མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཟའ་འཛིན་རིང་ཤོས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༢ ཉིན་དུས་རབས་གཅིག་རིང་གི་གཟའ་འཛིན་གྱི་དུས་ཡུན་རིང་ཤོས་དེ་ཡོང་རྒྱུ་ཡིན་པ་དང་། ཉིན་གུང་སྨག་འཐིབ་རྒྱུ་རེད་ཟེར།

ཉིན་འདིར་ཉི་མ་གཟའ་ཡིས་བཟུང་སྟེ་དུས་ཡུན་སྐར་མ་ ༥ དང་སྐར་ཆ་ ༣༦ འགོར་རྒྱུ་ཡིན་པ་དང་། འདི་ནི་དུས་རབས་ཤིག་གི་རིང་གཟའ་འཛིན་གྱི་དུས་ཡུན་རིང་ཤོས་དེ་ཆགས་རྒྱུ་རེད།

ཚེས་ ༢༢ ཀྱི་ཉིན་གུང་རྒྱ་ནག་དང་རྒྱ་གར། ཞི་བདེ་རྒྱ་མཚོའི་མངའ་ཁུལ་སོགས་ཀྱི་ས་ཆ་ཁ་ཤས་སུ་སྨག་འཐིབ་རྒྱུ་ཡིན་པ་དང་། དེ་བས་སྐད་རྒྱག་མཁན་དང་། པར་རྒྱག་མཁན། རང་རང་གི་སྙིང་གྲོགས་དེར་འོ་སྐྱེལ་མཁན་སོགས་ཡོད་ན་དུས་ཚོད་འདང་ངེས་ཤིག་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 16

  1. ཁམས་པ་ལྐུགས་མཐའ། says:
    ལོ་ 17 སྔོན།

    ཆོ་མེད་པའི་རྩོད་པ།
    སྲོལ་རྒྱུན་རྩིས་རིག་ནང་ཉི་མ། ཟླ་བ། སྒྲ་གཅན་ཞེས་གསུམ་ཀ་གཟའ་ཡིན་པས་གང་བཤད་ན་ཆོག
    རྒྱུ་མཚན། འཛིན་པ་སྒྲ་གཅན་གྱིས་བཟུང་བ་ཉི་མ་འཛིན་པར་ ཉི་འཛིན་ ཟེར།
    འཛིན་པ་སྒྲ་གཅན་གྱིས་བཟུང་བ་ཟླ་བ་འཛིན་པར་ ཟླ་འཛིན་ ཟེར།
    དེ་གཉིས་པོར་ གཟའ་འཛིན་ ཟེར་ལ། གཟའ་སྒྲ་གཅན་གྱིས་ཉི་ཟླ་འཛིན་པར་ གཟས་འཛིན་ ཟེར་ཀྱང་ཆོག

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    དེ་རིང་གི་ཉི་འཛིན་གཟིགས་འདོད་ན་ཁོ་བོའི་ཟིན་ངན་ཕེབས་ཤོག་

    Reply
  3. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    དེ་རིང་གི་ཉི་འཛིན་གཟིགས་འདོད་ན་ཁོ་བོའི་ཟིན་བྲིས་ནང་ཕེབས་ཤོག

    Reply
  4. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    དེ་རིང་གི་ཉི་འཛིན་གཟིགས་འདོད་ན་ཁོ་བོའི་ཟིན་ངན་ཕེབས་ཤོག་

    Reply
  5. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    དེ་རིང་གི་ཉི་འཛིན་གཟིགས་འདོད་ན་ཁོ་བོའི་ཟིན་ངན་ཕེབས་ཤོག་

    Reply
  6. བེ་རི་བ། says:
    ལོ་ 17 སྔོན།

    སང་ཉིན་གྱི་ཉི་འཛིན་དེ་ཆུ་ཚོད་ག་ཚོད་ནས་འགོ་འཛུགས་ཀྱི་རེད།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    སང་ཉིན་གནམ་ལ་ཡང་ཡང་ལྟ་གི་ཡིན།

    Reply
  8. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    དྲ་གྲོགས་ར྄ྣམ་པར་དྲི་བ་ཞིག་ལ་ཉི་འཛིན་དང་ཟ྄ླ་འཛིན་ད་དུང་ནམ་ར྄ྒྱུན་ཚེས་བཅོ་ལ྄ྔ་དང་གནམ་གང་ལ་དགེ་བ་བས྄ྒྲུབ་ན་འགྱུར་ཆེ་ཞེས་ཡོངས་སུ་གྲགས་ཀྱང་དེ་ལ྄ྟར་ཡིན་པའི་ར྄ྒྱུ་མཚན་གང་ཡིན་ནམ།འདིའི་ས྄ྐོར་འབྲུག་ཡུལ་དུ་ད་ལ྄ྟ་བགྲོ་ག྄ླེང་གནང་བཞིན་ཡོད་ས྄ྐད་ཐོས།

    Reply
  9. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ད་ནངས་ཞོགས་པར་རྒྱ་ནག་སི་ཁྲོན་གྱི་བརྙན་འཕྲིན་ནང་བསྒྲགས་པ་ལྟར་ན་ཉི་འཛིན་དེ་རྒྱ་ནང་ལོ་ལྔ་བརྒྱའི་རིང་བྱུང་མ་མྱོང་བའི་ཉི་འཛིན་རིང་ཤོས་དེ་ཆགས་རྒྱུ་ཡིན་པ་དང་། རྒྱ་ནག་ནང་དུས་ཚོད་གཉིས་དང་ཕྱེད་ཀའི་རིང་ཆགས་རྒྱུ་ཡིན་སྐོར་བརྗོད་ཀྱིན་འདུག

    Reply
  10. བློ་ལྡན་ཤེས་རབ། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ།    ཁྱེད་ཚོས་ཅི་ཞིག་གསུང་གིན་ཡོད་དམ།   ཉི་འཛིན་ཟླ་འཛིན་གྱི་སྐོར་དུས་སྐོར་སྐར་རྩིས་ན་གསལ་བོར་ཡོད་པ་མ་ཟད།   འཛམ་གླིང་འདིར་ཚན་རིག་མ་དར་བའི་ཡར་སྔོན་མི་ལོ་སྟོང་ཕྲག་ལྷག་གི་གོང་ནས་ཉི་ཟླར་སྒྲ་གཅན་འཇུག་ཚུལ་ཆུ་ཚོད་སྐར་ཆ་ཙམ་ཡང་མི་བཟུར་བར་ཐག་གཅོད་ཐུབ་ཀྱི་ཡོད།   དེང་དུས་ཚན་རིག་གིས་དེའི་ཚུལ་ཤེས་ཀྱིན་ཡོད་པ་དེ་ཡང་དུས་འཁོར་སྐར་རྩིས་ལས་བསྟན་པ་དེ་ལས་ལྷག་པ་ཅི་ཡང་མེད།   
    དེའི་ཚུལ་ནི།   ཕྱི་རུ་སྒྲ་གཅན་མཇུག་རིང་ལོངས་སྤྱོད་ཉིད།།
    ནང་དུ་དཀར་དམར་ཁམས་ཀྱི་འདུ་འཕྲོད་ལས།།
    གཞན་དུ་རིམ་གཉིས་མན་ངག་དང་འཕྲད་ན།།
    རྣལ་འབྱོར་བ་ལ་མཆོག་གི་བདེ་བ་སྟེ།།   ཞེས་གསུངས་པ་ལྟར་རོ།།
    བོད་མི་རྣམས་ཀྱིས་ཟླ་འཛིན་ནམ་ཉི་འཛིན་སྐབས་རྔ་རོལ་སོགས་བརྡུང་ནས་འུར་ཟེང་བྱེད་པ་ནི།   ཟླ་ཉི་སྒྲ་གཅན་ལ་ཞུགས་དུས་རྣལ་འབྱོར་བའི་ལས་རླུང་དབུ་བའི་དབྱངས་སུ་ཞུགས་ཀྱིན་ཡོད་པས།    དེ་དུས་སྒོམ་སྒྲུབ་དང་དགེ་སྦྱོར་བྱས་ན་སྤྱིར་བཏང་ལས་ཕན་ཡོན་ཆེ་བ་ཡོད་པས།    སྔོན་ཆད་ཟླ་ཉི་སྒྲ་གཅན་ལ་ཞུགས་སྐབས་ཆོ་ག་ཆོས་སྤྱོད་སོགས་འདོན་སྲོལ་ཡོད་པ་དེའི་ལྷག་མ་ཙམ་ལས་གཞན་གང་ཡང་མ་རེད།   
    ད་དུང་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་སངས་རྒྱས་པའི་སྐབས་ཟླ་བ་སྒྲ་གཅན་ལ་ཞུགས་ཚུལ་ད་ལྟའི་ཆར་ཡང་དྷྲུ་བ་ཡར་ལྡོག་གི་ལམ་ནས་བརྩིས་ན་དེའི་རི་མོ་ཤིན་ཏུ་གསལ་བོར་མངོན་པ་དེས་ཀྱང་མཚོན་ནོ།།
    མདོར་ན་ཉི་འཛིན་དང་ཟླ་འཛིན་ཟེར་དགོས།    འོན་ཀྱང་སྐབས་རེར་ཉི་ཟླ་གཟའ་འཛིན་ཞེས་ཀྱང་གསུང་སྲོལ་ཡོད།   

    Reply
  11. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    སྔོན་མ་ང་ཚོར་དགེ་རྒན་གྱིས་འདི་འདྲ་ཞིག་བཤད་མྱོང་ཡོད།
    ཉི་འཛིན་དང་ཡང་ན་ཟླ་འཛིན་གྱི་སྐབས་དེར་གཟའ་གང་རུང་དེ་དང་ཉི་མ་འམ་ཟླ་བ་འཁོར་བསྐྱོད་ཀྱི་བར་ནས་མཁའ་རླུང་དྭངས་མ་ཞིག་རྒྱུ་བཞིན་ཡོད་པ་དང་།
    མཁའ་རླུང་དྭངས་མ་དེ་རྒྱུ་བ་དང་མཉམ་དུ་མིའི་རིགས་ཀྱི་རྩ་དབུ་མའི་ཁ་ཅུང་ཙམ་ཕྱེ་བཞིན་ཡོད་པས་རྩ་དབུ་མའི་ཁ་ཕྱེ་བའི་སྐབས་དེར་གང་བསམ་པ་དེར་རྒྱ་ཆེན་པོ་དང་གཏིང་ཟབ་མོ་ཡོང་བའི་ངག་རྒྱུན་ཞིག་བཤད་སྲོལ་འདུག

    Reply
  12. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    རེད་རེད་དེ་ནི་རྒྱ་ནག་གི་དགེ་རྒན་སློབ་དཔོན་ཆེན་མོ་བ་དང༌། ཚན་རིག་པ་གྲགས་ཅན་སློབ་དཔོན་ཡེག་ཊི་བའ་ཝོ་ཡིས་སངས་རྒྱས་ཆོས་ལུགས་ལ་གནང་བའི་ཞིབ་འཇུག་གི་གྲུབ་དོན། དེབ་ཆུང་ཞིག་བྲིས་ཡོད་པ་དེར་བོད་ཀྱི་ཡུལ་སྲོལ་དེ་དག་རྒྱུ་མཚན་ཅི་ཞིག་ནས་བྱུང་ཡོད་པ། དེའི་དགོས་པ་སོགས་ཚན་རིག་དང་མཐུན་པར་གསལ་པོར་བཀོད་ཡོད།,d

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    སྔོན་མ་ལྷག་བསམ་བརྩེགས་པ་ཞེས་པའི་དུས་དེབ་དེའི་ནང་རྩོམ་ཡིག་ཅིག་འདུག དེའི་ནང་བཤད་དོན། བོད་མི་ཚོས་ཉི་འཛིན་དང་ཟླ་འཛིན་གྱི་སྐབས་སུ་རྔ་བརྡུང་བ་དང་མ་ནི་འདོན་པ་སོགས་བྱེད་ལ། དེ་ནི་རྨོངས་དད་ཙམ་མིན་པར། འཇིག་རྟེན་འདི་ན་ཉི་མ་རེ་རེར་འཚོ་མཁན་དང་། ལྷག་པར་དུ་འོད་ལ་བརྟེན་ནས་འཚོ་མཁན་ཡང་ཡོད་སྟབས། གཟའ་འཛིན་གྱི་དུས་ཡུན་དེའི་རིང་སེམས་ཅན་འདིའི་རིགས་ཀྱི་སྲོག་ཤོར་གྱིན་ཡོད་སྟབས། དེ་དག་གི་ཆེད་དུ་མ་ནི་འདོན་གི་རེད་ཅེས་པ་ཞིག་བྲིས་འདུག

    Reply
  14. ནད་པ says:
    ལོ་ 17 སྔོན།

    གནའ་ནས་ད་བར་ང་ཚོས་ཉིན་འཛིན་དང་གཟའ་འཛིན་ཟེར་དུས་ནམ་མཁའི་ངོས་སུ་ཡོད་པའི་གཟའ་ཨོག་རལ་ཞེས་པ་གཅིག་གི་ལོ་རེར་ཉིན་ཟླགཉིས་བཟའ་བཞིན་ཡོད་ཚུལ་བརྗོད་དེ་སྐབས་དེར་རྔ་དང་། སླངས་ང་། དབྱུག་པ། ཁྱི་སོགས་ཚད་མེད་བརྡུངས་ཏེ་ད་དུང་གཟའ་ཡིས་དེ་མ་ཐག་ཏུ་གློད་དགོས་པའིམི་སྐད་ལུང་པ་གང་རྒྱག་གི་ཡོད།
    སྐབས་དེ་དུས་དེ་འདྲ་བྱེད་པ་དེར་དགོས་དོན་ཅི་ཡང་མེད་པ་ཞིག་གཏན་ནས་མིན་ན་ཡང་ད་གཟོད་ང་ཚོས་ཞིབ་ཏུ་བསམ་དུས་དངོས་གནས་ཡ་མཚན་པོ་དང་། ཇི་འདྲའི་དགོད་བྲོ་པོ་ཞིག་རེད་ཨང་།

    ནུབ་ཕྱོགས་པའི་ཚན་རྩལ་དར་བ་བརྟེན་ད་ཆ་ང་ཚོས་ཀྱང་དེ་ནི་དེ་འདྲ་ཞིག་གཏན་ནས་མིན་ཞིང་། ཉི་མའི་ཁྱིམ་རྒྱུད་དུ་ས་ཡི་གོ་ལས་བསྐོར་བསྐྱོད་བྱེད་པ་མ་ཟད་ཟླ་བས་ང་ཚོའི་གོ་ལར་ཡང་བསྐོར་བ་བྱེད་པའི་ཆ་ནས་ཉི་མའི་འོད་དེ།

    ཐད་ཀར་ཟླ་བར་ཕོག་དུས་ཟླ་བའི་གྲིབ་གཟུགས་དེ་ཐད་ཀར་ང་ཚོའི་ས་ཡི་གོ་ལར་ཕོག་པར་བརྟེན་ཉི་འཛིན་ཞེས་དེང་དུས་ཕྱི་རྒྱལ་ཚོས་དེ་ལ་ ” Solar eclipse ”དང་། ཡང་ཉི་མའི་འོད་དེ་སའི་གོ་ལར་ཕོག་དུས་གོ་ལའི་གྲིབ་གཟུགས་དེ་ཐད་ཀར་ཟླ་བར་ཕོག་པར་སོང་དེ་ལ་ ” Lunar eclipse ” ཟེར་བ་རེད།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཉི་འཛིན་དང་ཟླ་འཛིན་གྱི་སྤྱི་མིང་ལ་གཟའ་འཛིན་ཡིན་པ་འདྲ།

    Reply
  16. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ཉི་འཛིན་རེད་དམ་གཟའ་འཛིན་རེད།
    གཟས་ཉི་མ་འཛིན་རྒྱུ་རེད་དམ།
    ཡང་ན་ཉི་མས་གཟའ་འཛིན་རྒྱུ་རེད།
    ཉི་མས་གཟའ་བཟུང་ན་གཟའ་འཛིན་རེད།
    གཟས་ཉི་མ་བཟུང་ན་ཉི་འཛིན་མ་རེད་དམ།

    མ་གཞི་ངས་འདིའི་སྐོརགྱི་ཤེས་བྱ་རགས་ཙམ་ཨ་ཕའི་ངག་རྒྱུན་ལས་གོ་བ་མ་གཏོགས་ཚན་རིག་གི་ལམ་ནས་སྦྱངས་མྱོང་མེད།
    གཅིག་བྱས་ན་ངས་ནོར་ཡོད་ཀྱི་རེད།
    གལ་སྲིད་བཤད་སྟངས་ནོར་ཡོད་ན་དགོངས་དག་ཞུ་རྒྱུ་ལས་གཞན་ཅི་ཡང་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese