མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་ཝན་དུ་བོད་དོན་ལས་འགུལ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པ་ Taiwan Friends of Tibet  ཡི་གོ་སྒྲིག་འོག་རྒྱལ་ས་ཐའེ་པེ་གྲོང་ཁྱེར་གྱི་ཐང་ཆེན་བརྒྱད་པ་ A8 ཞེས་པ་རུ་མི་གྲངས་ཁྲི་གཅིག་ ༡༠༠༠༠ ལྷག་འདུ་འཛོམས་བྱས་ཏེ། བཙན་བྱོལ་བོད་མིའི་མི་ལོ་ལྔ་བཅུའི་དུས་དྲན་ཆེད། གཞི་རྒྱ་ཆེ་བའི་རོལ་དབྱངས་འདུ་འཛོམས་ཤིག་འཚོགས་ཡོད་པ་དང་། ཐེངས་འདིར་ཐའེ་ཝན་གྱི་རང་དབང་རོལ་དབྱངས་ཚོགས་པ་བཅུ་ལྷག་གི་འཁྲབ་སྟོན་པ་དང་གཞས་པ་མཉམ་འཛོམས་ཀྱིས་ཉིན་དེའི་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀ་ནས་མགོ་འཛུགས་གནང་ཡོད་འདུག

 

ཉིན་དེའི་དགོང་མོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རང་དབང་དང་དམངས་གཙོ། དྲང་བདེན། ཁྲིམས་ལུགས་བཅས་ནི་འགྲོ་བ་མིའི་རིགས་སྤྱིའི་འཚོ་གནས་དང་ཁེ་ཕན་ལ་མེད་དུ་མི་རུང་། ཞེས་པ་དང་། དེ་བཞིན་ཁོང་གིས་ཐའེ་ཝན་གཞོན་སྐྱེས་ཚོར་གནང་བའི་བཀའ་སློབ་ཁག་ཅིག་བཅས་ཀྱི་གློག་བརྙན་གཟིགས་འབུལ་ཞུས་ཡོད་པར་དེར་ཐའེ་ཝན་མི་དམངས་ཚོས་དགའ་བསུ་ཆེན་པོ་ཞུས་ཡོད་འདུག

 

 སྐབས་དེར་ཐའེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པའི་གཞས་པ་པཱ་ནེའར་ཡིས་བརྗོད་དོན།  ང་རང་གི་ངོས་ནས་བོད་ཀྱི་ད་ལྟའི་གནས་སྟངས་དང་བོད་རིགས་མི་དམངས་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད། ང་ཚོས་འདི་ལྟར་རྒྱ་ནག་ལ་འབོད་སྐུལ་དང་སྐྱོན་བརྗོད་བྱས་དོན་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མེད་པའི་རྐྱེན་གྱིས་ཡིན། ང་ཚོས་རང་ཉིད་ཀྱི་གླུ་གཞས་ཀྱི་ལམ་ནས་འགྲོ་བ་མིའི་རིགས་ཀྱི་རང་དབང་དང་དམངས་གཙོར་འབོད་སྐུལ་བྱེད་བཞིན་ཡོད་ཅེས་དང་།

 

ཧྲན་ལེན་རོལ་དབྱངས་ཚོགས་པའི་གཞས་པ་ཞོའོ་ཧོ་ཡིས་བརྗོད་དོན། ཐའེ་ཝན་མི་མང་གིས་ཀྱང་བོད་ཀྱི་རང་དབང་སྐོར་ལ་ལས་དོན་མང་པོ་ཞིག་སྒྲུབ་དགོས། ང་ཚོས་ཇི་ལྟར་བྱས་ན་ད་གཟོད་སྤུན་ཟླ་མི་རིགས་ཀྱི་རང་དབང་ལ་རྒྱབ་སྐྱོར་བྱ་ཐུབ་པར་བསམ་བློ་གཏོང་དགོས། འགྲོ་བ་མིའི་རིགས་ལ་བཅིངས་གྲོལ་ཐོབ་པ་ཡིན་ན། ང་ཚོར་ཡང་རང་བཞིན་གྱི་བཅིངས་གྲོལ་ཐོབ་གི་རེད། ཅེས་རོལ་དབྱངས་ཚོགས་པ་ཁག་སོ་སོས་བོད་དོན་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་འདུག

 

ཧྲན་ལེན་རོལ་དབྱངས་ཚོགས་པའི་གཞས་པ་ Freddy ཡིས་དེར་ཡོད་མི་མང་རྣམས་ལ་ལག་པས་  T for Tibet  གཟུགས་བསྟན་ཏེ་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཡོད་པ་མ་ཟད། དེར་ཡོད་མི་མང་ཁྲི་ལྷག་གིས་བོད་རང་བཙན་གྱི་སྐད་འབོད་བྱས་ཡོད་པ་རེད། ཐེངས་འདིའི་རོལ་དབྱངས་འདི་འཛོམས་སྟེང་རྒྱལ་སྤྱིའི་གསར་ལམ་ཁག་གི་གསར་འགོད་པ་འདུ་འཛོམས་བྱས་ཏེ། གནས་ཚུལ་གང་སར་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད།  

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 8

  1. འཁྱམས་པོ། says:
    ལོ་ 17 སྔོན།

    དངོས་གནས་དགའ་འོས་པ་ཞིག་རེད། ཐའེ་ཝན་མི་མང་ལ་སྙིང་ཐག་པ་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ། འདི་ནི་བོད་གཅིག་བུར་རྒྱབ་སྐྱོར་བྱས་པ་མ་ཡིན་པར་དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཀྱང་ཡིན་པས་ཡག་པོ་རེད།

    Reply
  2. ནད་པ says:
    ལོ་ 17 སྔོན།

    ཐའེ་ཝན་བོད་ཀྱི་གྲོགས་པོ་དང་། ཐའེ་ཝན་མི་དམངས། དེ་བཞིན་གླུ་གར་མཁན་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམ་པའི་ལྷག་བསམ་དང་། བསྔགས་པར་འོས་པའི་སྒྱུ་སྩལ་གྱི་ལམ་ནས་ ” T FOR TIBET” ཊི་ཧྥོར་ཊི་བྷས་ཊེ་ཕྱག་བརྒྱའི་སྒོ་ནས་བོད་མི་རིགས་ལ་གདུང་སེམས་མཉམ་བསྐྱེད་དང་།

    བརྒྱབ་སྐྱོར་མཚོན་པར་བྱས་པ་འདི་མཐོང་དུས་ང་རང་དངོས་གནས་སེམས་གཏིང་ནས་དགའ་ཚོར་ཚད་མེད་གཅིག་སྐྱེས་བྱུང་། ངས་བོད་ཙམ་མ་ཟད་རྒྱ་ནག་མི་དམངས་ཡོངས་ལ་དོན་དམ་གྱི་རང་དབང་གཅིག་འཐོབ་པའི་སྨོན་འདུན་མཆིས།

    དེ་ནི་ངའི་དེ་རིང་མཚན་མོ་སྨག་གི་རྨི་ལམ་ཞིག་ཡིན་ལ་དེ་ནི་སང་ཉིན་མོའི་འཚོ་གནས་ཁྲོད་ཀྱི་མངོན་གྱུར་གཅིག་ཀྱང་ཡིན།།

    Reply
  3. ཨ་འཕྲིན། says:
    ལོ་ 17 སྔོན།

    Taiwan Friends of Tibet དང་གླུ་བ་གླུ་མ། དེ་བཞིན་ལ་ལྷག་བསམ་གྱིས་རྒྱབ་སྐྱོར་གནང་མཁན་གྱི་མི་མང་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་འོས་ལྟར་ཞུ་བཞིན་ཡོད།

    Reply
  4. བདེ་བ་ཅན། says:
    ལོ་ 17 སྔོན།

    ཐེ་ཝན་གྱི་ང་ཚོའི་གྲོགས་པོ་གྲོགས་་མོ་ཚོས་བོད་མི་མང་རྣམས་ལ་རྒྱ་ནག་དམར་་་་ཞེས་བཅོས་པར་ཞུ།།

    Reply
  5. བདེ་བ་ཅན། says:
    ལོ་ 17 སྔོན།

    ང་ཚོས་ཤིན་ཅང་གི་མི་རིགས་ལ་རྒྱ་མི་རིགས་ཀྱིས་གཉའ་གནོན་དང་སྡུག་སྦྱོང་བཏང་སྟེ་གྲོངས་ཟིན་པའི་ཉེས་མེད་ཀྱི་སྐྱེ་བོ་རྣམས་ལ་བཙན་བྱོལ་ཡུལ་དུ་ཁོང་ཚོར་་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད། ང་ཚོའི་ཕར་ངོས་ན། རྒྱ་རིགས་ཀྱི་རིགས་བརྒྱུད་གཅིག་་པའི་ཐེ་ཝན་གྱི་བོད་རིགས་གྲོགས་པོ་གྲོགས་མོ་ཚོས་རྒྱ་ནག་དམར་པོའི་གཞུང་གིས་བོད་མི་རིགས་ཐོག་བསམ་སྤྱོད་ལས་འདས་པའི་སྡུག་སྦྱོང་དང་མནར་གཅོད་་བཏང་སྟེ་ལོ་ངོ་ལྔ་བཅུའི་འཁོར་བའི་དུས་་དྲན་དང་བསྟུན་རོལ་དབྱངས་ཀྱི་འདུ་འཛོམས་ཐོག་ནས་ང་ཚོར་རྒྱབ་སྐྱོར་མཚོན་ཐབས་བྱ་གི་འདུག དངོས་གནས་འཁོར་བ་འདི་བསྐོར་བཞིན་འགྲོ་བ་དངོས་བདེན་རེད་ལ། ཐེ་ཝན་དུ་རང་གཞུང་ཐེ་ཝན་དོན་གཅོད་ཁང་ནས་ཀྱང་ཐེ་པེ་གྲོང་ཁྱེར་དུ་ཟླ་བ་གཅིག་རིང་བོད་ཀྱི་འགྲེམས་སྟོན་ཆེ་གྲས་ལོ་ངོ་ལྔ་བཅུའི་དུས་དྲན་་ཞིག་གོ་སྒྲིག་ཞུས་པ་དེར་ཉིན་ལྟར་རྒྱ་རིགས་སྟོང་ཕྲག་མང་པོས་བསྐོར་བ་བྱ་གི་ཡོད་པ་གོ་ཐོས་བྱུང།།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བདེན་དོན་སྒྲོག་མཁན་གྱི་རོལ་དབྱངས་ཚོགས་པ་དང་བདེན་དོན་གླུ་རུ་གྱེར་མཁན་གྱི་གླུ་བ་དག་ལ་སྙིང་ནས་དགའ་བསུ་ཞུ་བ་དང་འབྲེལ་བཀའ་དྲིན་ཆེ་ཞུ།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    ཡག་པོ་འདུག ཞི་བདེ་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

    Reply
  8. དབུས། says:
    ལོ་ 17 སྔོན།

    དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་དག་ལ་ཐུགས་བརྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese