མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་སློབ་ཆེན་གྱི་དགེ་རྒན་འཛིན་བཟུང༌།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༨ ཉིན་གྱི་དགོང་མོ་རྒྱ་ནག་པེ་ཅིན་སློབ་གྲྭ་ཆེན་མོའི་ཡུ་གུར་བའི་སློབ་དཔོན་ཆེན་མོ་ཨཱཡེ་ལེམ་ཁྲའོ་ཊེ་ Ilham Tohti  ལགས་སུ། ཐེངས་འདིར་ཡུ་གུར་ནང་བྱུང་བའི་དོན་རྐྱེན་གྱི་སྣ་འདྲེན་པ་ཡིན་ཚུལ་གྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག དེ་ནི་ཉིན་འགའི་སྔོན་ལ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་པ་ནའོ་ཨར་པེ་ཁུ་ལུས་ཟེར་བ་དེས། སྐུ་ཞབས་མོ་ཨཱཡེ་ལེམ་ཁྲའོ་ཊེ་ལགས་ཀྱིས་གཙོ་སྒྲུབ་བྱས་ཤིང༌། ད་ལྟ་ཡུ་གུར་ནང་དར་ཁྱབ་ཆེ་བའི་༼ ཡུ་གུར་གནས་འཕྲིན ༽ ཞེས་པའི་དྲ་བའི་སྟེང༌། ཡུ་གུར་མི་རིགས་ཀྱི་གནད་དོན་གཙོས་པའི་ཆབ་སྲིད་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་སྤེལ་ཡོད་ཚུལ་དང་། ལྷག་པར་དུ་ཟླ་སྔོན་མའི་ཕྱི་ཚེ་ ༢༦ ཉིན་རྒྱ་ནག་ཀུང་ཏུང་གི་བྱིས་པའི་རྩེད་ཆས་བཟོ་གྲྭ་ཞིག་ནས་ཡུ་གུར་བ་དང་རྒྱ་རིགས་གཉིས་བར་འཁྲུག་འཛང་གི་དོན་རྐྱེ་བྱུང་བའི་སྔ་ཕྱིའི་གནད་དོན་ལ་གླེང་སློང་ཤུགས་ཆེན་བྱས་པ་སོགས་དགེ་རྒན་མོ་ཨཱཡེ་ལེམ་ཁྲའོ་ཊེ་ནི་ཐེངས་འདིར་ཡུ་གུར་ནང་བྱུང་བའི་དོན་རྐྱེན་གྱི་སྣ་འདྲེན་པ་ཡིན་ཚུལ་བརྗོད་དེ་འཛིན་བཟུང་བྱས་པ་ཞིག་ཡིན་འདུག

 

པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་སྐུ་ཞབས་མོ་ཨཱཡེ་ལེམ་ཁྲའོ་ཊེ་ལགས་ཀྱིས་ཞིན་ལཱང་ ( www.sina.com ) ཞེས་པའི་དྲ་ཚིགས་སོགས་ཀྱི་བརྒྱུད་ལམ་ཁག་ཅིག་ཏུ། སྔོན་མ་ནས་རྩོམ་ཡིག་མང་པོ་སྤེལ་ཏེ། ཀྲུང་གོའི་དབུས་གཞུང་གིས་དྲག་གནོན་ལ་བརྟེན་ཏེ་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད་པ་དེར་མོས་མཐུན་མེད་པ་དང༌། གྲངས་ཉུང་མི་རིགས་ཁག་དང་ཧན་མི་རིགས་མཉམ་འབྲེལ་ཐོག སྤྱི་དམངས་ཀྱི་ཐོབ་ཐང་བརྩོན་ལེན་བྱ་དགོས་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་ཏུ་ལག་བསྟར་བྱེད་ཀྱིན་པའི་སྲིད་བྱུས་དང་། ལྷག་པར་དུ་གཅིག་བསྡུད་ལམ་ལུགས་ཀྱི་སྲིད་ཁྲིམས་འདིའི་འོག་ཏུ་སྤྱི་འབངས་ལ་ནམ་ཡང་བདེ་སྐྱིད་ཡོང་ཐབས་མེད་པའི་བསྒྲགས་གཏམ་སྤེལ་ཡོད་སྟབས། རྒྱ་གཞུང་གིས་ཞིན་ལཱང་དྲ་བའི་སྟེང་གི་སྐུ་ཞབས་མོ་ཨཱཡེ་ལེམ་ཁྲའོ་ཊེ་ཡི་ཟིན་བྲིས་བཀག་སྡོམ་བྱས་ཡོད་འདུག

 

སྐུ་ཞབས་མོ་ཨཱཡེ་ལེམ་ཁྲའོ་ཊེ་ལགས་འཛིན་བཟུང་མ་བྱས་སྔོན་ཙམ་ལ། ཡུ་གུར་གནས་འཕྲིན་དྲ་བའི་སྟེང༌། ཆེས་མཐའ་མཇུག་གི་དཔྱད་གཏམ་ཞིག་སྤེལ་བའི་ནང༌། ཡུ་གུར་གནས་འཕྲིན་དྲ་བའི་གཙོ་སྒྲུབ་པའི་ངོས་ནས། ནའོ་ཨར་པེ་ཁུ་ལུས་ལགས་ལ་བརྗོད་འདོད་པ་ནི། ཁྱོད་ཀྱིས་བཤད་པ་བདེན་པ་རེད། ཁྱོད་ཀྱིས་ཅི་ཞིག་བཤད་ཀྱང་བདེན་དུ་འགྲོ་བ་རེད། ངས་མགོ་ཁྲིད་མང་པོ་ཞིག་ལ་ཁ་རྡུང་བཏང་མྱོང་ཡོད། གཅིག་བྱས་ན། ངའི་ཁ་རྡུང་མི་འདོད་མཁན་ཁྱོད་རང་ཚུད་པའི་གཞན་མང་པོ་ཞིོག་ལ་ཕོག་ཡོད་སྲིད་ཀྱང༌། བདེན་རྫུན་དྲང་སྙོམས་ཟེར་བ་ཞིག་ཡོད་པ་རེད། ངས་ད་ལྟ་རང་ཉིད་ལ་སྐུལ་མ་བྱ་རྒྱུ་ཞིག་ནི། ཞི་དལ་ངང་རིང་དང༌། བབ་བརླིང་བརྟན་གསུམ་གྱིས་དོན་རྐྱེན་འདིའི་གནད་དོན་དངོས་ལ་ཞིབ་བཤེར་བྱ་རྒྱུ་དེ་ཡིན། ཁྲིམས་དང་ལྡན་པའི་སྤྱི་ཚོགས་གང་ཞིག་ཡིན་རུང༌། རྩོད་རྙོག་རིགས་དྲང་སྙོམས་ཀྱིས་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་གཅིག་ནི། ཁྲིམས་ལ་གཏུག་བཤེར་བྱ་རྒྱུ་དེ་ཡིན་སྟབས། སྐབས་དེར་ཁྱོད་རང་གི་ངོས་ནས་ང་ལ་ཁྲིམས་རྩོད་པ་རྩ་འཛུགས་བྱ་མི་དགོས། ངས་གཞན་གྱི་རྩ་འཛུགས་འོག་གི་ཁྲིམས་རྩོད་པ་སུ་ཡང་ངོས་ལེན་བྱ་འདོད་མེད། ཅེས་བཀོད་འདུག

 

ཉིན་འདི་འགར་རྒྱ་གཞུང་གིས་ཡུ་གུར་ནང་གི་ཁ་ཆེ་ལྷ་ཁང་ཁག་སྒོ་བརྒྱབས་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་འགོད་པ་ཁག་ཀྱང་ཞིན་ཅང་ནས་ཕྱིར་ལོག་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག དེ་བཞིན། ཞིན་ཅང་ནང་དམག་མི་ཕོན་ཆེན་མུ་མཐུད་ཁ་སྣོན་བྱས་ཏེ། ཕྱི་ཚེས་ ༩ ཉིན་རྒྱ་ནག་ཅང་སུའུ་ཞིང་ཆེན་ནས་དམག་མི་བརྒྱད་སྟོང་བཞི་བརྒྱ་ ༨༤༠༠ དང༌། ཧྭི་ནན་ཞིང་ཆེན་ནས་དམག་མི་ཉིས་སྟོང་བརྒྱད་བརྒྱ་ ༢༨༠༠ ། ཧྥུ་ཅིན་ཞིང་ཆེན་ནས་དམག་མི་ཉིས་སྟོང་བརྒྱད་བརྒྱ་ ༢༨༠༠ བཅས་བསྡོམས་པའི་དྲག་ཆས་ཐོགས་པའི་དམག་མི་ཆིག་ཁྲི་བཞི་སྟོང་ ༡༤༠༠༠ མཁའ་ལམ་བརྒྱུད་ཞིན་ཅང་ཝུ་རུ་མུ་ཆི་ནང་དུས་གཅིག་ཏུ་བབས་ཡོད་འདུག དམག་མི་སྐྱེལ་འདྲེན་གྱི་དབང་གིས་ཉིན་འདི་འགར་ཞིན་ཅང་གི་གནམ་ཐང་སོ་སོའི་སྤྱི་དམངས་ལ་གནམ་གྲུའི་འཛིན་བྱང་རག་གིན་མེད་པའི་གནས་ཚུལ་འདུག ད་ལྟ་ཡུ་གུར་གྱི་རྒྱལ་ས་ཝུ་རུ་མུ་ཆི་གཙོས་པའི་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་དམ་དྲགས་ཤུགས་ཆེན་བྱས་ཏེ། ཡུ་གུར་བ་མང་པོ་ཞིག་ས་གཞན་ལ་ཉེན་གཡོལ་དུ་འགྲོ་བཞིན་ཡོད་འདུག དེ་རིང་སྔ་དྲོ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ཡུ་གུར་ནང་མི་ཤི་བའི་གྲངས་འབོར་སྔར་ལས་འཕར་ཏེ་ ༡༨༤  ཟིན་ཡོད་ཚུལ་བསྒྲགས་འདུག

 

ཉིན་འདི་འགར་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་། ད་ལྟ་ཡུ་གུར་ནང་ཞི་འཇགས་ཡོང་ཡོད་པ་མ་ཟད། དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བ་དག་གི་ནང་མིར་རྒྱ་སྒོར་འབུམ་གཉིས་ ༢ དང་ཕུང་བོ་དུར་འཇུག་ཆེད་རྒྱ་སྒོར་ཉིས་ཁྲི་ ༢ རེ་སྤྲད་ཡོད་ཚུལ་བརྗོད་འདུག རྒྱ་གཞུང་གིས་ཨ་རིར་གནས་བཞུགས་ལྕམ་རེ་བྷེ་ཡ་ཁ་ཌེར་ Rebiya Kadeer ལགས་སུ་ཐེངས་འདིའི་དོན་རྐྱེན་གྱི་བརྒྱུད་སྐུལ་བ་གཙོ་བོ་ཡིན་ཚུལ་གྱི་ཉེས་འཛུགས་བྱས་པ་དེར། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཁ་ཆེ་ལུང་པ་ཁག་ཅིག་ནས་ཀྱང་ཐེངས་འདིའི་ཞིན་ཅང་གི་དོན་རྐྱེན་དེར། རྒྱ་ནག་གཞུང་ཕྱོགས་ནས་ཆེད་དུ་རྒྱ་རིགས་མི་དམངས་ལ་བཏིང་སྐུལ་བྱས་ཏེ། ཡུ་གུར་མི་རིགས་དང་ཧན་མི་རིགས་གཉིས་བར་གྱི་འགལ་བའི་ངོ་བོར་བསྒྱུར་ཐབས་བྱེད་ཀྱིན་འདུག ཅེས་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་རེད།

༼གོང་གི་པར་གསུམ་པ་དེ་ནི་ཅིང་སུའུ་དང་ཧྭི་ནན། ཧྥུ་ཅིན་བཅས་ནས་དམག་མི་ཆེད་གཏོང་ལ་འཛིན་བྱང་གོ་སྒྲིག་བྱས་པའི་རེའུ་མིག་རེད།༽

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. ནད་པ says:
    ལོ་ 17 སྔོན།

    པི་ཅིན་སློབ་གྲ་ཆེན་མོའི་སློབ་དཔོན་ཨཡི་ལམ་མཆོག་འཛིན་བཟུང་བྱས་པ་དེ་དངོས་གནས་བློ་འཕངས་སྐྱེ་གཞི་གཅིག་རེད།
    ཁོང་གི་སྔ་ཕྱིར་རྩོམ་ཡིག་རབ་དང་རིམ་པ་སྤེལ་བ་དེ་དངོས་འབྲེལ་སྙིང་སྟོབས་ཧ་ཅང་ཆེན་པོ་རེད། གྲངས་ཉུང་མི་རིགས་ཚོའི་རང་དབང་ཆེད་དུ་རང་ཉིད་བློས་གཏོང་བྱེད་པ་འདི་གཞན་ཕན་རེད་ལ་རླབས་ཆེན་ཡང་རེད།།

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    འདི་གར་བརྗོད་དོན་ལྟར་ན། རྒྱ་ནག་གི་དམག་མི་༡༤༠༠༠ མཁའ་ལམ་བརྒྱུད་ནས་ཞིན་ཅང་ཝུ་རུ་མུ་ཆི་ནང་དུས་དམག་མི་སྐྱེལ་འདྲེན་གྱི་དབང་གིས་ཉིན་འདི་འགར་ཞིན་ཅང་གི་སྤྱི་དམངས་ཀྱིས་གནམ་གྲུའི་འཛིན་བྱང་རག་གི་མེད་པའི་གནས་ཚུལ་འདུག་ཟེར། དེ་ཅི་འདྲའི་ཐབས་སྐྱོ་བ་ཞིག་རེད། དེང་སང་འཛམ་གླིང་གི་རྒྱལ་ཁབ་ཕར་ཆེ་བའི་དམག་མིའི་རང་གི་གནམ་གྲུ་དང་རླངས་འཁོར་བེད་སྤྱོད་གཏོང་བ་ལས། སྤྱི་སྤྱོད་སྐྱེལ་འདྲེན་སོགས་བེད་སྤྱོད་གཏོང་ག་ལ་དགོས།
    དེ་ལ་བལྟས་ན་ད་དུང་ཡང་རྒྱ་ནག་འདི་སྔོན་ཐོན་རྒྱལ་ཁབ་ཀྱི་གྲྭལ་དུ་ཚུད་མེད་པ་འདྲ།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ད་འདི་བ་ཚང་ལ་སྨྱོན་ནད་འཕོག་ཡོད་ཁོ་ཐག་རེད། སྨྱོ་ནད་བཏང་དུས་ཤིག་ཡོད་སྲིད་དམ།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    རྒྱལ་པོའི་རྒྱལ་ས་མ་བདེ་ན། སྤྲང་བོའི་ཉལ་ས་ག་ལ་བདེ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese