མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆོལ་གསུམ་ལོ་རྒྱུས་ཆེན་མོའི་བར་ཆད་ལ་བསམ་པ། འཇམ་དབྱངས་བསྟན་འཛིན་ཤཱསྟྲི།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

    
འཇམ་དབྱངས་བསྟན་འཛིན་ཤཱསྟྲི།

ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༢༤ ཉིན་ངོ་ཤེས་གྲོགས་པོ་ཞིག་གིས་ངོས་ལ་གདོང་ཐོག་རིན་པོ་ཆེས་བརྩམས་གནང་མཛད་པའི་ལོ་རྒྱུས་དེབ་ཐེར་གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན་ཞེས་པ་ལག་རྟགས་ཀྱི་ཚུལ་དུ་གནང་བ་དེ་ཉིད་དགའ་ཚོར་ཆེན་པོས་བལྟ་ཀློག་བྱས་ཤིང༌། དེབ་ཐེར་འདི་ལྟ་བུ་བོད་ཡིག་ནང་ལྗགས་རྩོམ་གནང་ཤིང་ང་ལྟ་བུ་བོད་སྐད་མ་གཏོགས་དབྱིན་སྐད་ལ་སྦྱངས་པ་མེད་མཁན་ཚོར་ཀློག་རྒྱུའི་དེབ་ཐེར་སྣོན་མ་ཞིག་ཐོན་སོང་བསམས་ཏེ་དགའ་ཚོར་ངང་ཀྱིས་སྐྱེས། མ་ཟད། བོད་ཀྱི་དུས་ཚོད་ཉག་ཕྲ་བ་འདི་ལྟ་བུའི་ནང་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནང་ཞལ་འདེབས་བླ་ན་མ་མཆིས་པ་ཞིག་རེད་བསམས་ནས་དགའ་ཚོར་ཆེན་པོ་བྱུང༌།  ངས་གོ་སྐབས་འདི་བརྒྱུད་མཁས་དབང་གདོང་ཐོག་རིན་པོ་ཆེར་གུས་ཕྱག་དང་བཅས་ཏེ་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན། གདོང་ཐོག་རིན་པོ་ཆེའི་སྐུ་དྲིན་བསམ་བཞིན་བོད་ཀྱི་མཁས་དབང་ཟླ་བ་ནོར་བུ་ལགས་ལྟ་བུ་ཕྱི་མའི་ལྔ་ལམ་དུ་གྱུར་བར་ཕངས་སེམས་ཀྱིས་སེམས་པ་གཏིང་ནས་སྐྱོ་ཞིང་མིག་ནས་མཆི་མའང་བཞུར་སོང༌། དེ་ལྟར་མནོ་བསམ་བཏང་བཞིན་རྒན་དམ་ཆོས་དཔལ་བཟང་ལགས་ཀྱིས་བརྩམ་བསྒྲིགས་གནང་བཞིན་པའི་ཆོལ་གསུམ་ལོ་རྒྱུས་ལ་འཕྲད་པའི་བར་ཆད་དེའང་ཡིད་ལ་ལྷང་ངེར་དྲན་ཏེ་དེ་ལ་བསམ་གཞིགས་ཞིག་མ་བྱེད་ཀ་མེད་ཆགས་སོང༌།  དེ་སྔ་བོད་ནང་བཞུགས་མཁན་མཁས་དབང་རྒན་གྲས་དུང་དཀར་རིན་པོ་ཆེ་སོགས་དང། གཞོན་གྲས་དོན་གྲུབ་རྒྱལ་སོགས་ཀྱིས་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང༌། རིག་གནས་ཀྱི་ཕྱག་དེབ་མང་པོ་ཞིག་བརྩམས་ཏེ་ང་ཚོའི་རིག་གཞུང་ལ་ཞལ་འདེབས་བླ་ན་མ་མཆིས་པ་ཞིག་བཞག་པ་ཀུན་གྱི་མཁྱེན་གསལ་ཡིན། བྱེས་ཀྱི་མཁས་དབང་ཞྭ་གབ་པ་དང་ཚེ་རིང་ཤཱཀྱ་ལགས༌། ཟླ་བ་ནོར་བུ་ལགས་སོགས་ཀྱིས་ལོ་རྒྱུས་ཀྱི་དེབ་ཐེར་བརྩམས་ཏེ་བོད་ཀྱི་སྔ་རབས་དང་དེང་དུས་ཀྱི་ལོ་རྒྱུས་ངོ་མ་ཤེས་པར་བོད་མི་ཙམ་མ་ཟད་ཕྱི་རྒྱལ་བ་ཚོར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད། དུས་ཕྱིས་བཙན་བྱོལ་ནང་རྒན་དམ་ཆོས་དཔལ་བཟང་གིས་མགོ་ལོག་གི་ལོ་རྒྱུས་དང༌། ཧོར་གཙང་འཇིགས་མེད་ལགས་ཀྱིས་མདོ་སྨད་ལོ་རྒྱུས་བཅས་བརྩམས་ཏེ་ང་ཚོའི་རིག་གཞུང་ལ་ཞབས་འདེགས་ཞུས་པ་དེ་དག་བོད་མི་ཞིག་གི་ངོས་ནས་སོ་སོའི་མི་རིགས་ཀྱི་རིགས་ཞེན་བཅངས་ཏེ་ཞབས་འདེགས་ཞུས་པ་དེ་དག་ལ་ང་ཚོས་དགའ་བ་སྒོམ་དགོས་ཤིང༌། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་སོ་སྐྱེས་སུ་ཡང་མེད་པས་སྐྱོན་ལ་ཡོ་བསྲང་དང་ལེགས་སྤེལ་ཉེས་འགོག་གི་ལེགས་ཆ་འབུལ་ན་ཁོང་རྣམ་པས་དང་ལེན་ཞུ་ངེས་ལ། དེ་མིན་ཁོང་རྣམ་པར་ཕྲག་དོག་དང་སེམས་ངན་བཅངས་ཏེ་ཁོང་ཚོར་དོན་མེད་དམའ་འབེབས་དང་ཁྱད་གསོད་གནང་ན་དེ་ནི་རྗེས་ལུས་ཀྱི་རྣམ་པ་ཡིན། དེ་ནི་ང་ཚོའི་སྤྱི་ཚོགས་ནང་སྔ་ནས་ད་བར་འཇགས་པའི་སྐྱོན་ཆ་ཞིག་རེད་འདུག་པས་དེ་རིགས་ངེས་པར་དོར་དགོས་འདུག

རྒྱ་གཞུང་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་ཀྱིས་བོད་དེ་སྔ་ནས་རྒྱ་ཁོངས་ཡིན་ལུགས་དང༌། མ་བདེན་རྗུན་བསྒྲིགས་དང་ཁུངས་ལུང་མེད་ཀྱང་སྲིད་དོན་གྱི་ཐོག་ནས་བོད་དེ་རྒྱ་ཁོངས་སུ་བཅུག་གང་ཐུབ་ཀྱིས་ཀུན་སློང་ངན་པ་བཅངས་ཏེ་དངུལ་གྱི་འགྲོ་སོང་ལ་ཕངས་མེད་བཏང་སྟེ་སྐད་ཡིག་འདྲ་མིན་ནང་དཔེ་དེབ་གང་མང་བཏོན་བཞིན་པའི་སྐབས་འདིར། བཙན་བྱོལ་དུ་ང་ཚོར་ད་ལྟའི་ཆར་དབུ་འཁྲིད་བླ་ན་མ་མཆིས་པ་ཞིག་སྐུ་འཚོ་ཞིང་ལམ་སྟོན་གཞན་ལས་ལྷག་པར་ཡོད་ཅིང། ལྷག་པར་རྩམ་ཟན་ཡོངས་ཀྱི་ཕ་མེས་ནས་རྒྱུན་འཛིན་བྱས་ཏེ་ད་དུང་མི་རབས་རྗེས་མ་རྣམས་ལ་འཇོག་རྒྱུའི་ལོ་རྒྱུས་དང༌། རྒྱ་གཞུང་གི་ཁྱོག་བཤད་ལ་ཁ་གཏད་ཀྱྀ་དེབ་ཐེར་བརྩམ་རྒྱུ་དེ་མཚམས་འཇོག་གནང་ན་བློ་དམན་ང་ལྟ་བུས་བལྟས་ཀྱང་དེ་ནི་རྗེས་སུ་ཤིན་ཏུ་ནས་བློ་ཕམ་པའི་རང་བཞིན་དུ་འགྱུར་ངེས་ཡིན་བསམ། ཡིན་ནའང་དགའ་བ་བསྒོམ་མཁན་ནི་གངས་རིའི་རྒྱབ་ཀྱི་རྒྱ་དམར་གྱི་དཔོན་རིགས་ཚོ་ལོས་ཡིན།

ངས་ད་ཆ་ཆོལ་གསུམ་གྱི་ལོ་རྒྱུས་དེབ་ཐེར་དེ་མུ་མཐུད་དགོས་པའི་རྒྱུ་མཚན་བགྲང་རྒྱུ་གཙོ་བོ་བཞི་ཡོད་པས། གཅིག་ནི། ད་ལྟའི་ཆར་བཙན་བྱོལ་དུ་གྱར་ཁོངས་ནས་སྐབས་དེའི་ལོ་རྒྱུས་དང་བྱུང་རབས་དངོས་ཤེས་མཁན་གྱི་མི་སྣ་རྒན་གྲས་ཁ་ཤས་ལས་ལྷག་མེད་ཅིང༌། དེ་དག་རྫོགས་ན་ལོ་རྒྱུས་ཁུངས་ལྡན་ཞིག་བྲིས་པར་རྗེས་སུ་དཀའ་ངལ་འཕྲད་ངེས། ད་ལྟ་ཁོང་རྣམ་པ་སྐུ་འཚོ་བཞེས་སྐབས་ཁོང་ཚོར་བཅར་བཏུགས་ཀྱིས་ལོ་རྒྱུས་ཁུངས་ལུང་ཡོད་པ་ཞིག་བྲིས་ཐུབ་ན་དགེ་མཚན་ཆེ།

གཉིས་པ། ད་བར་བོད་ཕྱི་ནང་གཉིས་སུ་བོད་ཆོལ་ཁ་གསུམ་གྱི་ལོ་རྒྱུས་རྒྱས་པོ་ཞིག་ཐོན་མེད་པས་ད་ཆ་ངེས་པར་ཏུ་བཏོན་རན།

གསུམ་པ། ལོ་རྒྱུས་ལ་ཉིན་མཚན་ལྟོས་མེད་ཀྱིས་ཉམས་ཞིབ་པ་དང༌། འཚོལ་ཞིབ་བྱེད་མཁན་གྱི་དཔུང་སྡེ་ཞིག་ཡོད་ན། ང་ཚོར་མུ་མཐུད་དེ་ལོ་རྒྱུས་ལ་དོ་སྣང་བྱེད་མཁན་གྱི་མི་སྣ་གསོ་སྐྱོངས་བྱེད་པར་ཕན་ཐོག་ངེས་པར་ཡོད།

བཞི་པ། བོད་ཀྱི་མི་རབས་ཕྱི་མ་ཚོས་སོ་སོའི་ཡུལ་ལུང་གི་ལོ་རྒྱུས་ཁུངས་ལྡན་ཞིག་ཤེས་པར་འདོད་ན་དཔེ་དེབ་གྱི་མཐུན་རྐྱེན་སྣོན་མ་ཞིག་ཏུ་འགྱུར་ངེས། གོང་ཞུས་ཀྱིས་རྒྱུ་མཚན་དེ་དག་ནི་དངོས་འབྲེལ་གྱི་གནས་ཚུལ་ཡིན་པས་མང་ཚོགས་ཀྱིས་ཀྱང་དོ་སྣང་དགོས།

མཐའ་དོན། རྒན་དམ་ཆོས་ལགས། ཁྱེད་ཀྱིས་དངུལ་གྱི་འགྲོ་འགྲོན་ཆུང་བར་བསམ་སྟེ་ལོ་རྒྱུས་འཚོལ་སྡུད་ཆེད་ཕྱོགས་བསྐྱོད་སྐབས་སྡོད་ཁང་གོང་ཆེན་དང་ཁ་ཟས་གྲ་རྒྱས་རིགས་སྤངས་ཏེ། མེ་འཁོར་བབ་ཚུགས་སུ་ཉལ་བ་དང༌། ཁ་ཟས་སྐྱོ་བོར་བརྟེན་པ་དེ་ནི། ནང་པའི་དགེ་སློང་གི་འདོད་ཆུང་ཆོག་ཤེས་བསྟེན་སྟངས་ཀྱི་ཁྱད་ཆོས་ཁྱད་དུ་འཕགས་པ་ཞིག་ལགས་ན། ངོས་ནས་རྗེས་སུ་ཡི་རངས་དང་ཁྱེད་ལ་འཕྲད་པའི་བར་ཆད་དེ་དག་མྱུར་དུ་ཞི་བའི་སྨོན་ལམ་ཞུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

མཆན། 11

  1. ཨ་ལ་ལ says:
    ལོ་ 14 སྔོན།

    གྲོགས་འཇིགས་མེད་ལགས་ཀྱིས་འཇིགས་ཞུམ་མེད་པའི་སྐད་ཆ་རིན་ཐང་ཡོད་པ་ཞིག་བཤད་ཀི་བཤད་ཀི་འཇིགས་སྐྲག་སྐྱེས་ཏེ་དགོངས་དག་ཀྱང་ངང་ངམ་ཤུགས་ཀྱིས་ཞུས་འདུགའོན་ཀྱང་དེ་ལ་དགོངས་དག་ཅིའི་ཕྱིར་ཞུ་དགོས་ཕྱིན་ཆད་བྱབ་ཆུང་འདྲ་ཆགས་དེ་འདྲ་མ་བྱེད།གང་ཞེ་ན་ཁྱེད་ཀྱིས་བཤད་པ་དེ་ཚོ་བདེན་གཏམ་ཁོ་ན་དང་སྤྱི་ཚོགས་ལ་ཁེ་ཕན་ཡོད་པའི་སྐད་ཆ་རེད།དེ་ལ་ལྕེ་བསྣར་བསྣར་དང་མགོ་འཕྲུག་འཕྲུག་བྱེད་དགོས་དོན་མེད།

    Reply
  2. འཇིགས་མེད། says:
    ལོ་ 14 སྔོན།

    ཆ་འདིའི་ནས་ཨ་ཁུ་དམ་ཆོས་དཔལ་བཟང་ལ་ཕོགས་ཐུག་འདྲ་བྱུང་ན་དགོངས་དག་ཞུ་ཡ་ཡིན།

    Reply
  3. འཇིགས་མེད། says:
    ལོ་ 14 སྔོན།

    ང་ཚོས་ག་རེ་བཤད་ན་ག་རེ་བྲིས་ན་བསམ་བློ་སྔོན་དུ་བཏང་། ཞིབ་འཇུག་ཡག་པོ་བྱེད་རྒྱུ་ག་ཆེན་པོ་རེད། ཆོལ་གསུམ་ལོ་རྒྱུས་དང་ཨ་ཁུ་དམ་ཆོས་དཔལ་བཟང་གཉིས་ཀྱི་སྐོར་དེ་སྔོན་ཁ་བརྡ་དྲ་གནས་དང་། བོད་ཀྱི་དུས་བབ་དྲ་གནས་གཉིས་ཀྱི་ཐོག་བགྲོ་གླེང་ཐང་ཆད་ཆད་བར་དུ་བྱས་ཡོད་པ་མ་ཟད། ཨ་ཁ་དམ་དཔལ་ཁོ་རང་དང་། སྐུ་སྒེར་དྲུང་ཆེ་ལགས་ཀྱིས་ཀྱང་དེའི་ཐད་གསལ་བཤད་གནང་ཡོད་པ་ཡིན་ན། ད་དུང་མགོ་ཚོས་ལ་མ་ཚོས་བྱས་ནས་ཅིག་བཤད་དོན་ཅི།
    ང་རང་སྒེར་གྱི་ངོས་ནས་ཨ་ཁུ་དམ་དཔལ་ལ་དགྲ་གཉེན་གྲོགས་པོའི་འབྲེལ་བ་གང་ཡང་མེད་མོད། སྐད་ཆ་འདི་དྲང་མོ་བརྗོད་འདོད་ཡོད། དེ་སྔོན་ངས་ཨ་ཁུ་དམ་དཔལ་ཟེར་བ་སུ་ཡིན་ཤེས་ཀྱི་མེད། ཉེ་དུས་ཤིག་ནས་དྲ་ཚིགས་མང་པོའི་ཐོག་ཁོང་དང་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་པའི་སྐོར་མཐོང་དུས། ཐོག་མར་ངས་ཀྱང་ཨ་ཁ་ཁ་ཕངས་པ་ལ། དེ་འབྲི་མཚམས་བཞག་དོན་ག་རེ་ཡིན་ན་བསམ་མྱོང་། འོན་ཀྱང་གོང་དུ་སེམས་དཀར་ཟེར་བ་ཞིག་གིས་གསུང་པ་ལྟར། ག་ལེར་ཨ་ཁུ་དམ་ཆོས་དང་ཁོང་གིས་རྩོམ་སྒྲིག་བྱེད་བཞིན་པའི་ཆོལ་གསུམ་ལོ་རྒྱུས་ཀྱི་བྱུང་རིམ། དེའི་ཐོག་མའི་གན་རྒྱ། མི་ལོ་དགུའི་རིང་གི་གྲུབ་འབྲས། ཆོལ་གསུམ་ལོ་རྒྱུས་འབྲི་འགོ་འཛུགས་སྐབས་ལས་བྱེད་བསྡུ་སྟངས། ཆོལ་གསུམ་ལོ་རྒྱུས་ཀྱི་ས་བོན་འཚོལ་སྡུད་བྱས་སྟངས། བཙན་བྱོལ་སྤྱི་ཚོགས་ཐོག་དང་། ལྷག་པར་ཨ་ཁུ་དམ་དཔལ་གྱི་ཕ་ཡུལ་གཅིག་པ་རྣམས་དང་། མགོ་ལོག་ཕྱོགས་ནས་ཨ་ཁུ་དམ་དཔལ་ལ་ལྟ་སྟངས་ག་འདྲ་ཡོད་མེད། ཁོང་གིས་བརྩམས་པའི་མགོ་ལོག་ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱས་ཡོང་དུས། སྐུ་སྒེར་ཡིག་ཚང་གི་ཐག་གཅོད་འདི་ངོ་མ་རླབས་ཆེན་ཞིག་དང་ཡང་དག་པ་ཞིག་ཏུ་མཐོང་སོང་།
    ང་ཚོས་ཅི་ཡང་མི་ཤེས་པའི་བླུན་རྨོངས་ཚོར་མཁས་པ་དང་ལོ་རྒྱུས་སྨྲ་བའི་ཆོ་ལོ་སྤྲད་ན། དགྲ་ཕྱོགས་ནས་བཙན་བྱོལ་བོད་མི་ཚོར་མཁས་པ་ཟད་ནས་བླུན་པོ་དང་། དཔའ་བོ་ཟད་ནས་རྡར་མར་ཐུག་ཡོད་པར་ངོས་འཛིན་གྱིས་ཁྲེལ་རྒོད་བྱེད་ཀྱི་རེད། ད་དུང་བོད་ཀྱི་ལོ་རྒྱུས་ཀྱི་རས་དཀར་ཐོག་བསྐལ་བའི་བར་འདག་དཀའ་བའི་ནོར་འཁྲུལ་གྱི་ནག་དྲག་ཅིག་བགོས་པ་ཡིན་པས། འདི་དག་ཆུང་དུས་ནས་མེད་པ་བཟོ་རྒྱུ་གལ་ཆེན་པོ་དང་དེ་ལས་སླ་ཤོས་ཀྱང་རེད།
    རེད། ང་ཚོར་དྲང་བདེན་དང་ཁུངས་འཁྱོལ་གྱི་ཆོལ་གསུམ་མམ་བོད་ཀྱི་ཆགས་འཇིག་སྐོར་གྱི་ལོ་རྒྱུས་དེབ་གཏེར་ཅིག་ངེས་པར་དུ་དགོས། དགོས་པ་ཙམ་དུ་མ་ཟད་དེ་ཁྲལ་ལས་ཙམ་མ་ཡིན་པར་ཚད་ལྡན་ཅིག་དགོས། དེ་དགོས་ན་གོང་དུ་དྲ་གྲོགས་ནད་པ་སོགས་ཀྱིས་གསུང་པ་ལྟར། སྐུ་སྒེར་ཡིག་ཚང་ངམ་འབྲེལ་ཡོད་གཞུང་སྒེར་ཚོགས་སྡེ་གང་རུང་ནས་གྲ་སྒྲིག་འོག་ལོ་རྒྱུས་སྨྲ་བའི་ལྷན་འཚོགས་ཤིག་བཙུགས་ཏེ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མཁས་པ་དང་། ལོ་རྒྱུས་སྨྲ་བ་རྣམས་བསྐོང་འཚོགས་བྱས་ནས་ཆོལ་གསུམ་ལོ་རྒྱུས་ཤིག་འབྲི་ཐུབ་ན། དེས་བོད་ཀྱི་ད་ལྟ་དང་མ་འོངས་གཉིས་ཀར་ཕན་ཐོག་རླབས་ཆེན་ཡོད་པ་སྨོད་མེད་རེད། དེ་མིན་ཕྱོགས་གཅིག་གིས་ཧོབ་རྒྱུགས་དང་། ཕྱོགས་གཅིག་གིས་ཧམ་སེམས་བྱས་པ་ཡིན་ན། མིག་སྔའི་ཆོལ་གསུམ་ལོ་རྒྱུས་ཀྱི་དཀའ་ངལ་འདི་བྱུང་བ་རེད། ད་དུང་འདི་མ་གཏོགས་གཞན་ཡོང་རྒྱུ་ཡོད་མ་རེད།
    འོ་ན་ང་ཚོར་བཙན་བྱོལ་ཁྲོད་མཁས་པ་དང་ལོ་རྒྱུས་སྨྲ་བ་སུ་ཡོད་ཟེར་ན། དཔེར་མཚོན་ཙམ་འགོད་ཆོག ཁམས་ཕྱོགས་ནས་སྐུ་ཞབས་བཀྲ་ཤིས་ཚེ་རིང་། ཨ་མདོའི་ཕྱོགས་ནས་ཧོར་གཙང་འཇིགས་མེད་སོགས་མང་པོ་ཡོད་པས། དེ་དག་ཚང་མ་མཉམ་འཛོམས་ཀྱིས་བོད་ཀྱི་ཆགས་འཇིག་གི་བྱུང་བ་གཞི་རྩར་བཞག་སྟེ། དྲང་མོ་དྲང་བཞག་གིས་ཚད་ལྡན་ལོ་རྒྱུས་ཤིག་བསྒྲིགས་ཐུབ་ན་དགེ་མཚན་ཆེན་པོ་ཡོད་ངེས།
    ད་གྲོགས་རྣམས་ཀྱིས་ངས་ཨ་ཁུ་དམ་ཆོས་དཔལ་བཟང་ལ་ཕྲག་དོག་དང་མཚན་སྨོད་བྱེད་ཀྱི་འདུག་ཅེས་དགོངས་མི་ཉན། ངས་ཨ་ཁུ་དམ་ཆོས་དཔལ་བཟང་ལ་ཕྲག་དོན་བྱེད་དོན་རྩ་བ་ནས་མེད་ལ། མཚན་སྨོད་བྱེད་དགོས་ཅི་ཡང་མེད། གཙོ་བོ་གོ་སྐབས་འདི་བརྒྱུད་ནས་དྲང་བདེན་དང་། སྤྱི་ཕན་གྱི་སྐད་ཆ་ཅིག་ཤོད་འདོད་ནས་བཤད་པ་ཡིན། གལ་ཏེ་སྐད་

    Reply
  4. སེམས་དཀར། says:
    ལོ་ 14 སྔོན།

    འཇམ་བསྟན་ལགས་ཀྱིས་བསམ་ཚུལ་བྲིས་པ་འགྲིག་འདུག
    འོན་ཀྱང་གོང་དུ་ཤེས་རབ་འབྱུང་གནས་ཀྱིས་གསུངས་པ་ལྟར།   དམ་དཔལ་ལ་ཆོལ་གསུམ་ལོ་རྒྱུས་འབྲི་བའི་ཤེས་འཇོན་མི་འདུག།   ཁོས་མི་གཤིས་དང་བྱ་སྤྱོད་ག་འདྲ་ཡིན་མིན་ཁ་བརྡ་དྲ་གནས་ཐོག་ཕེབས་དང་ཤེས་ནུས།   འདི་དམ་དཔལ་ལ་མི་དགའ་བའི་སྐད་ཆ་ཞིག་མ་རེད།   མི་དེ་དག་གིས་བོད་མི་རིགས་དང་དེའི་བྱུང་རབས་ལ་ཤ་ཚ་ནས་དེ་འདྲ་གསུང་གི་ཡོད་ས་རེད།   ཁོས་མེས་དབོན་རྣམ་ཙམ་ཡང་མི་ཤེས་ན་ཆོལ་གསུམ་ལོ་རྒྱུས་ྒ་འདྲ་བྱས་ནས་འབྲི་ཤེས།   ངས་དམ་དཔལ་གྱིས་ཆོ་གསུམ་ལོ་རྒྱུས་འབྲི་ཤེས་ཀྱི་མི་འདུག་ཟེར་གྱི་ཡོད་པ་ལས།   ཁོའི་ལག་འོག་གི་མཁན་པོ་བསྟན་སྐྱོང་སོགས་ཟེར་གྱི་མེད།   ཁོང་ཚོར་ཡོན་ཏན་ཡག་པོ་ཡོད་པ་འདྲ།  
    དྲ་གྲོགས་དགུ་ཚིགས་སྐྱ་མོ་ལགས་ཀྱིས།   དེ་ཡང་ཕར་ཆེར་མཇུག་དྲིལ་ལ་ཉེ་བའི་སྐབས་འདིར་སྐུ་སྒེར་ཡིག་ཚང་ནས་འཚམས་འཇོག་དགོས་པའི་བཀའ་ཕབ་གསུངས་པ་ནི།    འདིའི་གནས་ཚུལ་ཡག་པོ་མ་མཁྱེན་པའི་གནས་ཚུལ་རེད།   དམ་དཔལ་གྱིས་མི་ལོ་ཧྲིལ་བོ་དགུའི་རིང་དེབ་ཕྱེད་གཉིས་ཀྱི་ཚད་ཙམ་ལས་གྲུབ་མེད་པ།   ཁོ་རང་གིས་དུས་བབ་གསར་ཁང་གི་གསར་འགོད་པར་ལན་བཏབ་ཡོད་པ་དེར་གཟིགས་དང་ཤེས་ནུས།    ལན་དེ་དུབ་བབ་དྲ་གནས་ཀྱི་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་པ་ཞེས་པ་དེར་འདུག།
    གལ་ཏེ་དམ་དཔལ་གྱིས་ཆོལ་གསུམ་ལོ་རྒྱུས་མཇུག་གྲུབ་ལ་ཉེ་ན་འབྲི་མཚམས་བཞག་ཀྱང་སྐྱོན་ག་ལ་ཡོད།   གང་བྲིས་ཚར་བ་དེ་ཡོད་ཡོད་པ་རེད།   ངས་བསམ་ན།   སྐུ་སྒེར་ཡིག་ཚང་ནས་བཀའ་ཕེབས་དོན།    གཅིག་དམ་དཔལ་གྱི་གདོང་ལྤགས་ངོ་མ་མཁྱེན་པ་རེད།   གཉིས་ཁོའི་མི་གཤེས་དང་ཤེས་ཡོན་མཁྱེན་པ་རེད།    གསུམ་མགོ་ལོག་གམ་འགུ་ལོག་ལོ་རྒྱུས་ཀྱིས་བདེན་དོན་ངོ་སྤྲོད་བྱས་པ་རེད།    བཞི་མི་ལོ་ཧྲིལ་བོ་དགུའི་གྲུབ་འབྲས་ལ་ལས་སྡོམ་བཞག་པ་རེད།    ལྔ་ད་ཕྱིན་རྩོམ་པ་པོ་ཡིན་ཟེར་མཁན་རྣམས་ལ་དོགས་ཟོན་བྱེད་དགོས་པའི་སྔོན་བརྡ་བཏང་བ་རེད།
    དེ་མིན་སྐུ་སྒེར་ཡིག་ཚང་ནས་བསམ་བློ་མ་བཏང་བའི་སྐད་ཆ་དང་།    དམིགས་པ་མ་བཟུང་བའི་ཕཊ་སྒྲ་ནམ་ཡང་འཕེན་གྱི་མ་རེད།    འདིའི་སྐོར་གླེང་འདོད་ཡོད་མཁན་ཚོས་དང་པོ་གནས་ཚུལ་འདི་ཇི་བཞིན་མཁྱེན་པར་མཛོད་ལ་དེ་ནས་གླེང་མོལ་གནང་རོགས་ཞུ་བ་ཡིན།    ད་དུང་ང་ཚོས་དམ་དཔལ་ཁོ་རང་དྲ་ཐོག་ཏུ་གདན་ཞུས་བྱས་ནས་ཆོལ་གསུམ་ལོ་རྒྱུས་སྐོར་ལ་གླེང་མོལ་བྱས་ན་ཡག་པོ་འདུག    དྲ་གྲོགས་སུས་ཤེས་ན་ཁོ་ལ་གསུངས་རོགས།
    ངས་ཁོ་ངོ་ཡག་པོ་ཞིག་ཤེས་ཀྱི་མེད།    གངས་སྐྱིད་དང་མེག་གན་ནས་མང་པོ་མཐོང་མྱོང་།     ཁོ་གནའ་བོའི་སྐུ་དྲག་གི་བརྟུལ་ཞུགས་འཛིན་མཁན་ཞིག་ཡིན་པ་ཤེས་སོང་།       ཡང་བསྐྱར་མཇལ་ཡོང་།

    Reply
  5. དཀོན་མཆོག་དར་རྒྱས། says:
    ལོ་ 14 སྔོན།

    སྐུ་ཞབས་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་དོན་སྙིང་ལྡན་པའི་དཔྱད་རྩོམ་སྤེལ་གནང་
    བ་སྙིང་ནས་དགའ་བསུ་དང་ཐུགས་རྗེ་ཞུ།།

    Reply
  6. ནད་པ says:
    ལོ་ 14 སྔོན།

    ཆོལ་གསུམ་གྱི་ལོ་རྒྱུས་ཆེན་མོ་ཞིག་འབྲི་འདོད་ན་དང་ཐོག་ལོ་རྒྱུས་སྨྲ་བའི་མཁས་པའི་ལྷན་ཚོགས་ཞིག་བཙུགས་ཏེ་བོད་ཆོལ་ཁ་གསུམ་གྱི་ས་གནས་ས་ཐོག་རང་ཏུ་ཆེད་བསྐྱོད་ཀྱིས་ཞིབ་འཇུག་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཚད་ལྡན་ཞིག་བཟོ་ཐུབ་ན་དངོས་འབྲེལ་ཡག་པོ་ཡོད་རེད་པ།
    སྐུ་ཞབས་དམ་ཆོས་ལགས་ཀྱི་ལོ་རྒྱུས་འབྲི་རྒྱུར་སྐུ་ངལ་ཞིག་འཕྲད་ཡོད་ཀྱང་། ཧོར་གཙང་འཇིགས་མེད་ལགས་ཀྱིས་མདོ་སྨད་ལོ་རྒྱུས་ཆེན་མོ་པོད་དྲུག་ད་ཆ་ལེགས་གྲུབ་ཟིན་འདུག་པས་དངོས་གནས་དཀའ་ཚེགས་དང་དུ་བླངས་ཏེ་བོད་ཀྱི་ལོ་རྒྱུས་ཐད་ལ་བྱས་རྗེས་ཞིག་འཇོག་ཐུབ་པ་དེ་རླབས་ཆེན་རེད་དང་གཟིབརྗིད་ཅིག་རེད།

    ང་ཚོའི་བོད་མི་སུ་ཞིག་གིས་བོད་མི་རིགས་རྩ་དོན་དང་། ཆོས་སྲིད། རིགས་གནས་སོགས་གང་ལ་བྱས་རྗེས་འཇོག་ཐུབ་ན་དངོས་གནས་རྗེས་སུ་ཡིད་རངས་ཞུ་དགོས།།

    Reply
  7. ཟུར་མཁར་ says:
    ལོ་ 14 སྔོན།

    ཡང་འཚོས་ལ་མ་ཚོད་པའི་ཨ་མདོ་བ་རྣམས་རོ་ལངས་རྒྱག་མགོ་བརྩམས་སོང་། ལྗིད་ཁོག་དང་ནང་དོན་ཡོད་པའི་བསམ་ཚུལ་ནི་གཅིག་ཀྱང་མི་འདུག གང་ཟག་ཤེས་ན་གནས་ཚུལ་མ་ཤེས། གནས་ཚུལ་ཤེས་ན་བརྒྱུད་རིམ་མ་ཤེས། ཅུང་ཆ་ཚང་ཤེསམ་ནའང་མི་མ་ཡིན་ཞིག་གིས་བརྒྱུད་བརླམ་པའི་ལབ་བརྡོལ་རྐྱང་རེད་འདུག་གོ ད་རང་མདོག་མ་སྟོན་ཅིག་

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 14 སྔོན།

    སུ་ཞིག་གིས་དམ་ཆོས་དཔལ་བཟང་ལ་ཕྲག་དོག་དང་དམའ་འབེབས་བྱེད་འདོད་ཡོད་ན་དེ་རང་མོས་རེད། ཉ་ཉོག་མང་པོ་འབྲི་འདོད་ན་ལོས་འབྲི། སྤྱིར་ཆོལ་གསུམ་ལོ་རྒྱུས་འདི་འབྲི་མཁན་དམ་ཆོས་གཅིག་པུ་མ་རེད། དམ་ཆོས་ཀྱིས་བཀོད་བསྒྲིགས་འོག་མཁན་བསྟན་སྐྱོངས་སོགས་རྩོམ་པ་པོ་ཁ་ཤས་ཞིག་གིས་འབྲི་བཞིན་ཡོད་ལ། དེ་ཡང་ཕར་ཆེར་མཇུག་དྲིལ་ལ་ཉེ་བའི་སྐབས་འདིར་སྐུ་སྒེར་ཡིག་ཚང་ནས་འཚམས་འཇོག་དགོས་པའི་བཀའ་ཕབ་དོན་རྒྱུ་མཚན་ཅི་ཡིན་ངེས་པར་ངོ་སྤྲོད་གསལ་པོ་ཞིག་དགོས་ངེས། དེ་མིན་སྐུ་སྒེར་ཡིག་ཚང་གི་སྐུ་དྲག་ཡིན་ནའང་རྒྱུས་ལོན་བྱས་པའི་རྒྱུ་མཚན་མེད་ན་བློ་ལྡན་སུ་ཞིག་གི་ཁས་ལེན།

    Reply
  9. ཤེས་རབ་འབྱུང་གནས། says:
    ལོ་ 14 སྔོན།

    འཇམ་དབྱངས་བསྟན་འཛིན་ཤཱསྟྲི་ལགས་ཀྱིས་བསམ་ཚུལ་བརྗོད་པ་ཡག་པོ་རེད།
    དམ་དཔལ་གྱི་ཆོལ་གསུམ་ལོ་རྒྱུས་འབྲི་མཚམས་བཞག་པ་འདི་ནོར་མི་འདུག   སྤྱིར་བཏང་ང་ཚོར་ཆོལ་གསུམ་ལོ་རྒྱུས་ཟེར་བ་ཞིག་དགོས་གལ་འདུག་ན།   ལོ་རྒྱུས་སྨྲ་བའི་མཁས་པ་ཚང་འཛོམས་ཀྱིས་བྲིས་ན་ཡག་པོ་ཅིག་ཡོང་གི་རེད།   སྤུས་དག་ཅིག་ཡོང་གི་རེད།    དེ་མིན་དམ་དཔལ་གྱི་ལག་ཏུ་བཞག་ན་ཁོས་དེ་སྔོན་བྲིས་པའི་འགུ་ལོག་ལོ་རྒྱུས་ལྟ་བུ་ལས་ཡོང་རྒྱུ་ཅི་ཡང་མེད་པས་འདི་ལ་རྒྱབ་སྐྱོར་ཡོད།
    དམ་དཔལ་གྱིས་ལོ་རྒྱུས་ཚད་ལྡན་ཞིག་འབྲི་ཤེས་ན་དེ་མཚམས་འཇོག་བྱས་པར་བློ་ཕམ་ལོས་ཡོད་མོད།    ཁོའི་གནས་ཚུལ་ཆ་ཚང་སྒུ་སྒེར་ཡིག་ཚང་ནས་རྒྱུས་ལོན་གནང་རྗེས་གཞི་ནས་ལས་ཀ་འདི་མཚམས་འཇོག་གནང་བ་རེད་མ་གཏོགས་ཧོབ་རྒྱུགས་བྱས་པ་མ་རེད།   དེ་ལ་དགའ་བ་བསྒོམ་རྒྱུ་ལས་བློ་ཕམ་བྱེད་རྒྱུ་ཅི་ཡང་མེད།   ང་ཚོར་སོ་མེད་ན་སྲིན་མེད།   ཟེར་བའི་གཏམ་དཔེ་ཅིག་ཡོད་པ་མ་ཤེས་སམ།   སྤྱིར་ཆོལ་གསུམ་ལོ་རྒྱུས་འབྲི་རྒྱུར་ངས་དགག་པ་བྱེད་ཀྱི་མེད།   གསལ་བོར་ཞུས་ན་དམ་དཔལ་གྱིས་ཆོལ་གསུམ་ལོ་རྒྱུས་ལྟ་ཅི།   ཐ་ན་རང་ཉིད་ངོ་སྤྲོད་ཙམ་ཡང་ཤེས་ཀྱི་ཡོད་མེད་འགུ་ལོག་ལོ་རྒྱུས་ཀྱི་རྒྱབ་ཤོག་ཐོག་གི་རྩོམ་པ་པོ་ངོ་སྤྲོད་ལ་གཟིགས་དང་།   ཁྱོད་དགོད་ཤོར་ནས་ཉིན་གསུམ་བཞི་ཞིག་ལ་ཟ་འཐུང་མི་ཐུབ་པའི་ཚད་དུ་སླེབས་སྲིད།   འདི་ངོ་མ་ཡིན།    དེ་འདྲ་ཞིག་གིས་ཆོལ་གསུམ་ལོ་རྒྱུས་བྲིས་ན་བོད་ཀྱི་སྐྱིད་སྡུག་གསལ་སྟོན་དང་།    རྒྱ་དམར་ལ་ཁ་ཐུག་ཇི་ལྟར་གཅོགས་ཐུབ།    དེ་བས་བཏང་སྙོམས་སུ་བཞག་ན་ཡག་པོ་མ་རེད་དམ།

    Reply
  10. དགུ་ཚིགས་སྐྱ་མོ། says:
    ལོ་ 14 སྔོན།

    འཇམ་དབྱངས་བསྟན་འཛིན་ཤཱསྟྲི་བསམ་གཞིག་བྱས་པ་འདི་ལ་དངོས་གནས་རྒྱུ་མཚན་དང་གོ་རྒྱུ་ཡོད་པ་ཞིག་རེད། སྤྱིར་བརྩོམ་པ་པོ་དང་བརྩམས་གཞུང་ལ་མཐའ་གཅིག་ཏུ་ནོར་འཁྲུལ་མེད་པ་དང་ཧ་ཅིང་དཀའ་མོད། ཡིན་ནའང་དམ་ཆོས་དཔལ་བཟང་གིས་བསྒྲིགས་འཛུགས་འོག་བརྩམས་བཞིན་པའི་ཆོལ་གསུམ་ལོ་རྒྱུས་འདི་གློ་བུར་དུ་འཚམས་འཇོག་དགོས་ཚུལ་ཐོས་ཚེ་བདག་ལ་ཡང་བློ་ཕམ་བྱུང་སོང་། ཁོ་ཚོའི་དཀའ་བ་དང་ལེན་དང་ངལ་བ་ཁྱད་གསོད་འོག་འཚོལ་སྡུད་བྱས་པའི་ཡིག་ཆ་དེ་ཚོ་དེབ་ལ་འགོད་ཐུབ་ན་མ་འོངས་པ་ངེས་པར་དུ་དཔྱད་གཞི་ལེགས་པོ་ཆགས་ངེས་རེད། མ་ཟད་ཆོལ་གསུམ་ལོ་རྒྱུས་མཉམ་བསྒྲིགས་འདི་དེང་དུས་སུ་ངེས་དུ་པར་གལ་ཆེན་པོ་ཞིག་མ་རེད་དམ། སྔར་སྐུ་དྲག་ཚོའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འཚོལ་སྡུད་བྱས་པའི་ཡིག་ཆ་དེ་ཚོ་མེ་ལ་བསྲེགས་པ་ལྟ་བུ་ཞིག་མི་བྱེད་པའི་འབོད་བསྐུལ་ཞུ།

    Reply
  11. བཙན་པོ། says:
    ལོ་ 14 སྔོན།

    ཧོར་འཇིགས་ལ་དགའ། རེ་བ་ཆེན་པོ་ཞིག་བཟུང་བ་ཡིན། རེ་བཞག་ས་ནས་ལོང་རྡུབས་ཐ།
    སྐར་མ་ཉི་ཤུ་ལྷག་ལ་མདོ་སྨད་ལོ་རྒྱུས་བམ་ཀློག་བྱས་པ་ཡིན། གང་ནས་རྫོགས་ན་དེ་ན་མི་ལེགས་པ་དང་ནོར་བ་རྐྱང་རྐྱང་རེད། དེབ་༥དང་༦་ནི་དགོན་པ་དང་མཁས་པའི་ལོ་རྒྱུས་རེད།
    དེབ་དང་པོ་སྤྱི་བརྗོད་ལྟ་བུ་རེད། དེབ་༢་བ་དང་༣་པ་༤་ནི་མདོ་སྨད་ས་གནས་ཁག་གི་ལོ་རྒྱུས་རེད། རྫོང་ཁག་༥༣་གྱི་ལོ་རྒྱུས་ཡོད་ཟེར།དེ་དག་གི་ནང་ལ་མ་ཚུད་པའི་རྫོང་ཁག་ཡང་ཡོད་ཟེར། དེབ་༣་པ་ནི་དེབ་ཆེ་ཤས་དེ་རེད། དེ་ནི་རྫོང་ཁག་༤་ལོ་རྒྱུས་རེད། དེ་དག་ནི་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང། བསང་ཆུ་རྫོང་།སོག་པོ་རྫོང་ངམ་ཧྭི་ནན་རྫོང་ཅེས་རེད། རྫོང་ཁག་༥༠ཙམ་གྱི་ལོ་རྒྱུས་དེབ་༢་པ་དང་༤་པའི་ནང་བྲིས་ཡོད་ས་རེད། དེ་འདྲའི་མང་ཉུང་ཆེན་པོ་ཞིག་ཅི་ཕྱིར་ཤོར་བ་རེད། ཞོགས་ཞེན་བྱས་འདུག དེ་ནས་་ཡང་ལོ་རྒྱུས་དེའི་ངོ་མདངས་ཤོར་མི་འདུག་གམ། དགུ་རོང་རྒྱལ་སྲས་དགུ་རོང་ཚང་གི་ཡང་སྤྲུལ་རེད་ཟེར། མང་ར་རྫོང་ཁོངས་སུ་དགོན་་པ་དང་ཆོས་ཁང་བཅུ་ལྷག་ཡོད་པ་ཚང་མའི་་བཏབས་ལོ་དང་འདེབས་མཁན་།འདེབས་ས་སོགས་ཆ་ཚང་ནོར་འདུག རྫོང་ཁོངས་དེ་ན་ལོ་བ་ཞང་ཟེར་བའི་ཞང་་གཉིས་དང་མར་ཁུ་ཐང་ཟེར་བའི་ཞང་ཞིག་བྲིས་འདུག ཞང་འདི་མོ་དག་་དག་ཅིག་མང་ར་རྫོང་ན་ཕར་ཞོགས་མཚོ་སྔོན་ཞིང་ཆེན་ན་འང་མེད་པ་ངས་ཁག་ཐེག་བྱེད་ཐུབ། དེ་ནས་སྤོ་ལང་ནས་ཀློག་མེད། ཁོས་ལོ་དགུའི་རིང་ལ་ལོ་རྒྱུས་ནོར་བ་དག་དག་ཆེད་དུ་བྲིས་ནི་ཡིན་ས་རེད། ཆོལ་གསུམ་ལོ་རྒྱུས་ཡང་འདི་འདྲ་ཡིན་ན་བྲིས་ནས་དགོས་པ་མི་འདུག་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist