མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇོ་མདའ་ཁུལ་གྱི་ཛ་དྲག

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

སྐྱབས་ཆེ་དགོན་དུ་རྒྱལ་གཅེས་ཆོས་གཅེས་དང༌། ཏཱ་ལའི་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་ཟེར་བའི་ལས་འགུལ་སྤེལ་མཁན་སྔ་རྗེས་ཐེངས་དགུ་ཙམ་ཕྱིན་ཀྱང་། དགེ་འདུན་པ་ཚོས་ངོས་ལེན་བྱས་མེད་ལ། དགེ་འདུན་པ་རྣམས་བྲོས་བྱོལ་དུ་ཕྱིན་ཏེ། ཟླ་བ་གཅིག་ལྷག་རིང་དགོན་མ་ལག་དང་བཅས་པ་སྟོང་པ་ཆགས་ཡོད་འདུག་ལ། དམག་མི་དང་ཉེན་རྟོག་མི་སྣས་མགྱོགས་མྱུར་ངང་དགེ་འདུན་པ་རྣམས་འཛོམ་དགོས་ཚུལ་དང་། གལ་ཏེ་མ་འཛོམས་ན་དགོན་པ་རྩ་མེད་གཏོང་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

 

ཕྱི་ཟླ་ ༦ པའི་ཚེས་ ༢༧ ཉིན་སྐྱབས་ཆེ་དགོན་གྱི་ཆོས་སྡེའི་གཙོ་བོ་པདྨ་སྨད་པའི་གུང་ཁྲན་ཏང་ཡོན་གྱི་མིང་ཡོད་པའི་བོད་མི་འགྱུར་མེད་མགོན་པོ་དང༌། རྒྱ་ཚང་རྡོ་རྗེ་གཉིས་འཛིན་འཛིན་བཟུང་བྱས་ཏེ། སྐྱབས་ཆེ་དགོན་དུ་ཁྲིད་ཡོད་སྟབས་མི་དམངས་ལ་དངངས་འཚབ་སྐྱེས་ཏེ། མི་ ༢༧ ཙམ་གྱིས་གོང་གསལ་མི་གཉིས་པོ་གློད་གྲོལ་གཏོང་དགོས་པའི་རེ་འདུན་ཞུ་རུ་ཕྱིན་ཡང་། དམག་མི་ཚོས་དུག་རྫས་གཏོར་ཏེ་བོད་མི་རྣམས་མགོ་ཡུ་འཁོར་བ་དང༌། དྲན་པ་འཐོར་བ། མིག་གིས་མི་མཐོང་བ་བཟོས་རྗེས་ཉེས་རྡུང་ཚབས་ཆེན་བཏང་ཡོད་འདུག

 

ཐེངས་འདིའི་དོན་རྐྱེན་ཁྲོད་འཛིན་བཟུང་བྱས་པའི་མིང་ཤེས་པ་དག་ནི། ནོར་ལྷ་དང་མགོན་པོ་དར་རྒྱས། བུ་ལྷུག ཨ་འཇིག ཚུལ་ཁྲིམས། བསམ་འཕེལ་ནོར་བུ། བསོད་སྟོབས། རིས་ཆུང་ཉི་གྲགས། རིན་ཆེན་རྒྱལ་མཚན། འཇིགས་མེད་དབང་ཕྱུག བྱམས་པ། བྱང་ཆུབ་ཆོས་འཕེལ། ག་དགེ འགྱུར་མེད། དོན་འགའ། ཨོ་ཡོ་ཚེ་རིང༌། རྟ་པ་ཨ་འཇིག རྨུ་ཚ་ཚེ་བརྟན། ཨ་བརྟན། དབང་འདུས་ཕུན་ཚོགས། འཕྲིན་ལས། ཆོས་སྐྱོང་དབང་རྒྱལ་བཅས་ཡིན་པ་དང་། དེ་དག་གི་ནང་ནས་ནོར་ལྷ་དང༌། མགོན་པོ་དར་རྒྱས་གཉིས་ནག་ཉེས་ཆེ་ཤོས་དང༌། བྱེད་གཏེ་རུ་རྩིས་ཏེ་འཇོ་མདའ་རྫོང་དུ་བཙན་འཁྲིད་བྱས་ཡོད་འདུག སྐྱབས་ཆེ་དགོན་དུ་འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད། བྱམས་པ་དང༌ཚེ་བརྟན། བུ་ལྷུག་གསུམ་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་འཇོ་མདའ་རྫོང་དུ་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག



ཉིན་དེའི་དགོང་མོ་ས་མ་རུབ་ཙམ་ལ་ཡུལ་མི་ ༤༠ ཙམ་གྱིས་གོང་གི་བོད་མི་རྣམས་གློད་གྲོལ་དགོས་པའི་རེ་འདུན་ཞུ་བར་འགྲོ་སྐབས་དུག་རྫས་དང༌། མེ་མདའ་བརྒྱབས་ཏེ་གནས་བརྟན་ཚེ་རིང་དང༌། ཚེ་བརྟན་འགྱུར་མེད། དགེ་ལྷ། གྲོ་སྐྱབས། ག་ཆུང་དར་རྒྱས། དཔའ་རྒྱལ། འཕྲིན་ལས་དར་རྒྱས། བུད་མེད་པ་སངས་སོགས་བོད་མི་མང་པོར་རྨས་སྐྱོན་ཆེན་པོ་ཐེབས་ཏེ། ཤི་གསོན་ཐེ་ཚོམ་གྱི་གནས་སུ་གྱུར་ཡོད་འདུག



ཁ་སང་ཕྱི་ཚེས་ ༧ ཉིན་གྱི་གནས་ཚུལ་འབྱོར་གསལ་ལ། འཇོ་མདའ་རྫོང་ཁོངས་ཀྱི་གྲོང་ཚོ་དྲུག་སྟེ། སྐེ་རེ་སྨད་མ། རི་འོག་རུ་པ། སྐེ་སྲིབ། སོས་ཁོག པདྨ་སྨད་མ། ནོར་མ་རུ་པ། སྐྱབས་ཆེ་དགོན་བཅས་ཀྱི་འཐུས་མི་ ༣༠ འཇོ་མདའ་རྫོང་དུ་ཆེད་བཅར་གྱིས་ཉེ་སྔོན་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་འཛིན་གཟུང་བྱས་པའི་ཨ་ཤག་ཚང་ནོར་ལྷ་རང་ལོ་ ༤༧ དང་། ཚེ་བཟང་ཚང་མགོན་པོ་དར་རྒྱས་གཉིས་དང་། སྐྱབས་ཆེ་དགོན་དུ་འཛིན་བཟུང་བྱས་པའི་ནང་ནས་བྱམས་པ་དང༌། ཚེ་བརྟན། བུ་ལྷུག་གསུམ་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་འཇོ་མདའ་རྫོང་དུ་བཙན་ཁྲིད་བྱས་པ་རྣམས་གློད་གྲོལ་དགོས་འབོད་སྐུལ་ཞུས་འདུག་ཀྱང་ད་བར་ཡ་ལན་གང་ཡང་བྱས་མི་འདུག



གཞན་ཡང་འདི་ལོའི་ས་ཟླའི་དུས་ཆེན་ཉིན་ལྷ་སར་མཆོད་མཇལ་བྱེད་མཁན་ཁམས་དང་ཨ་མདོ་གཙོ་གྱུར་བོད་མི་མང་པོ་འཛིན་བཟུང་བྱས་པའི་ནང༌། ཁམས་སྡེ་དགེ་མཁར་སྒང་བསོད་སྟོབས། མཁར་སྒང་བསྟན་པ་རྣམ་རྒྱལ། སྡེ་དགེ་མདོ་གཞུང་ཁྱུང་རྒྱལ། སྡེ་དགེ་སྒྲོན་མ་སྐྱབས། སྡེ་དགེ་རག་ཆབ་བ་ངག་རྡོ། སྡེ་དགེ་དཔེ་ཝར་བ་པད་རྡོ། ཁམས་ཚ་བ་སྒང་ཚེ་རིང་འགྱུར་མེད་བཅས་ད་དུང་གློད་གྲོལ་བཏང་མེད་པར་ལྷ་ས་རྒུ་རྩ་བཙོན་ཁང་དུ་རྡུང་རྡེག་དང༌། ཚ་འདྲི་མནར་གཅོད་ཚད་མེད་བྱེད་ཀྱིན་ཡོད་འདུག ཅེས་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས་མཁོ་སྤྲོད་བྱས།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 5

  1. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    དེང་དུས་ཀྱི་གྲྭ་བ་དང་ཨ་ནེའི་ལས་དབང་ལ་གཟིགས་དང་།

    Reply
  2. ཨ་ལལ says:
    ལོ་ 17 སྔོན།

    བོད་པའི་རྩ་དོན་འདི་ལ་སྲོག་འདོར་རྒྱུ་གཅིག་པུ་མ་གཏོགས་ཡོད་པ་མ་རེད་པས།

    Reply
  3. ཨ་འཕྲིན། says:
    ལོ་ 17 སྔོན།

    འདི་དག་ཚང་མ་རྒྱ་ནག་དམར་གཞུང་མི་རིང་བར་མགོ་སྟིང་བསློག་རྒྱུའི་སྔ་ལྟས་ཡིན།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ངོ་གསོ་བསྟོད་རྒྱུའི་དཔའ་བོ་དེ་དག་གཅིག་གཅིག་གཉིས་གཉིས་བྱས་དེ་་་

    Reply
  5. ཨ་མྱེ says:
    ལོ་ 17 སྔོན།

    ད་དུང་མུན་པ་ནག་པོ་ཞིག་ཆོལ་གསུམ་ཡོངས་སུ་འཐིབ་བཞིན་འཐིན་བཞིན།་་་དཔའ་ཡ་མེད་ཚང་གི་རྒོད་པོ་ཚོའི་སྙིང་སྟོབས་མེ་རུ་བཞིན་འོད་ཆེམ་ཆེམ་དེ་ལོས་ཡིན་བཙན་པོའི་གདུང་རྒྱུད་ཀྱི་འཛུམ་མདངས་ད་དུང་ཡལ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese