མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོང་ཁྱེར་ཅན་དུ་འགྱུར་བའི་སེམས་ཁྲལ། ཝང་ལི་ཞོང་།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

གྲོང་ཁྱེར་ཅན་དུ་འགྱུར་བའི་སེམས་ཁྲལ།

ཝང་ལི་ཞོང་།

ང་ཡ་མཚན་སྐྱེས་པ་ནི་བོད་ཀྱི་རྩོམ་པ་པོ་ཞིག་གིས་འདི་ལྟ་བུའི་ཇུས་འགོད་བྱས་པ་ཐོས་མྱོང་སྟེ།  ད་ལྟ་བོད་རིགས་མི་གྲངས་བསྡོམས་པས་ཁྲི་ལྔ་བརྒྱ་(ཀྲུང་གོའི་ནང་ཁུལ)ཡོད་ལ།  དེས་པེ་ཅན་གྲོང་ཁྱེར་གྱི་མི་གྲངས་ཕྱེད་ཀ་ལས་ཟིན་མེད།  གལ་ཏེ་ཀྲུང་དབྱང་གིས་མ་དངུལ་བཏང་ཏེ་ཁེ་ལས་ཆེ་གྲས་འགའ་བཙུགས་ཤིང༌།  བོད་པ་ཐམས་ཅད་དེར་ལས་བསྒོས་ཀྱིས་གྲོང་ཁྱེར་ཆེན་པོ་ཞིག་ཆགས་སུ་བཅུག་ཏེ་གྲོང་ཁྱེར་གྱི་མི་རུ་བསྒྱུར་ན།  ད་གཟོད་བོད་ལྗོངས་སུ་ལྷག་པའི་གནད་དོན་མཐའ་དག་ཐག་གཅོད་ཐུབ་ཟེར།  འདི་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ཇུས་འགོད་ཐལ་དྲགས་པ་ཞིག་རེད།  ཆེས་སླ་མོའི་དཔྱད་ན།  འདི་ལྟ་བུའི་ཇུས་འགོད་མངོན་འགྱུར་བྱེད་མི་ཐུབ་པའི་ངེས་པའང་མེད།  ཧྲན་ཀྲན་ ( 深圳)ཡང་སྔོན་ཆད་མེད་ཀྱང་ད་ལྟ་ཡོད་དེ།  སྔོན་ཆད་ཀྱི་ཞོའོ་ཡུའུ་སྡེ་བ་ (小渔村)ནས་ད་ལྟའི་མི་གྲངས་ཁྲི་བརྒྱ་ཕྲག་ལྷག་གི་གྲོང་ཁྱེར་ཆེ་ཤས་སུ་གྱུར་བ་མིན་ནམ།  དེང་གི་ཀྲུང་གོའི་སྟོབས་ཤུགས་ཀྱི་ངོས་ནས་བཤད་ན།  བོད་པ་ཐམས་ཅད་གྲོང་ཁྱེར་དུ་བཅུག་པ་དེ་ནི་ཧྲན་ཀྲན་ལྟ་བུའི་གྲོང་ཁྱེར་གཞན་ཞིག་བསྐྱར་འཛུགས་བྱས་པ་དང་མཚུངས།  གཏན་ཚིག་གིས་སྒྲུབ་ན་ལས་དོན་དེ་ཕལ་ཆེར་ལས་བསླ་བོར་འགྲུབ་ཐུབ་པ་ཞིག་རེད།

 

འོན་ཀྱང༌།  དེས་གནད་དོན་ཅི་ཞིག་སྟོན་གྱིན་ཡོད་དམ་ཞེ་ན།  མིའི་རིགས་ཀྱིས་སྔོན་ཆད་ནས་གོ་ལ་འདིའི་སྟེང་འཚོ་གནས་ཐུབ་པའི་བར་སྟོང་སྣ་ཚོགས་འཚོལ་གྱིན་མཆིས་ལ།  ཚད་བཀག་སྣ་ཚོགས་ཡོད་རེག་ཏུ་དེའི་རྒྱུན་སྐྱོང་བཞིན་རང་ཉིད་ཀྱི་འཚོ་གནས་སུ་འོས་པའི་གནས་མལ་འཚོལ་ཅིང༌།  ཞོར་ལ་དེར་འཚམས་པའི་ས་གནས་རིག་གནས་ཀྱང་དར་གྱི་ཡོད།  བོད་ཀྱི་རིག་གནས་ནི་ཀྲུང་གོའི་རྒྱ་ཁྱོན་གྱི་བཞི་ཆའི་གཅིག་ཟིན་ལ་ཉེ་བའི་འཛམ་གླིང་མཐོ་སྒང་འདིའི་ཐུན་མིན་རིག་གནས་ཤིག་ཡིན།  གལ་ཏེ།  བོད་པ་ཐམས་ཅད་བོད་ལྗོངས་གྲོང་ཁྱེར་ཞེས་པའི་གྲོང་ཁྱེར་དུ་བསྡུས་ཏེ།  ཁྱད་འཕགས་ཚོང་ར་དང་མཚན་མོའི་རོལ་རྩེད་ཁང༌།  ཁང་བརྩེགས་ཆེན་མོ་སོགས་སུ་འཚོ་བ་རོལ་དུ་བཅུག་ན།  བྱེ་བྲག་གི་མི་སྒེར་གྱི་འཚོ་བའི་སྟེང་ནས་བཤད་ན་དེ་མི་ཆོག་པ་མེད་ཀྱང༌།  སྐབས་དེའི་བོད་ལྗོངས་མཐོ་སྒང་གྱི་ཡུལ་གྲུ་དེ་ནི། མིའི་རིགས་རྒྱུད་རྩ་སྟོང་དུ་གྱུར་བའི་ས་སྟོང་ཆེན་པོ་ཞིག་ཏུ་ཆགས་འགྲོ་ཡི་རེད།  བོད་མིའི་ངོས་ནས་བཤད་ན་ཡང༌།  ཐོན་སྐྱེད་བྱེད་ཐབས་བསྒྱུར་ཚེ་འཚོ་ཐབས་ཀྱང་དེ་བཞིན་འགྱུར་ལ།  སྲོལ་རྒྱུན་དང་ཆོས་ལུགས་ཀྱང་དེ་བཞིན་རྒུད་པར་འགྱུར་ཏེ།  མི་འགྱངས་བར་བོད་ཀྱི་རིག་གནས་ཞེས་པ་མིའི་རིགས་ཀྱི་རིག་གནས་གར་སྟེགས་ལས་ཕྱིར་འབུད་ངེས།  གལ་ཏེ།  རྩ་ཆེ་ཞིང་ཐུན་མིན་གྱི་བོད་ཀྱི་རིག་གནས་ཉམས་དམས་སུ་གྱུར་ཚེ།  དེ་ནི་མིའི་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་པ་ཐེ་ཚོམ་མེད། 

 

ཡིན་ནའང་བོད་ཀྱི་རྩོམ་པ་པོ་དེར་མཚོན་ན། བོད་ཀྱི་རིག་གནས་ཤུལ་དུ་བསྐྱུར་མིན་ནི་དེ་འདྲའི་གལ་ཆེ་བ་ཞིག་མིན་ཡང་སྲིད་དེ།  ཕུན་སུམ་ཚོགས་པའི་གཙོ་རྒྱུགས་སྤྱི་ཚོགས་ཀྱི་མཛེས་དཔྱོད་དང་ལྗོངས་རྒྱུ།  འཚོལ་ཐབས་(猎奇)ཀྱི་ཆེད་དུ།  བོད་མི་ནམ་ཡང་འབྲོག་ལས་དང་རོང་ལས་དུས་རབས་ལས་སྡོད་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད།  བོད་ལྗོངས་ལ་གྲོང་ཁྱེར་ཅན་དང་འཛམ་གླིང་ཅན་དུ་ཞུགས་པའི་དབང་ཆ་ཡོད།  ཡང་གཅིག་བཤད་ན།  འདི་ལྟ་བུའི་རེ་བར་གནས་ལུགས་ཀྱང་མཆིས་པས་དེར་རྩོད་པ་འབུད་དགོས་དོན་མེད་པ་ངས་ཤེས་ཡོད།  མཐའ་མར་གྲོང་ཁྱེར་ཅན་དང་འཛམ་གླིང་ཅན་ལ་ཁ་ཕྱོགས་པ་ནི་ལྡོག་ཏུ་མི་བཏུབ་པ་ཞིག་ཡིན་སྲིད་མོད།  འོན་ཀྱང༌།  ངའི་སེམས་ཁྲལ་ནི་འདི་ལྟ་བུའི་འཕེལ་ཕྱོགས་ཀྱིས་མ་འོངས་བར་མཛེས་དཔྱོད་ཀྱི་ལྟ་སྟངས་ཆིག་རྐྱང་ཅན་དུ་བཟོ་སྲིད་པ་ཁོ་ན་མིན་པར།  དེ་ལས་ཆེ་བའི་སེམས་ཁྲལ་ཞིག་ནི།  མིའི་རིགས་ཀྱི་མདུན་སྐྱོད་གྲུ་གཟིངས་དེ་མ་འོངས་བའི་འགྲུལ་བཞུད་ཁྲོད་ནམ་ཞིག་རླུང་རླབས་དང་འཕྲད་ངེས་ཤིང༌།  ཚབས་ཆེ་བའི་ཉེན་ཁ་བྱུང་ཚེ།  སྔ་རབས་པའི་གནའ་བོའི་ཤེས་རིག་ཁྲོད་ནས་བློ་རིག་འཚོལ་དགོས་པ་ཡིན། 

 

སྔོན་ཆད་སྣ་མི་གཅིག་པའི་རིག་གནས་འབྱུང་ཁུངས་ཀྱིས་དེ་དང་མི་མཐུན་པའི་ལོ་རྒྱུས་དང་འཕེལ་རྒྱས་ལ་གདོང་གཏད་མྱོང་བས།  དེ་ལས་ཐུན་མིན་གྱི་ཉམས་མྱོང་དང་རོགས་སྐྱོར་འདོན་སྤྲོད་བྱེད་ཐུབ།  གལ་ཏེ།  སྐབས་དེར་མིའི་རིགས་ཀྱི་རིག་གནས་ཆིག་རྐྱང་ཅན་དུ་ལུས་ན།  སྣ་མང་ཅན་གྱི་གདམས་གསེས་དང་ཕུན་ཚོགས་ཐུན་མིན་གྱི་བློ་རིག་ཀྱང་མེད་འགྲོ་བ་ཡིན།  གལ་ཏེ།  སྐབས་དེར་འཛམ་གླིང་འདིའི་སྟེང་ད་དུང་ནང་བསྟན་རིག་གནས་དང་ཡུ་ཤུའི་རིག་གནས།  དེ་མིན་གནའ་བོའི་མི་རིགས་སྣ་ཚོགས་ཀྱི་རིག་གནས་དང་སྲོལ་རྒྱུན་ཤེས་རིག་སོགས་ཡོད་ན།  མིའི་རིགས་ལ་ཐབས་ཤེས་མང་པོ་འདོན་སྤྲོད་ཀྱིས་གྲུ་གཟིངས་དེ་ཡང་སྔར་བཞིན་བདེ་ལེགས་ཀྱིས་བགྲོད་ཐུབ་པར་ཐེ་ཚོམ་མེད།  ཡིན་ཡང་ཆེས་སྐྲག་ས་ཞིག་ནི། དུས་དེར་ཐོན་རྗེས་ང་ཚོར་སྔ་མོ་ནས་ཅི་ཡང་ལྷག་མེད་པ་དེའོ།།

༼བོད་ཀྱི་དམངས་སྲོལ་རིག་གནས་དྲ་བ་ལས་བཏུས་ཏེ་བསྒྱུར། ཨ་རིན་གྱི་ཟིན་བྲིས་ལས་འདྲེན་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 7

  1. ཨརྱ། says:
    ལོ་ 17 སྔོན།

    གལ་སྲིད་དེ་འདྲའི་གྲོང་ཁྱེར་གཅིག་ཏུ་བོད་མི་ཡོད་དོ་ཅོག་གཅིག་འདུས་ཀྱི་སྡོད་ཐུབ་ན་ཆོས་ལུགས་དང་རིགས་གཞུང་ཉམས་དགོས་དོན་ཅི་རེད། དུས་རབས་དང་མཐུན་པའི་བོད་ཀྱི་ཆོས་དང་རིགས་གཞུང་རྒྱུད་འཛིན་དར་སྤེལ་གཏོང་ཐབས་ཤིག་མེད་སོང་བ་རེད་དམ། ཡང་ན་བོད་ཀྱི་ཆོས་རིགས་སོགས་ངེས་པར་དུ་ལྟ་བ་རྙིང་བ་དང་སྤྱོད་ཚུལ་རྗེས་ལོས་ཅན་དང་ཁ་འབྲལ་ཏུ་མེད་དོན་ཅི་རེད། པེ་ཅེན་དང་ཧྲན་ཀྲན་ལྟ་བུའི་གྲོང་ཁྱེར་དག་ན་སྲོལ་རྒྱུན་གྱི་ཆོས་རིགས་སོགས་རྩ་མེད་དུ་སོང་ཡོད་དམ། མེད་ན་བོད་ཀྱི་ཆོས་རིགས་སོགས་གྲོང་ཁྱེར་ནས་གནས་མི་ཐུབ་དོན་ཅི་རེད། ད་དུང་ང་ཚོར་ཡོད་མ་མྱོང་ཞིང་ཡོད་པར་འབད་བརྩོན་བྱེད་བཞིན་པའི་སྐད་ཡིག་དང་གོམས་གཤིས་སོགས་གཅིག་གྱུར་ངང་གིས་ཆགས་འགྲོ་བ་མ་ཡིན་ནམ། ཡོད་ཚད་ལ་ཨ་གསར་ལྟ་བུའི་བདེན་ཁ་སྟེར་རྐྱང་བྱེད་དགོས་དོན་ཨེ་ཡོད་ད་་་་་་

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་པ་འདི་ཚོ་དངོས་ནས་དགོད་བྲོ་བོ་འདུག ང་རང་ཡང་བོད་པ་རེད། འོན་ཀྱང་། ད་ནི་དངོས་ནས་་་་་་

    Reply
  3. བཙན་པོ། says:
    ལོ་ 17 སྔོན།

    སྐུ་ཞབས་ཝང་ལི་ཞོང་ཡ་མཚན་སྐྱེ་སའི་བོད་ཀྱི་རྩོམ་པ་པོ་དེ་ནི་སྐུ་ཞབས་ཞོགས་དུང་ཡིན་པ་ཚང་མས་ཤེས་དགོས།

    Reply
  4. རྐང་རྗེན་པ། says:
    ལོ་ 17 སྔོན།

    ཝང་ལི་ཞོང་གི་སེམས་ཁྲལ་ལ་རྒྱུ་མཚན་ཡང་དག་འདུག བོད་མིའི་འཚོ་ཐབས་འགྱུར་ཚེ་རིག་གཞུང་ཡང་འགྱུར་འགྲོ་བས། རིམ་པས་བོད་ཀྱི་རིག་གཞུང་བརླག་འགྲོ། དེ་དུས་བོད་མི་ཙམ་མ་ཟད་མིའི་རིགས་སྤྱི་ལ་དཀའ་ངལ་འདྲ་མིན་འཕྲད་ཚེ་དཀའ་ངལ་སེལ་ཐབས་མི་རྙེད་པའི་དཀའ་ངལ་སྣོན་མ་ཞིག་ཡོང་ངེས།
    ཁོང་གིས་༼མིའི་རིགས་ཀྱི་མདུན་སྐྱོད་གྲུ་གཟིངས་དེ་མ་འོངས་བའི་འགྲུལ་བཞུད་ཁྲོད་ནམ་ཞིག་རླུང་རླབས་དང་འཕྲད་ངེས་ཤིང༌། ཚབས་ཆེ་བའི་ཉེན་ཁ་བྱུང་ཚེ། སྔ་རབས་པའི་གནའ་བོའི་ཤེས་རིག་ཁྲོད་ནས་བློ་རིག་འཚོལ་དགོས་པ་ཡིན།༽ཞེས་དང། ༼རྩ་ཆེ་ཞིང་ཐུན་མིན་གྱི་བོད་ཀྱི་རིག་གནས་ཉམས་དམས་སུ་གྱུར་ཚེ། དེ་ནི་མིའི་རིགས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་པ་ཐེ་ཚོམ་མེད། ༽ཅེས་དང་༼སྐབས་དེར་འཛམ་གླིང་འདིའི་སྟེང་ད་དུང་ནང་བསྟན་རིག་གནས་དང་ཡུ་ཤུའི་རིག་གནས། དེ་མིན་གནའ་བོའི་མི་རིགས་སྣ་ཚོགས་ཀྱི་རིག་གནས་དང་སྲོལ་རྒྱུན་ཤེས་རིག་སོགས་ཡོད་ན། མིའི་རིགས་ལ་ཐབས་ཤེས་མང་པོ་འདོན་སྤྲོད་ཀྱིས་གྲུ་གཟིངས་དེ་ཡང་སྔར་བཞིན་བདེ་ལེགས་ཀྱིས་བགྲོད་ཐུབ་པར་ཐེ་ཚོམ་མེད། ༽ཅེས་པ་འདི་དག་ཆེས་རྒྱུ་མཚན་ཟབ་པའི་གནས་ལུགས་ཀྱི་སྐད་ཆ་རེ་རེད་འདུག་ཨང་།
    ༸གོང་ས་མཆོག་གིས་ཀྱང་མིའི་ཁམས་དང་མོས་པ་སྣ་ཚོགས་པ་ཡིན་དུས་ཆོས་ལུགས་དང་རིག་གནས་སོགས་ཀྱང་དེ་མཚུངས་སྣ་ཚོགས་པ་དགོས་ལུགས་རྒྱུན་དུ་གསུང་བཞིན་པ་དང་གནད་གཅིག་ཏུ་འབབ། འདི་ལྟར་བསམ་ཚེ། བོད་ཀྱི་རིག་གནས་ལ་སྦྱངས་མ་མྱོང་བའི་རྒྱ་མི་ཞིག་གིས་འདི་ལྟར་ཤོད་ཀྱི་ཡོད་ནའང་། བོད་ཀྱི་རིག་གནས་ལ་སྦྱངས་མྱོང་བའི་ཞོགས་དུང་སོགས་ཀྱིས་འདི་ལས་ལྡོག་སྟེ་ཤོད་བཞིན་པ་ནི་བསམ་བློ་མ་སྨིན་པའི་རྟགས་ཤིག་ཡིན་སྲིད་སྙམ།

    Reply
  5. ནད་པ says:
    ལོ་ 17 སྔོན།

    རྒྱ་རིགས་བསམ་བློ་བ་ཝང་ལིང་ཞོང་ལ་འཚམས་འདྲི་ཞུ། ད་ལྟ་ནས་ང་ཚོས་རང་བྱུང་གི་ཁམས་ཆེན་པོའི་ནང་ཚན་རིག་དང་འཕྲུལ་ཆས་ཀྱི་འཇིག་རྟེན་ཞིག་བསྐྲུན་ཟིན་པ་མ་ཟད། འཚོ་བའི་སྐྱེས་ལྡན་གྱི་ལུས་ཕུང་དང་། འགྲོ་བ་མིའི་རིགས་རྒྱུན་གྱི་སྡེ་ཁག བཅོས་མའི་རིགས་རྫུ། མཛེས་དཔྱོད་བརྗེ་བསྒྱུར་སྣ་ཙོགས་ཤིག་གི་ལམ་དུ་འགྲོ་བཞིན་པ་འདིས་ནམ་ཞིག་བཟློག་ཏུ་མེད་པའི་དཀའ་ཚེགས་ཅིག་སྤྲོད་ངེས་ཡིན།
    ང་ཚོས་མཚམས་འཛིན་མེད་པར་རང་བྱུང་གི་ཁམས་ལས་བརྒལ་མི་ཉན་ལ་རང་བྱུང་དངོས་ཁམས་རིག་པ་དང་གནའ་བོའི་ཤེས་རིག་གཉིས་ཟུང་འབྲེལ་དུ་བསྐྱོད་རྒྱུ་ནི་ཇི་འདྲའི་ལག་འགངས་ཆེ་བ་ཞིག་མ་ཡིན་ནམ།།

    Reply
  6. ཨ་ལལ says:
    ལོ་ 17 སྔོན།

    སྐུ་ཞབས་ཝང་ཁོང་དངོས་གནས་མི་བསམ་བློ་བ་དང་རྣམ་དཔྱོད་ཅན་ཞིག་རེད།སྐུ་ཞབས་ཝང་ལགས།ངས་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ།ང་ཚོས་ལོ་ངོ་ལྔ་བཅུ་ནས་དྲུག་ཅུའི་རིང་ལ་འཐབ་རྩོད་དང་འབད་པ་བྱས་པ་དེ་རྩོམ་པ་པོ་ཁོང་གི་ལྟ་བ་བཞིན་གཞི་གཅིག་ཏུ་རིགས་འདུས་བྱེད་རྒྱུ་དེ་འདྲ་ཞིག་གང་ནས་ཡིན།དེ་ཙམ་ལ་ལོ་ངོ་དེ་འདྲའི་འཐབ་རྩོད་ཅི་ལ་དགོས།མ་ཟད་ཁོང་མི་བྱེ་བྲག་པ་ཞིག་གི་བསམ་ཚུལ་དང་ལྟ་ཚུལ་དེ་འདྲ་ཞིག་གིས་བོད་རྒྱ་ཆེའི་མི་དམངས་ཀྱི་མངོན་འདོན་ཇི་ལྟར་མཚོན་ཏེ་མི་ནུས་སོ།་།དེས་ན་ཁོང་ལ་འང་དགོངས་ཚུལ་མེད་པ་ཞིག་མིན་ཏེ་བོད་ཅེས་པའི་མི་རིགས་འདི་སྲུང་སྐྱོབ་བྱེད་དགོས་ན་ད་ལྟ་གནས་བབ་ལ་ཁོང་གི་དགོངས་ཚུལ་དེ་རན་པ་ཞིག་དང་ཐབས་ལམ་ཞིག་ཀྱང་རེད།འོན་ཀྱང་ང་ཚོས་དེ་འྡར་མི་འདོད་པ་དང་ཆབས་ཅིག་ང་ཚོའི་ལུས་པོ་འདིས་ཀྱང་མཐོ་སྒང་གི་ཁོར་ཡུག་འདི་དང་དེ་བཞིན་མཐའ་ཡས་རྩ་ཐང་།རི་ཆུ།གུ་ཡངས་ཆེ་བའི་ཕ་གཞིས་འདི་བློས་གཏོང་བྱེད་མི་ཐུབ་པས་དཔེར་ན་ཉ་མོ་ཆུ་དང་ཁ་བྲལ་བ་བཞིན་ཡིན།

    Reply
  7. དགེ་བཤེས་བསྟན་བཀྲ། says:
    ལོ་ 17 སྔོན།

    skdhfoiyr0[mvkbfg

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese