མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་གྲུབ་དབང་ཆེན་གྱི་ཆེད་དུ་ཛ་དྲག་ལས་འགུལ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

དོན་གྲུབ་དབང་ཆེན་ལ་ཁྲིམས་བཤེར་བྱེད་པའི་དུས་ཚོད་ལ་ཉེ་སྐབས་འདིར། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་ཡོང་ཐབས་སུ་ཞུ་ཡིག་གི་ལས་འགུལ་ཞིག་སྤེལ་མགོ་བཙུགས་ཡོད་པ་རེད།

ཕྱི་ཚེས་ ༡༩ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་དོན་གྲུབ་དབང་ཆེན་ལ་དྲང་བདེན་གྱི་ཁྲིམས་བཤེར་ཡོང་ཐབས་སུ་ཞུ་ཡིག་གི་ལས་འགུལ་ཞིག་སྤེལ་ཡོད་མགོ་བཙུགས་ཤིང་། དྲང་བདེན་ལ་དགའ་བའི་འགྲོ་བ་མི་རྣམས་ཀྱིས་ཁོང་ལ་རྒྱབ་སྐྱོར་བྱ་ཆེད་དུ་ཞུ་ཡིག་གི་ལས་འགུལ་འདིའི་ནང་མཉམ་ཞུགས་བྱ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་། ཞུ་ཡིག་དེ་དག་རྒྱ་ནག་གི་འབྲེལ་ཡོད་མགོ་ཁྲིད་རྣམས་ལ་འཕྲོད་ཐབས་བྱ་རྒྱུ་ཡིན་ཟེར།

ད་ལྟའི་བར་དུ་དོན་གྲུབ་དབང་ཆེན་གྱིས་བཟོས་པའི་འཇིགས་བྲལ་གློག་བརྙན་དེ་རྒྱལ་ཁབ་ ༣༠ ལྷག་གི་ནང་དུ་བསྟན་ཡོད་པ་དང་། སྐད་ཡིག་མང་པོའི་ནང་དུ་བསྒྱུར་ཡོད་འདུག

 

ད་ལྟ་ཁོང་གི་འཕྲོད་བསྟེན་ནི་ཛ་དྲག་གི་གནས་སུ་གྱུར་ཡོད། རྒྱ་ནག་གི་བཙོན་ཁང་ཁག་གི་ནང་དུ་མནར་གཅོད་དང་བརྙས་བཅོས་བྱེད་པ་ནི་ཡོངས་གྲགས་ཀྱི་གནས་ཚུལ་ཡིན་ལ། ཁོང་ལ་སྨན་བཅོས་ཚད་ལྡན་བྱ་བཅུག་མེད་པ་རེད། དེ་བས་ཀྱང་། ཉེ་ཆར་པེ་ཅིན་ནས་ཁོང་གི་ཁྲིམས་རྩོད་པ་ཞིག་ཞུས་པ་དེ་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པར་ཕྱིར་པེ་ཅིན་དུ་མངགས་ཡོད་སྟབས། ང་ཚོའི་སེམས་ཁྲལ་དང་དངངས་སྐྲག་ཆེ་ཤོས་ནི་ཁོང་ལ་བསམ་ཡུལ་ལས་འདས་པའི་ཁྲིམས་ཐག་ལྗིད་མོ་གཅོད་རྒྱུའི་ཉེན་ཁ་འདུག་ཅེས་བརྗོད་ཡོད་པ་རེད།
བོད་དོན་ལས་འགུལ་བ་དབང་པོ་བཀྲས་མཐོང་ལགས་ཀྱིས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ། ཐེངས་འདིར་དོན་གྲུབ་དབང་ཆེན་ལ་རྒྱབ་སྐྱོར་གནང་ཆེད་དུ་ཅི་དགའ་གང་དྲག་གི་དགོངས་ཚུལ་མང་དུ་འདོན་རྒྱུ་དང་། ཁོང་ལ་དེང་སྐབས་ང་ཚོའི་རྒྱབ་སྐྱོར་ཧ་ཅང་དགོས་གལ་ཆགས་ཡོད་པ་རེད་ཅེས་འབོད་སྐུལ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར། དྲ་ལམ་གྱི་པར།
Mobile App

བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞིའི་འོས་བླུགས་པའི་ཐོབ་ཐང་གནང་།

ཆུ་ཚོད་ ༧ སྔོན་ལ།
བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

༢༠༢༦/༠༥/༠༡
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

༢༠༢༦/༠༥/༠༡
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༦/༠༥/༠༡
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

༢༠༢༦/༠༥/༠༡

མཆན། 5

  1. མཁར་རྔ་། says:
    ལོ་ 17 སྔོན།

    མང་པོ་མང་པོ་ཞིག་ཁ་སྟོང་ནང་གི་ཚིག་སྟོང་མ་རེད་དམ། ལབ་ལབ་མང་པོ་ཡོད་རེད། ལག་ལེན་ཉིན་མོའི་སྐར་མ་རེད། ཁྱེད་ཀྱི་སྙིང་སྟོབས་འགྲན་ཟླ་བྲལ། བོད་དང་བོད་རིགས་ལ་ཞེན་པ་དཀར་པོ་ཟེར་པ་དེ་འདི་རེད། དེ་པཞིན་མི་རིགས་ཀྱི་དཔའ་བོ་ཡོད་དོ་ཅོག ཅེ་རེ་རྒྱབ་ཏུ་ལངས་ཏེ་ཡོད།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཁ་སང་ཨ་རིར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ཁང་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་དོན་གྲུབ་དབང་ཆེན་གྱི་གནད་དོན་སྐོར་ལ་སེམས་ཁྲལ་ཡོད་པ་དང་ ཁྲིམས་བཤེར་དྲང་པོ་དགོས་སྐོར་ཞུ་སྐུལ་བྱས་འདུག
    ཡུ་རོབ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་དེ་མཚུངས་ཀྱི་ལས་འགུལ་སྤེལ་གྱིན་འདུག ཡུ་རོབ་རྒྱལ་ཁབ་ཁག་གིས་ཀྱང་འདིའི་ཐད་ཁ་གྲག་དགོས་ཀྱི་འདུག

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་ཀྱི་བདེན་དོན་ཆེད་དུ་ཞི་བའི་སྒོ་ནས་དཔའ་ངར་ཞུམ་མེད་ཀྱིས་རྒྱ་ནག་པོའི་སྲིད་གཞུང་ལ་ངོ་རྒོལ་བྱས་ན་འཛིན་བཞིན་ཡོད་པ་ནི་བཤད་མ་དགོས་པ་ཞིག་ཡིན་ཡང་། རྒྱལ་གཅེས་དབའ་བོ་དོན་འགྲུབ་དབང་ཆེན་མཆོག་གིས་ངོ་རྒོལ་གང་ཡང་བྱས་མེད་པར་བོད་མི་དག་ལ་གནས་ཚུལ་ཞིག་བཅའ་འདྲི་བྱས་པ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་གཏན་ནས་འགལ་མེད་པ་ཁྲིམས་ལུགས་ཤེས་མཁན་དག་གིས་ཤེས་གསལ་ཡིན་ན་ཡང་། ད་ལྟའི་འཆར་ཁྲིམས་ལུགས་དངོས་སུ་བཤད་ས་མེད་པའི་རྒྱ་ནག་སྲིད་གཞུང་གིས་བོད་མི་ཅི་ཙམ་ཞིག་འདི་ལྟར་མེད་བརླག་ལ་གཏོང་བ་དེར་བསམ་བློ་བཏང་དུས། དོན་འགྲུབ་དབང་ཆེན་ཡང་ང་ཚོའི་ལག་ཏུ་ཕྱིར་བདེ་ཐང་ངང་ཡོང་རྒྱུ་ཁག་པོ་རེད། དེའི་རྒྱུ་མཚན་ནི་བོད་མི་དག་གིས་གཅིག་རྗེས་གཉིས་མཐུད་བྱེད་ཐུབ་ཀྱི་མེད་སྟབས་ཡིན་པ་རེད་སྙམ།

    Reply
  4. ཨརྱ། says:
    ལོ་ 17 སྔོན།

    ཉིན་འདི་དག་གི་རིང་ལ་འདི་ཕྱོགས་ནས་ཀྱང་རྒྱལ་གཅེས་པ་ཁོང་ལ་རྒྱབ་སྐྱོར་གྱི་མིང་རྟགས་རེ་བསྡུ་བཞིན་འདུག་ཀྱང་ང་ཚོའི་མིང་གྲགས་ཅན་གྱི་གཞོན་ནུ་སོགས་ཚོགས་པ་ལྔའམ་བཞི་ལ་གྲགས་འགུལ་ཅི་ཡང་མེད་དོན་ཅི་རེད། ངོ་མ་ང་ཚོས་ཀྱང་འཆར་ཅན་གྱི་མར་མེ་ཁྲོམ་སྐོར་ཙམ་མ་ཡིན་པར་དོན་སྙིང་ཅན་གྱི་ལས་འགུལ་ཞིག་སྤེལ་ན་རེད། ངས་མ་གོ་མ་ཐོས་པ་ཡིན་ན་དགོངས་སེལ་ཞུ། །

    Reply
  5. རྭ་ལོ། says:
    ལོ་ 17 སྔོན།

    ང་ཚོས་རྒྱ་ལག་ནས་བོད་པ་རྐང་གཅིག་ཀྱང་ཕྱིར་ལོན་མྱོང་མེད། ཁྲིམས་རྩོད་པ་ ༥༣ གྱི་ལག་འཁྱེར་ཕྱིར་བསྡུ་བྱས་པ་འདི་ལ་ཡག་རྟགས་ཤིག་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese