མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་ཕྱིའི་ཚོང་ལམ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་བསྒྲུབ་སྟངས་འདི་ནི། རྒྱལ་དམངས་དཔལ་འབྱོར་དེ་ཆབ་སྲིད་ཀྱི་དབང་བསྒྱུར་ལ་བརྟེན་ནས་སྒྲུབ་དགོས་པ་དང༌། གལ་སྲིད། དཔལ་འབྱོར་ཕྱོགས་ནས་རྒྱ་ནག་ལ་ཚོང་འབྲེལ་མ་བྱས་ཚེ་མ་འོངས་དཀའ་ངལ་ཡོང་བའི་སྔོན་བརྡ་ཞིག་ཀྱང་རེད་ཟེར།

ཉེ་ཆར་ཧོང་ཀོང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་བཟོ་གྲྭ་ཨང་གསུམ་པར་བགྲང་བཞིན་པའི་ཨོ་སི་ཊོ་ལི་ཡའི་རྣོ་ལྕགས་ལས་སྣོན་བཟོ་གྲྭ་ Rio Tinto  ཧྲང་ཧེ་ཡན་ལག་བཟོ་གྲྭའི་ལས་བྱེད་མི་སྣ་ ༤ ཟླ་འདིའི་ནང་རྒྱ་ནག་གིས་ཚོང་འབྲེལ་ཕྱོགས་ཀྱི་གསང་བ་ཕྱིར་སྒྲོག་བྱེད་མཁན་གྱི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་འདུག  རྒྱ་ནག་གཞུང་གིས་ནང་ཁུལ་གྱི་རྣོ་ལྕགས་ཁེ་ལས་ཆེན་པོ་བརྒྱ་ལྷག་གི་ཚོང་ཟོག་ནང་འདྲེན་གྱི་བདག་དབང་ལ་སྟངས་འཛིན་བྱས་ཡོད་ཀྱང༌། བཟོ་གྲྭ་འདིས་རྣོ་ལྕགས་རིགས་མང་པོ་ནང་འདྲེན་བྱས་ཏེ་བདག་དབང་མེད་པའི་བཟོ་གྲྭ་ཆུང་ཁག་ལ་རྣོ་ལྕགས་ཕྱིར་འཚོང་བྱས་ཡོད་པ་དང༌། གསང་བའི་སྒོ་ནས་གཏེར་ཁ་མང་པོ་ནང་འདྲེན་དང་རྒྱ་ནག་གི་ཚོང་ལམ་གྱི་གསང་བ་ཕྱིར་སྒྲོག་བྱས་པའི་དོགས་པ་ཡོད་ཚུལ་སོགས་རྒྱ་ནག་ནང་ཁུལ་གྱི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཡིན་ནའང༌། ཨོ་སི་ཊོ་ལི་ཡའི་རྒྱལ་ས་སེ་ཌིན་ནེ་ཞོགས་འཕྲིན་གྱི་པེ་ཅིན་ཡན་ལག་གསར་འགོད་པས་ཚེས་ ༡༣ ཉིན་ཧྲང་ཧེ་ཡན་ལག་བཟོ་གྲྭ་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ། དོན་རྐྱེན་དེ་ནི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཐད་ཀར་བཀའ་ཁྱབ་དང་ཐག་གཅོད་གཏན་འབེབས་བྱས་པའི་གནད་དོན་ཞིག་ཡིན་ཚུལ་བདེན་དཔང་བྱས་ཡོད་པ་མ་ཟད། ཧྲང་ཧེ་ཡན་ལག་བཟོ་གྲྭ་དེ་ཀྲུང་གུང་སྲིད་གཞུང་གི་ཆབ་སྲིད་ལས་ཁུངས་ ༦ ལྷག་གི་རྒྱུན་ལས་ཡི་ལྟ་རྟོག་འོག་གནས་ཡོད་ཀྱང༌། རྒྱ་གཞུང་གིས། བཟོ་གྲྭ་འདིས་མ་འོངས་པར་རིམ་བཞིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདག་དབང་ནུས་མེད་དུ་གཏོང་རྒྱུའི་དོགས་པ་ཡོད་ཚུལ་བརྗོད་དེ་རྣོ་ལྕགས་གཏེར་ཁ་བཟོ་ལས་ཐོན་སྐྱེད་ཀྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། རྒྱ་ནག་གསང་ཉུལ་རྒོལ་རྡུང་རུ་ཁག་གིས་མ་འོངས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་དོན་ལ་ལྟ་རྟོག་བྱ་རྒྱུ་ཡིན་པ་དང༌། སྤྱི་བདེ་ཉེན་རྟོག་མི་སྣས་དཔལ་འབྱོར་གྱི་གནད་དོན་ལ་བརྟེན་ནས་ཆབ་སྲིད་ཀྱི་གཡོ་འགུལ་སློང་བཞིན་པའི་སྐོར་ལ་ལྟ་རྟོག་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་དོ་དམ་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད། དོན་རྐྱེན་འདིའི་ཐད་ཨོ་སི་ཊོ་ལི་ཡའི་ཕྱི་འབྲེལ་བློན་ཆེན་ཧྲི་མེ་ཐི་ཡིས་སྐྱོན་བརྗོད་བྱས་དོན། ཐེངས་འདིའི་དོན་རྐྱེན་གྱིས་ཕྱི་ཕྱོགས་མ་དངུལ་མཁོ་གཏོང་བྱ་མཁན་རྣམས་ཀྱི་ཡིད་ཆེས་བརླགས་ཡོད་སྟབས། རྒྱ་གཞུང་ནས་རྒྱལ་སྤྱིའི་ཁྲོམ་རྭར་ཤུགས་རྐྱེན་གང་འདྲ་ཞིག་ཐེབས་ཡོད་མེད་ལའང་བསམ་བློ་གཏོང་དགོས། ད་ལྟའི་ཆར་དོན་རྐྱེན་དེའི་སྐོར་གྱི་བདེན་པའི་དཔང་རྟགས་གཅིག་ཀྱང་ཨོ་སི་ཊོ་ལི་ཡའི་ Rio Tinto བཟོ་གྲྭར་མཁོ་གཏོང་བྱས་མེད་ནའང༌། རྒྱལ་སྤྱིའི་ཁྲོམ་རྭར་ཤུགས་རྐྱེན་ཅི་ཡང་མེད་པའི་ཐོག་གནད་དོན་ཐག་གཅོད་བྱ་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད། དེ་བཞྀན། ཨོ་སི་ཊོ་ལི་ཡའི་མ་དངུལ་ཞིབ་བཤེར་སྡེ་ཚན་གྱི་འགན་འཛིན་བྷོ་ཨར་ཝན་གྱིས། རྒྱ་ནག་གིས་རྒྱུན་ལྡན་རང་བཞིན་གྱི་ཕྱིའི་ཚོང་ལམ་གནོད་སྐྱོན་དང་བཀག་འགོག་གང་མང་བཟོ་བཞིན་ཡོད་སྟབས། མ་འོངས་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ལ་གནོད་སྐྱོན་ཆེན་པོ་ཐེབས་པའི་བཀག་རྡོ་ཞིག་ཏུ་འགྱུར་སྲིད། ཅེས་ཉེན་བརྡ་བཏང་ཡོད་པ་དང༌། འདིའི་ཐད་ཡུ་རོབ་དང་ཨོ་སི་ཊི་ལི་ཡའི་གནད་ཡོད་མི་སྣ་མང་པོས་རྒྱ་ནག་གི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་ཡོད་ནའང། རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཆིན་ཀང་གིས། རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་བྱས་པའི་བྱེད་ཐབས་འདིས་རྒྱ་ནག་གི་དཔལ་འབྱོར་གྱི་ཁེ་ཕན་དང་བདེ་འཇགས་ལ་གནོད་སྐྱོན་ཆེན་པ་བཟོས་ཡོད་པ་འཛིན་བཟུང་བྱས་པའི་ལས་བཟོ་བ་དེ་དག་ལས་གསལ་བཤད་དང་བདེན་དཔང་བྱེད་ཐུབ་ཀྱིན་ཡོད། ཅེས་གསར་ལམ་དུ་གཏམ་བཤད་སྤེལ་ཡོད་སྟབས། ཉེ་བའི་ཆར་རྒྱ་ནག་དང་ཨོ་སི་ཊོ་ལི་ཡ་གཙོ་བྱས་པའི་རྒྱལ་ཁབ་གང་མང་ཞིག་གིས་ཚོང་འབྲེལ་གྱི་གནད་དོན་འདིའི་ཐད་རྩོད་རྙོག་གང་མང་ཞིག་བྱུང་གི་ཡོད་པ་རེད།

འདིའི་ཐད་གནས་ཚུལ་དབྱེ་ཞིབ་པས། རོས་ཨོ་ཁྲེན་ཁྲོ་ Rio Tinto བཟོ་གྲྭའི་དོན་རྐྱེན་འདི་བྱུང་དོན་གཙོ་བོ་ནི། རྒྱ་ནག་གི་ཆེས་ཆེ་བའི་ཧ་ཡང་བཟོ་གྲྭས་ཧྲང་ཧེ་རྣོ་ལྕགས་བཟོ་གྲྭ་གསར་འཛུགས་ཀྱི་མ་དངུལ་ཁྲོད་ཨ་སྒོར་དུང་ཕྱུར་ ༡༩༥ དང་ཧ་ཡང་བཟོ་གྲྭའི་མ་རྩའི་རྒྱ་ཆའི་ ༨༠ མ་རྐང་འཇོག་པའི་འཆར་གཞི་ལ་རོས་ཨོ་ཁྲེན་ཁྲོ་ Rio Tinto བཟོ་གྲྭས་ངོས་ལེན་མ་བྱས་པར་ཕྱི་ཕྱོགས་ཀྱི་མ་དངུལ་མཁོ་གཏོང་ལ་ངོས་ལེན་དང་བཟོ་གྲྭ་ཁག་ལ་མཉམ་འབྲེལ་བྱས་ཏེ་ཚོང་ལས་རྒྱ་བསྐྱེད་བྱས་སྟབས། རྒྱ་གཞུང་གིས་བཟོ་གྲྭ་ཁག་གི་ཆིངས་ཡིག་དང་རྒྱབ་འགལ་བྱས་ཚུལ་བརྗོད་ཡོད་པ་མ་ཟད། མ་འོངས་རྒྱ་ནག་གི་ཚོང་ལས་འགྲན་རྩོད་ཁྲོད་གོ་གནས་ངེས་ཅན་ཞིག་ཟིན་པའི་དངངས་སྐྲག་ལ་བརྟེན་ནས་ཉེས་མེད་ཉེས་འགལ་བྱས་པ་ཞིག་དང༌། རྒྱ་ནག་གིས་རྒྱལ་དམངས་དཔལ་འབྱོར་དེ་ཆབ་སྲིད་ཀྱི་དབང་བསྒྱུར་ལ་བརྟེན་ནས་སྒྲུབ་དགོས་པ་དང༌། གལ་སྲིད། དཔལ་འབྱོར་གྱི་ཚོང་འབྲེལ་རྒྱ་ནག་ལ་མ་བྱས་པ་ཡིན་ན་མ་འོངས་དཀའ་ངལ་ཡོང་བའི་སྔོན་བརྡ་ཞིག་ཀྱང་ཡིན་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese