མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་མི་གནས་སྤོར་གྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་ཐུབ་བམ། ཝང་ལི་ཞོན།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཝང་ལི་ཞོན་གྱིས་བརྩམས། དོན་གོས་བསྒྱུར།

ཀྲུང་གོའི་སྲིད་གཞུང་གིས། མི་རིགས་ས་ཁུལ་དུ་རྒྱ་རིགས་གནས་སྤོར་བྱེད་བཞིན་པ་དེ་མི་རིགས་གནད་དོན་ཐག་གཅོད་ཀྱི་མཆོག་ཏུ་གྱུར་བའི་རིགས་ལམ་ཞིག་ཏུ་བརྩི་བཞིན་ཡོད་འདུག་ལ། ཐབས་ཇུས་འདི་གཏན་འབེབས་བྱེད་མཁན་དག་གིས། མི་རིགས་ས་ཁུལ་དུ་རྒྱ་རིགས་གྲངས་འབོར་མང་དུ་ཕྱིན་པ་དང་བསྟུན་ནས་མི་རིགས་ཀྱི་གནད་དོན་ཆུང་དུ་འགྲོ་བའི་ལྟ་ཚུལ་བཟུང་འདུག  ང་ཚོས་ཀྱང་སྣང་དོགས་མེད་པའི་སྒོ་ནས་ཀྲུང་གོའི་ཐབས་ཇུས་ལག་ལེན་བསྟར་པའི་ཕྱོགས་སུ་ལངས་ཏེ་བསམ་བློ་ཞིག་གཏོང་དགོས་བསམ། གལ་སྲིད། རྒྱ་རིགས་འབོར་ཆེན་གནས་སྤོར་བྱས་ཏེ་དངོས་སུ་ས་གནས་ཡུལ་མི་སྣུབ་པ་ཡིན་ན། དེ་ནི་བདེན་པར་སྙེགས་པའི་བསམ་བློ་ཞིག་མིན་པར་བདག་དབང་ཁོ་ནར་ཁག་ཐེག་བྱེད་བཞིན་པའི་བསམ་བློ་ཞིག་རེད། ཡིན་ནའང། རྒྱ་རིགས་གཞི་ཁྱོན་ཇི་འདྲ་ཞིག་གནས་སྤོར་བྱས་ཚེ་ད་གཟོད་ས་གནས་ཡུལ་མི་སྣུབ་ཐུབ་པ་དང་། ནང་སོག་སྣུབས་ཟིན་པའི་ཚད་དུ་སླེབས་ཐུབ་བམ།

༢༠༠༠ ལོར་ནང་སོག་ཏུ་སོག་པོའི་མི་འབོར་ཁྲི་ ༤༠༣ ལྷག་ཡོད་པ་དང་། རྒྱ་རིགས་མི་འབོར་་ཁྲི་ ༡༨༨༢ ལྷག་ཡོད། འདི་གཉིས་བསྡུར་ཚེ་ལྡབ་ ༤༌༦༧ གྱིས་རྗེས་མར་མང་བ་ཡོད། ང་ཚོས་ཚད་ལྡན་གྱི་སྒོ་ནས་རྩིས་བརྒྱབ་པ་ཡིན་ན། ནང་སོག་ཏུ་ཡོད་པའི་རྒྱ་རིགས་ཚོས་ཁྲི་ ༩༠༠ ལྷག་ཡོད་པའི་ས་གནས་ཡུ་གུར་མི་རིགས་སྣུབ་ཐབས་བྱས་ཏེ་མི་གྲངས་ཁྲི་ ༤༥༠༠ འགྱུར་ཐབས་བྱེད་བཞིན་ཡོད་པ་རེད། གལ་སྲིད། མི་གྲངས་ཁྲི་ ༡༡༥༠ ཡོད་པའི་ཁ་ཆེ་བ་དེ་དག་སྣུབ་པ་ཡིན་ན། མི་གྲངས་ཁྲི་ ༥༤༠༠ ལྷག་ཆགས་ཀྱི་ཡོད། དེ་ལྟ་ནའང་། ད་ལྟའི་དུས་འདིར་སོག་པོའི་ནང་རྒྱ་རིགས་མི་གྲངས་ཁྲི་ ༨༠༠ ལྷག་ཡོད་སྟབས། མི་གྲངས་ཁྲི་ ༤༦༠༠ ལྷག་གི་བར་ཁྱད་བྱུང་ཡོད་པ་རེད། 

ཞིན་ཅང་གི་ས་ཁྱོན་བལྟས་ཚོད་ཀྱི་རྒྱ་ཆེ་བ་ཞིག་ཡིན་ཡང་། མང་ཆེ་བ་དེ་བྱེ་ཐང་དང་གཡང་གཟར་ཡིན་སྟབས། མིའི་འཚོ་གནས་དང་འཚམ་པའི་སྡོད་གནས་སྔོ་ལྗང་གི་ཡུལ་གྲུ་ཁག་ཅིག་ལས་མེད། ཞིན་ཅང་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་འབོར་ལྟར་ན། ཉེ་ལམ་ཞིན་ཅང་གི་མི་འབོར་བརྒྱ་ཆའི་ ༩༥  ལྷག་ས་ཁྱོན་གྱི་བརྒྱ་ཆའི་ ༣༌༥ ཡོད་པའི་སྔོ་ལྗང་གི་ས་ཁུལ་ཏུ་གནས་ཡོད་པ་དང་།  སྔོ་ལྗང་གི་ས་ཁུལ་དེ་དག་ནི་མིའི་འདུས་སྡོད་ཆེས་མང་བ་དང་སྤྱི་ལེ་གྲུ་བཞི་མ་རེ་རེའི་སྟེང་མི་ ༢༠༧ ཡན་གནས་སྡོད་བྱས་ཡོད། དེ་རྒྱ་ནག་ནང་ཁུལ་གྱི་མི་མང་འདུས་སྡོད་ཆེས་ཆེ་བའི་ས་དང་ཉེ་རུ་ཕྱིན་ཡོད་པ་རེད། གནས་ཚུལ་འདི་དག་ལ་བལྟས་ཚེ་ཞིན་ཅང་དུ་ཡུལ་མི་གནས་སྤོར་གྱི་ས་ཁོད་མེད་སྟབས། རྒྱ་རིགས་གནས་སྤོར་གྱི་གྲངས་འབོར་མང་དུ་གཏོང་རྒྱུ་ནི་མི་སྲིད་པ་ཞིག་རེད།

དེ་བཞིན། གནས་སྟངས་འདིའི་ཐད་བོད་དང་ཞིན་ཅང་གཉིས་འདྲ་མཚུངས་ཆགས་ཡོད་ལ། གཅིག་མཚུངས་ཀྱིས་མི་རིགས་གཞན་ས་གནས་ཡུལ་མིའི་སྡོད་གནས་སུ་ཤོང་གི་ཡོད་པ་མ་རེད། འདི་ནི་ཀྲུང་གོས་རྒྱ་རིགས་གནས་སྤོར་ལ་གཞི་བཅོལ་ཏེ་བོད་དང་ནང་སོག་སོགས་ཀྱི་མི་རིགས་ཀྱི་གནད་དོན་ནག་ཉེས་བཟོ་བའི་ཕྱོགས་ཤིག་ཆགས་ཡོད། དངོས་ཡོད་ལ་མ་བལྟས་པར་གནས་སྤོར་བྱས་པའི་སྲིད་བྱུས་འདི་ལོང་བའི་བྱ་སྤྱོད་ཅིག་ཏུ་ངེས་ལ།  ཕྱོགས་གཅིག་ནས། འདིས་གནས་སྤོར་གྲངས་འབོར་ཉུང་ཡང་ས་གནས་ཡུལ་མི་སྣུབ་ཐུབ་པའི་མཇུག་འབྲས་འབྱུང་སྲིད་ལ། ཕྱོགས་གཞན་ཞིག་ནས། གནས་སྤོར་ཡུལ་མི་འབོར་ཆེན་གནས་སྤོར་གྱིས་མི་རིགས་བར་གྱི་དགྲ་འཛིན་གྱི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་སྟབས། ཕུགས་རྒྱང་རིང་བོའི་ཐོག་ནས་འདི་ནིི་ཁེ་ཕན་ཅི་ཡང་མེད་པའི་བྱེད་ཐབས་ཤིག་རེད་བསམ།

ངས་འདི་ལྟར་བརྗོད་དོན་ཅི་ཡིན་ཞེ་ན། བོད་དང་ཞིན་ཅང་གི་ཡུལ་གྲུའི་ནང་བསྔོག་འདོན་བྱ་ཆོག་པ་དང་བྱས་མེད་པའི་ས་ཁུལ་དང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་སྟབས། རྒྱ་རིགས་མང་པོ་གནས་སྤོར་བྱས་པ་དང་བསྟུན་ས་གནས་ཕུལ་བྱུང་མི་སྣས་སྐྱོན་བརྗོད་སླེབས་སྲིད་ལ། ས་གནས་ཡུལ་མི་དང་ཐད་ཀར་ཁེ་ཕན་དང་ཐོན་ཁུངས་ཐད་རྩོད་ལེན་མ་བྱས་པར་་གནས་ཚེ། མི་རིགས་བར་གྱི་འགལ་འདུ་དེ་ཡང་ཡུན་རིང་རྒྱུན་སྲིང་མི་ཐུབ་པ་ཞིག་རེད། དེ་ལྟར་ཡང། ད་ལྟའི་བོད་དང་ཞིན་ཅང་ནང་མི་རིགས་གྲངས་འབོར་གྱི་དཀའ་ངལ་འདི་ཡོད་པ་རེད། རྩྭ་ཐང་དང་སྔོ་ལྗང་གི་ཡུལ་གྲུ་མང་པོ་ཞིག་བྱེ་ཐང་དུ་འགྱུར་གྱིན་པ་དང། སྐྱེས་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་ཕོག་བཞིན་ཡོད་པའི་དུས་འདིར་རྒྱ་རིགས་མང་པོ་གནས་སྤོར་བྱས་ན། དེ་ནི་ས་གནས་ཡུལ་མིའི་ཐོན་ཁུངས་འཕྲོག་རྩོད་ཐད་འགལ་བ་འབྱུང་སྲིད་པ་དང་། འདི་དག་གིས་ཕན་ཚུན་ལ་རྩུབ་བརྡར་དང་རིག་གནས་ཀྱི་བར་ཁྱད་དང་། མི་རིགས་བར་གྱི་མཐོང་ཆུང་སོགས་གནད་དོན་མང་པོ་བྱུང་སྟེ། མི་རིགས་བར་གྱི་འགལ་འདུ་དེ་བསམ་ཡུལ་ལས་འདས་པའི་གནས་སུ་གྱར་སྲིད་པ་དང་གནས་སྡོད་མི་མང་མཉམ་རུབ་ཀྱིས་གནད་དོན་གང་མང་ཞིག་སློང་སྲིད་པ་སོགས་ཀྱི་མི་རིགས་གནས་སྤོར་གྱི་སྲིད་བྱུས་དེས་མཇུག་འབྲས་ཡ་ང་བ་ཞིག་སློང་སྲིད་པ་དེ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

སྐར་མ ༢༠ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧

མཆན། 3

  1. ནད་པ says:
    ལོ་ 17 སྔོན།

    རྒྱ་ནག་གཞུང་གིས་རྒྱ་རིགས་ཕོན་ཆེན་ཞིག་གནས་སྤོས་བྱས་ཏེ་གྲངས་ཉུང་མི་རིགས་རྣམས་བྱེ་མའི་དཀྱིལ་དུ་ཆུ་གསིངས་པ་ལྟར་མཇུག་བསྡུ་རྒྱུའི་ཕུགས་རྒྱང་རིང་པོའི་སྲིད་བྱུས་ཤིག་བཟུང་ཡོད་ཀྱང་དེ་འདྲའི་ལས་སླ་པོ་གཅིག་ག་ལ་ཡོད།

    ༢༠༠༢ལོར་ནང་སོག་ཏུ་སོགཔོའི་མིའབོར་ཁྲི་༤༠༣ལྷག་ཡོད་པ་དང་། རྒྱ་རིགས་མི་འབོར་ཁྲི་༡༨༨༢ལྷག་ཡོད། འདི་གཉིས་བསྡུར་ཚེ་ལྡབ་༤..༦༧གྱིས་རྗེས་མ་མང་བ་ཡོད་ཅེས་གསུངས་པ་ལྟར་རེད། ད་བར་སོག་པོའི་མི་རིགས་བསྣུབ་ཐུབ་མེད།
    ཡམང་སྐུ་ཉིད་ཀྱིས་གནས་སྡོད་ཡུལ་མི་མཉམ་རུབ་ཀྱིས་མི་རིགས་གནས་སྤོར་སྲིད་ཇུས་འདིས་མཇུག་འབྲས་ཡ་ང་བ་ཞིག་སློང་སྲིད་པ་རེད་ཅེས་སྣང་དོགས་དང་སྦྲགས་སྔོན་སཔག་ཅིག་གནང་དེ་བདེན་པ་རེད།
    འཛམ་གླིང་འདིར་བོད་མི་རིགས་ཟེར་བ་དེ་རྩ་རྫོགས་མ་ཕྱིན་གྱི་བར་དུ་བོད་ཀྱི་གནད་དོན་འདི་ཐག་གཅོད་ཐུབ་མེད།
    ང་ལྟ་བུ་བོད་རིགས་གཅིག་ལས་ཀྱང་ལྷག་མེད་ནའང་ངེས་པར་དུ་ཤི་སོན་ལ་འཛེམས་པར་བོད་ཀྱི་གནད་དོན་འདིར་རྩོད་ལེན་བྱེད་རྒྱུར་ནམ་ཡང་འགྱུར་བ་མེད་བདེན་པ་ཡིན།།

    Reply
  2. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    དྲངས་བདེན་མིན་པའི་སྲིད་ཇུས་རྒྱ་རིགས་གནས་སྤོས་བྱས་ནས་གྲངས་ཉུང་མི་རིགས་བསྣུབ་ཐུབ་པ་གཏན་ཁེལ་ནའང་མཐའ་མི་གྲུབ་འབྲས་བཟང་པོར་མི་འགྱུར་བ་རྒྱུའི་རྗེས་སུ་འགྲོ་རྒྱུ་རང་རེད།

    Reply
  3. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ཝང་ལེ་ཞུང་གིས་སྔོན་མ་སྐད་ཆ་འདི་འདྲ་ཞིག་བཤད་ཡོད།
    ད་སྐབས་རྒྱ་མི་རིགས་བོདཀྱི་ས་ཐོག་ཏུ་འདུག་ཐཱུབ་ཀྱི་མེད། དེ་ནི་ཁོང་ཚོ་ལས་ཀ་ནས་རྒན་ཡོལ་ལ་བཏངས་རྗེས་སོ་སོའི་རང་ཡུལ་དུ་ལོག་གིན་ཡོད། ལྷ་ས་དང་ཀན་སུ་སི་ཁྲོན་མཚོ་སྔོན་སོགས་སུ་གནས་ཚུལ་དེ་མང་བོ་བྱུང་གི་ཡོད།
    ཅེས་རྒྱ་ནག་ལ་གསང་བརྡའི་ཚུལ་དུ་སྐད་ཆ་འདི་འདྲ་ཞིག་བཤད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese