མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་སྤི་ཏིའི་ཆིབས་སྒྱུར་ལེགས་གྲུབ་བྱུང་བ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༩ ཉིན་༧གོང་ས་མཆོག་བཞུགས་སྒར་ནས་སྤི་ཏི་དཀར་མཛེས་ཡུལ་དུ་ཆིབས་བསྒྱུར་གནང་སྟེ། ས་གནས་ཧི་མ་ལ་ཡའི་མི་དམངས་རྣམས་ལ་གསུང་ཆོས་དང་བཀའ་སློབ་གནང་ཡོད་པ་རེད།

ཟླ་འདིའི་ཚེས་ ༩ ཉིན་༧གོང་ས་མཆོག་བཞུགས་སྒར་ནས་སྤི་ཏི་དཀར་མཛེས་ཡུལ་དུ་ཆིབས་བསྒྱུར་གནང་སྟེ། དཀར་མཛེས་ས་སྐྱ་བསྟན་བརྒྱུད་དགོན་པའི་འདུ་ཁང་གསར་བཞེངས་སྒོ་འབྱེད་གནང་ཡོད་པ་དང༌། ངོར་ཁང་སར་ཞབས་དྲུང་རིན་པོ་ཆེ་མཆོག་གིས་མཎ་ཌལ་བརྟེན་གསུམ་འདེགས་འབུལ་གནང་རྗེས་དགོན་པའི་ལོ་རྒྱུས་དང་སྦྲེལ་ཏེ་ངོ་སྤྲོད་སྙིང་བསྡུས་གནང་ཡོད་པ་རེད། དེ་རྗེས་༧གོང་ས་མཆོག་གིས། གཙུག་ལག་ཁང་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་རྗེས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེན་སྤེལ་དགོས་པ་དང༌། དགོན་པའི་ནང་གྲྭ་པ་གཅིག་པུ་ཙམ་མ་ཡིན་པར་མི་མང་དང༌། ནང་ཆོས་ལ་དོ་སྣང་ཡོད་མཁན་གཞོན་སྐྱེས་དང་སློབ་ཕྲུག་རྣམས་ཀྱང་འཛོམས་ནས་ནང་ཆོས་ཀྱི་གོ་རྟོགས་ཡར་རྒྱས་གཏོང་བའི་ཆེད་བགྲོ་གླེང་བྱ་ས་ཞིག་ཆགས་ན་གཙུག་ལག་ཁང་བཞེངས་པའི་ཕན་ཐོགས་པ་རེད་ཅེས་དང༌། མི་མང་ནང་དུ་རྒད་པོ་རྒན་མོ་ཡིན་ནའང་བོད་ཡིག་སྦྱངས་ཏེ་ནང་ཆོས་ཤེས་ཐབས་བྱེད་དགོས་པ་ལས། ང་ཚོའི་ཕ་མེས་ཡང་མེས་ནས་ནང་ཆོས་བྱེད་ཀྱི་ཡོད་པ་རེད་ཅེས་ཟེར་ནས་སངས་རྒྱས་དཀོན་མཆོག་གང་ཡིན་པ་དང༌། དགེ་འདུན་དཀོན་མཆོག་གང་ཡིན་པ། ཆོས་དཀོན་མཆོག་གང་ཡིན་པ་མི་ཤེས་པར་བསྡད་ན་དེང་སང་དེ་ཡིས་འགྲིག་གི་ཡོད་པ་མ་རེད་ཅེས་སོགས་བཀའ་སློབ་གནང་ཡོད་པ་རེད།

ཚེས་ ༡༠ ཉིན་ཞེན་པ་བཞི་བྲལ་གྱི་གདམས་ངག་གི་ཐོག་ནས་གསུང་ཆོས་གནང་ཡོད་པ་དང༌། ཧི་མ་ལ་ཡ་ནང་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ས་སྐྱ་པཎ་ཊི་ཏས་འཕགས་བོད་ཀྱི་ཆོས་རིགས་ལ་སྨན་པའི་མཛད་འཕྲིན་ཞེས་པའི་བགྲོ་གླེང་དབུ་འབྱེད་ཀྱང་གནང་ཡོད་པ་རེད།

ཚེས་ ༡༡ ཉིན་གྱི་སྔ་དྲོ་ཞེན་པ་བཞི་བྲལ་གྱི་གདམས་ངག་གི་གསུང་ཆོས་གྲུབ་རྗེས་ཐུགས་རྗེ་ཆེན་པོའི་བཀའ་དབང་གི་སྟ་གོན་མཛད་ཡོད་པ་རེད།

ཚེས་ ༡༢ ཉིན་གྱི་སྔ་དྲོ་ཐུགས་རྗེ་ཆེན་པོའི་བཀའ་དབང་གྲུབ་རྗེས་མི་མང་ལ་བླང་དོར་གྱི་བཀའ་སློབ་དང༌། གུང་ཚིགས་གྲུབ་རྗེས་བྲག་མཁར་དགོན་དུ་ཆིབས་སྒྱུར་གནང་ཡོད་པ་རེད།

ཚེས་ ༡༣ ཉིན་གྱི་སྔ་དྲོ་བྲག་མཁར་དགོན་གསར་རྙིང་གཉིས་ཀར་གཟིགས་སྐོར་ལ་ཕེབས་རྗེས་སྒྲོལ་དཀར་ཚེ་དབང་བསྐུར་བ་དང༌། གུང་ཚིགས་གྲུབ་རྗེས་རྟ་ཕོ་དགོན་དུ་བཞུགས་ཞག་ཆིབས་སྒྱུར་གནང་ཡོད་པ་རེད།

ཚེས་ ༡༤ ཉིན་གྱི་སྔ་དྲོ་རྟ་ཕོ་དགོན་དུ་རྟེན་འབྲེལ་བསྟོད་པའི་སྒོ་ནས་གསུང་ཆོས་གནང་བ་དང༌། ཕྱི་དྲོ་གསེར་ཀོང་སློབ་གྲྭའི་ནང་དུ་གཟིགས་སྐོར་ལ་ཕེབས་ཡོད་པ་རེད། ཚེས་ ༡༥ ཉིན་བཞུགས་སྒར་དུ་ཆིབས་སྒྱུར་གནང་ཡོད།

སྤི་ཏི་ནས། ངག་དབང་བྱམས་པས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་བཙན་གནོན་ཐེབས་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

སྐར་མ ༢༥ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༢ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 7

  1. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    དྲ་གྲོགས་ཟ་ལེ་རྒྱལ། ཉིད་སྤི་ཏི་ཡུལ་དུ་ལོ་གཉིས་ལ་བསྡད་པ་བདེན་པ་ཡིན་ན་ཐང་མོད། ངས་བལྟས་ན་ཁྱོད་ཀྱི་སྤི་ཏི་ལ་རྒྱུས་ལོན་གསར་བ་བྱས་མི་འདུག་སྙམ། གང་ཡིན་ཟེར་ན། ༧ གོང་ས་མཆོག་སྤི་ཏི་དགོན་པ་ཕེབས་དུས་བདག་དེ་ཀར་རང་ཡོད་པ་མ་ཟད་༧སྐུ་མདུན་ཕེབས་སའི་དགོན་པ་དེ་ས་སྐྱ་དགོན་པ་ཞིག་ཡིན་ལ་དགོན་པ་དེའི་མིང་ལ་དཀར་མཛེས་དགོན་ཞེས་འབོད་ཀྱི་ཡོད་ལ་ཁོ་ཚོའི་དགོན་པའི་རྒྱ་སྒོའི་ཐོག་ཏུའང་བོད་ཡིག་གིས་དཀར་མཛེས་དགོན་ཞེས་བྲིས་འདུག ཡང་བདག་གི་དགོན་པ་དེའི་འབྲེལ་ཡོད་མི་སྣ་སྐོར་ཞིག་ལ་སྐད་ཆ་དྲིས་པའི་ས་ཆ་དེའི་མིང་ལ་དཀར་མཛེས་ཞེས་འབོད་ལ་ས་ཆ་དེའི་ཁ་ཉེ་ལ་དགོན་པ་དེ་ལས་མེད་པའི་དཀར་མཛེས་དགོན་ཞེས་བཏགས་པ་རེད་ཟེར། ཡང་བདག་གི་དེང་སང་ས་ཆ་དེ་ Kaza ཞེས་འབོད་དགོས་དོན་གང་ཡིན་ནམ་ཞེས་དྲིས་པའི་དེ་ནི་དཀར་མཛེས་ཞེས་པ་སྒྲ་འགྱུར་སོང་བ་རེད་ཟེར་ལ་གལ་སྲིད་བོད་ཡིག་ནང་དུ་བྲིས་ན་དཀར་མཛེས་ཞེས་འབྲི་སྲོལ་ཡོད་ཟེར། འདིར་ཡང་སྐྱར་གསལ་བོ་གླེང་དགོས་པ་ཞིག་ལ། དགོན་པ་དེའི་སྒོ་བྱང་དཀར་མཛེས་ལྷུན་འགྲུན་གླིང་ཡིན་ནམ་གསར་བོ་མི་དྲན་པས་གལ་སྲིད་ཉིད་ལ་མཁོ་ན་བདག་གི་ཟིན་བྲིས་སུ་གསལ་བས་འགྲེལ་བརྗོད་རྗེས་ནས་བྱེད།

    Reply
  2. ཟ་ལེ་རྒྱལ། says:
    ལོ་ 14 སྔོན།

    ཀ་ཟ་ལ་དཀར་མཛེས་འབོད་པ་དེ་ཡུལ་མིའི་ཁ་ནས་གོ་མ་མྱོངས། གཞན་གཡུ་དྲུག་དཀར་གྱིས་བཤད་པ་དེ་དག་བདེན་པ་རེད། སྤོབས་པ་ལ་དགེ་བ་ཞིག་ཐོབས་འདུག་པ་དེ་གང་ནས་ཡོང་མིན་ཤེས་ཀི་མི་འདུག

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 14 སྔོན།

    དེ་ཡིན་ཟ་ལེ་རྒྱལ་སྤི་ཏི་ལ་ལོ་གཉིས་བསྡད་པའི་ཁ་ཕོ་དེ་སྟོང་པ་རེད་འདུག་ག

    Reply
  4. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    སྤྱིར་ང་ཚོས་སྤི་ཏིར་འབོད་པའི་ས་འདིའི་མིང་ལ་ཡུལ་མི་ཚོས་སྤྱི་ཏི་ཞེས་བྲིས་འདུག་ལ་དཀར་མཛེས་སྟེང་དགོན་ལྷུན་གྲུབ་ཆོས་འཁོར་གླིང་དུ་ཡུལ་མིས་དཀར་མཛེས་རང་དུ་འབོད་ཀྱང་རྒྱ་གར་གྱིས་KAZAརུ་འབོད། སྤྱིར་ཡུལ་འདིར་རང་རེའི་བོད་ཁམས་ཕྱོགས་ཀྱི་ཡུལ་མིང་དང་མཚུངས་པ་ལི་ཐང་དང་དཀར་མཛེས། སུམ་མདོ་སོགས་མང་དུ་ཡོད་ལ། སྐུ་ཞབས་ཟ་ལེ་རྒྱལ་ལགས་ནས་ཡུལ་མིས་མིང་ཅི་ལྟར་འབོད་པ་སོགས་ལ་དོ་སྣང་མང་ཙམ་གནང་ན་མཁྱེན་ངེས། སྤྱིར་ཡུལ་འདི་དག་ནི་མངའ་བདག་འོད་སྲུང་ཆེན་པོའི་དབང་རིས་སུ་གཏོགས་ལ་ཡུལ་མིའི་གོམ་གཤིས་དང་གདོང་དབྱིབས། སྡོད་ཁང་སོགས་འཚོ་བའི་ཁྱད་ཆོས་ལ་བོད་ཀྱི་ཇ་དྲི་དང་རྩམ་དྲི་འཐུལ་བར་མ་ཟད། ད་དུང་ཁ་སྐད་ནང་དུ་ག་དུས་ཡོང་བ་ཡིན་ལྟ་བུ་ལ་ ”ནམ་ཡོང་ང་”དང་གསར་བ་ལ་”སོ་མ”་འགྱིགས་ཤོག་”ཆུ་ཤོག”སོགས་ཨམ་སྐད་གསོན་པོ་མང་པོ་ཡོད།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    འགྲོ་བའི་མགོན་པོ་འཕགས་མཆོག་སྤྱན་རས་གཟིགས།
    ཕྱོགས་བཅུར་འགྲོ་ཀུན་ཡོངས་ལ་བུ་བཞིན་གཟིགས།
    ད་དུང་ཀླ་ཀློའི་རྒྱལ་ཁབ་རང་སོར་གནས།
    རང་ཅག་གངས་ཅན་པ་རྣམས་ཅི་ཡིས་ལན།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    ཟ་ལེ་རྒྱལ་གྱིས་བསམ་ཚུལ་འདོན་པར་ཐུགས་རྗེ་ཆེ། ང་ཚོས་རྩད་གཅོད་བྱ་ངེས་ཡིན།

    Reply
  7. ཟ་ལེ་རྒྱལ། says:
    ལོ་ 14 སྔོན།

    ང་རང་སྤི་ཏིའི་ཡུལ་ནས་ལོ་གཉིས་ལ་བསྡད་ཀྱང་བྲག་དཀར་དགོན་ཞེས་བ་ཞིག་གོའང་མ་མྱོངས་བས་ཕལ་ཆེར་སྦྲང་དཀར་དགོན་ཡིན་རྒྱུ་རེད། དཀར་མཛེས་ཡུལ་ཞེས་བ་དེ་གང་ན་འདུག དེའི་དགོན་པ་ནམ་བཞེངས་བ་རེད། སྤི་ཏི་ཡུལ་གྱི་དགོན་པ་ཚང་མར་མཇལ་མྱོངས་བས་ལོ་བཅུའི་གོང་ལ་ཡུལ་དཀར་མཛེས་ཟེར་བ་ཞིག་ཀྱང་མེད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist