མཚུངས་མིན་པ་དང་། རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ལས་རྒྱ་ནག་གི་ཆ་ཤས་མིན་པ་འཛམ་གླིང་ལ་གསལ་བཤད་བྱ་ཐུབ། འདི་ནི་ང་ཚོའི་འདུ་འཛོམས་ཀྱི་ཐོག་མའི་དམིགས་ཡུལ་ཡིན་སྟབས། ང་ཚོས་ངེས་པར་དུ་འཛམ་གླིང་མི་མང་ལ་གནད་དོན་འདི་གསལ་བོ་བཟོ་དགོས། དེ་བཞིན། ཕྱི་ཚེས་ ༡༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༦ པའི་སྟེང་འདུ་འཛོམས་དེར་འཛོམས་པའི་མི་མང་ཡོངས་ཀྱིས་བོད་རང་བཙན་སྐད་འབོད་བྱ་རྒྱུ་ཡིན། ངས་ཐེངས་འདིའི་འདུ་འཛོམས་འདི་ང་ཚོའི་རེ་བ་གསར་བ་ཞིག་དང་སྟོབས་ཤུགས་གསར་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། འཛམ་གླིང་མི་མང་གིས་ཐའེ་ཝན་གྱིས་རིན་ཐང་གི་སྟོབས་ཤུགས་ཤིག་ལ་རྒྱུན་འཁྱོངས་བྱེད་བཞིན་པ་མཁྱེན་པར་བྱེད་ངེས་ཡིན། ང་ཚོས་བོད་ཀྱི་གནད་དོན་གཙོས་འཛམ་གླིང་སྟེང་གི་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་ཡོངས་དང་། དེ་མིན་འཛམ་གླིང་སྟེང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དོན་གཉེར་བ་ཡོངས་ལ་ཐའེ་ཝན་མི་མང་གིས་ཐུགས་འཁུར་དང་རྒྱབ་སྐྱོར་བྱ་ཆེད་འབོད་སྐུལ་ཞུ་རྒྱུ་ཡིན། ཅེས་བརྗོད་ཡོད།

ཐའེ་ཝན་ཧྲན་ལེན་རོལ་དབྱངས་ཚོགས་པ་ནི། དུས་ཡུན་རིང་བོར་བོད་དོན་ཐོག་རྒྱབ་སྐྱོར་གནང་བཞིན་པའི་རོལ་དབྱངས་ཚོགས་པ་ཞིག་ཡིན་ལ། ལོ་སྔོན་མར་ཚོགས་པ་འདིའི་སྣེ་འཁྲིད་པ་ Freddy གཙོས་ཚོགས་མི་བཞི་ངྷ་སར་འབྱོར་ཏེ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་ལོ་འདིའི་སྤྱི་ཟླ་ ༣ པའི་ནང་ཐའེ་པེ་རུ་གཞི་རྒྱ་ཆེ་བའི་རོལ་དབྱངས་འདུ་འཛོམས་ཤིག་གནང་སྟེ། ཐའེ་ཝན་ནང་བོད་དོན་ཁྱབ་བསྒྲགས་ཤུགས་ཆེར་སྤེལ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༧ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 3

  1. ཨ་ལལ says:
    ལོ་ 17 སྔོན།

    དེང་སང་རང་དབང་ཞེས་པའི་གོ་དོན་དང་ངོས་འཛིན་ཅི་ལ་བྱེད་དགཽས་སམ།རོལ་དབྱངས་ཤིག་བཏང་ནའང་རང་དབང་དང་།མ་འོངས་པར་ཇ་ཞིག་འཐུང་ནའང་རང་དབང་གི་དོན་དུ་གཅིག་བྱས་ན་འགྱུར་སྲིད།

    Reply
  2. ནད་པ says:
    ལོ་ 17 སྔོན།

    ཐེ་ཝན་མི་དམངས་དང་ལྷག་པར་ཕོ་རས་ཌི་རོལ་དབྱངས་ཚོགས་པས་བོད་ཀྱི་རྩ་དོན་ཆེད་དུ་མུ་འཐུད་རྒྱབ་སྐྱོར་གནང་བར་ངས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ།
    ད་དུང་བོད་དང་། ཡུ་གུར་སོགས་གྲངས་ཉུང་མི་རིགས་ཙམ་མ་ཟད་རྒྱ་ནག་མི་དམངས་ལའང་ངེས་པར་དུ་རང་དབང་དགོས། རང་དབང་ནི་འགྲོ་བ་མིའི་ལྷན་སྐྱེས་སུ་མངའ་བའི་ཐོབ་ཐང་དང་། རང་བྱུང་གི་ཁམས་ཆེན་པོའི་ནང་གཤིས་སུ་གྲུབ་པའི་བདེན་པའི་ཆོས་ཉིད་ཁོ་ན་ཡིན།།

    Reply
  3. རིན་ཐང་མེད་པའི་ནོར་བུ། says:
    ལོ་ 17 སྔོན།

    ལས་འཆར་དེ་ནི་ཆབ་སྲིད་ཐོག་རང་གཞན་གཉིས་ཕན་གྱི་ལས་འགུལ་ཞིག་ཏུ་ངོས་འཛིན་བྱེད་ཆོག་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese