མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་ཐོག་ནས་གཟའ་འཛིན་ལ་ལྟ་རོགས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

དུས་རབས་གཅིག་གི་ཆེས་རིང་བའི་གཟའ་འཛིན་གྱི་དུས་འདིར། འཛམ་གླིང་གི་མི་མང་ས་ཡ་འགས་ལྟ་སྤྱོད་སྣ་ཚོགས་ཤིག་སྟོན་གྱིན་ཡོད་འདུག ཚན་རིག་ལ་དགའ་བ་དང་ཆོས་ལུགས་དང་རྨོངས་དད་ཀྱི་བཀག་རྒྱ་མེད་པའི་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་པར་རྒྱག་པ་དང་ངོ་མཚར་བའི་དུས་ཚིགས་འདིར་དགའ་སྤྲོའི་ངང་སྤྱོད་བཞིན་ཡོད་པ་དང་། པར་གང་མང་བརྒྱབས་ཏེ་་འཛམ་གླིང་གི་ཡུལ་ཕྱོགས་སོ་སོར་ཡོད་པའི་དྲ་གྲོགས་རྣམས་ལ་བསྐུར་ཏེ་ཡུལ་ཕྱོགས་སོ་སོར་གཟའ་འཛིན་འདིར་འབྱུང་སྟངས་མི་འདྲ་བ་ཡོད་མེད་ལྟ་བཞིན་ཡོད་འདུག

རྨོངས་དད་དང་ཆོས་ལུགས་ཀྱི་བཀག་རྒྱ་ལས་མ་ཐར་བའི་མི་རྣམས་ཀྱིས་འདི་ནི་དུས་ངན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་འདུག བལ་ཡུལ་ལྟ་བུར་མཚོན་ན། དེ་རིང་གཞུང་འབྲེལ་ལས་ཁུངས་མང་ཆེ་བ་དང་སློབ་གྲྭ་རྣམས་སྒོ་བརྒྱབས་ཡོད་པ་མ་ཟད། མི་མང་པོ་ཞིག་ཕྱི་ལོགས་སུ་ཐོན་གྱི་མེད་པ་རེད། ཁོང་ཚོས་གཟའ་འཛིན་ཉིན་མོ་ཕྱི་ལོགས་སུ་སོང་བ་ཡིན་ན་བཀྲ་མི་ཤིས་པའི་དོན་ངན་འབྱུང་བར་དོགས་པ་བྱེད་ཀྱིན་ཡོད་འདུག

ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་རྩིས་གཞུང་དུ་གཟའ་འཛིན་གྱི་སྐོར་རྩི་སྲོལ་ཡོད་པ་བཞིན། ༢༠༠༨ ལོའི་ཕྱི་ཟླ་དགུ་བའི་ནང་བཏོན་པའི་དཔེ་དེབ། བོད་རྩིས་ཀྱི་ལོ་ཐོ། ཞེས་པའི་ནང་དུ་གཟའ་འཛིན་འདི་ཕྱི་རྩིས་ལྟར་ན་བདུན་པའི་ ༢༢ དང་། བོད་རྩིས་ལྟར་ ༥ པའི་ཚེས་ ༣༠ ཉིན་འཁེལ་བར་བསྟན་འདུག་ཟེར།

དེ་རིང་གི་ཉི་འཛིན་འདི་རྒྱ་གར་དུ་ཐོག་མར་བྱུང་ཡོད་པ་དང་། དེ་ནས་རིམ་བཞིན་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་བསྐྱོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༧ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༡ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 9

  1. དགེ་བཤེས་བསྟན་བཀྲ། says:
    ལོ་ 17 སྔོན།

    དེང་གི་ཚན་རྩལ་ཁྱེའུ་འཛམ་གླིང་སྦྲུམ་དུ་མ་ཆགས་གོང།།
    བོད་ལུགས་རྩིས་རིག་རྒན་པོས་ས་གཞུང་རི་མོའི་འགྱུར་འགྲོས་ལས།།
    གནམ་རིག་རྒྱུ་སྐར་བགྲོད་པར་བརྟག་པའི་དྭངས་གསལ་མེ་ལོང་ངོར།།།
    ཉི་ཟླའི་འཁོར་ལོ་ཇི་ལྟར་སྒྲིབ་པའི་སྣང་བརྙན་མངོན་པར་གསལ།།

    ཟླ་ཤེལ་ལང་ཚོ་རྒྱས་པའི་འཇོ་སྒེག་གིས།།
    རྟ་ལྗང་དབང་པོའི་གཟི་འོད་འཕྲོག་པའི་ཚེ།།
    འཛམ་གླིང་ལྷོ་མར་གནས་པའི་སྐྱེ་བ་དགའ།།
    མྱ་ངན་གྲོལ་ཕྱིར་གང་གཱའི་ཀླུང་དུ་འཛུལ།།

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    དེ་རིང་ཉི་འཛིན་གྱི་པར་རིས་ལ་གཟིགས་འདོད་ན་གུས་པའི་ཟིན་བྲིས་ནང་ཕེབས་རོགས།

    Reply
  3. ནད་པ says:
    ལོ་ 17 སྔོན།

    དགྲ་འདུལ་ལགས། ༸ གོང་ས་མཆོག་གིས་རྩིས་ཀྱི་སྐོར་ལ་ཐུགས་མ་མཁྱེན་པ་ཞིག་རྩ་བ་ནས་མ་རེད། ཁོང་ཉིད་ཀྱིས་སྐུ་ཚེ་འདིར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སུམ་ཅུ་ལྷག་བསྩལ་ཡོད་པ་མ་ཟད་སྐར་དཔྱད་གནམ་རིག་གི་སྐོར་ལ་ཁོང་ཉིད་ད་ཆ་ཙ་ཅང་གི་མཁྱེན་རྒྱ་ཆེ་བ་ཞིག་རེད།

    ༡༩༧༣ ༸གོང་ས་མཆོག་ཐེངས་དང་པོར་སུད་སིར་རྫུ་རིག་གཙུག་ལག་སློབ་གྲར་གསུང་བཤད་ཅིག་གོ་སྒྲིག་གནང་དུས་དེའི་སློབ་སྤྱིས་ཁྱེད་ཉིད་འདིར་ཚན་རིག་ཐད་ག་རེ་ལ་དོ་སྣང་གནང་འདོད་ཡོད་ཅེས་དྲིས་པར་ཁོང་གིས་ང་དེང་རབས་གནམ་དཔྱད་རིག་པར་བལྟ་འདོད་ཡོད་ཅེས་ལན་གནང་བར་བརྟེན་མཁའ་དབྱིངས་ཀྱི་གནམ་དཔྱད་རིག་པའི་བརྟག་དཔྱད་ཁང་དུ་ཚན་རིག་བ་ཚོ་དང་གཟིགས་ཞིབ་དང་གནའ་བོའི་ཤེས་རིག་སྐོར་ལ་བགྲོ་གླེང་མཛད་ཡོད།

    འོན་བཏང་ང་ཚོའི་བོད་ཀྱི་རྩིས་ནང་མངོན་སུམ་གྱི་རིག་པ་དང་། རྒྱུ་མཚན། མྱོང་བ། ལས་འབྲས་སོགས་ཕྱོགས་པོར་བརྒྱབ་འགལ་དུ་སོང་བའི་རྨོངས་དད་དང་ལུགས་སྲོལ་རྙིང་ཞེན་ཅན་གང་མང་ཞིག་ཡོད་པ་དག་ལ་ཁོང་ཉིད་ཡིདཆེས་མེད་ཅེས་ཐེངས་མང་གསུངས་ཡོད།
    ཁོང་ཉིད་གནའ་དེང་གི་ཤེས་རིག་གཉིས་ཀར་མཁྱེན་རྒྱ་ཡོད་པའི་ངོས་ནས་མངོན་སུམ་གྱི་རིག་པ་ཚད་མ་ལས་འགལ་བའི་ཆོས་གང་ལ་ཡང་ཡིད་ཆེས་མི་མཛད་མཁན་ཞིག་རེད། དེ་ནི་ཤིན་ཏུ་ནས་རླབས་ཆེན་ཞིག་རེད།

    Reply
  4. རྩེ་སྐར། says:
    ལོ་ 17 སྔོན།

    གནམ་དཔྱད་སྐར་རྩིས་རིག་པ་ནི་དངོས་གནས་ངོ་མཚར་དགོས་པ་ཞིག་ཡིན། མ་ཟད་ང་ཚོའི་ཕ་མེས་ཡང་མེས་ཀྱི་རིང་ནས་ཞིང་འབྲོག་མང་ཚོགས་ཀྱིས་ངལ་རྩོལ་འཚོ་བའི་ཁྲོད་རང་བྱུང་ཁམས་ཀྱི་འབྱུང་འགྱུར་ཁྱད་ཆོས་སོགས་ལ་གཞིགས་ནས། གནམ་དཔྱད་ཀྱི་རིག་གནས་གང་མང་ཞིག་གསར་བཏོད་གཏན་འབེབས་མཛད་ཡོད་པ་དེ་དག་ཀྱང་རྨོངས་དད་རེད་ཟེར་ནས་རྡོག་བརྫིས་གཏོང་རྐྱང་མ་བྱེད་པར། བསམ་ཤེས་དཔྱོད་ཀྱིས་བལྟ་མྱོང་ཐུབ་ན་ངོ་མཚར་དགོས་པའི་གནས་མང་ནས་མང་དུ་ཡོད།

    Reply
  5. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    དགྲ་འདུལ་ལགས། རྩིས་དང་རྩིས་མི་འདྲ། གོང་ས་མཆོག་གིས་གསུང་རྒྱུའི་རྩིས་དེ་རྒྱ་ནག་ནས་དར་བའི་འབྱུང་རྩིས་ཡིན་རྒྱུ་རེད་མ་གཏོགས། གཞན་དུས་འཁོར་ལུགས་ཀྱི་རྩིས་དེ་ཚོ་གནམ་རིག་སྐར་དཔྱད་ཡིན་དུས་ཚན་རིག་གི་རྒྱ་ལས་མི་འདའ་ཡིན།

    Reply
  6. དགྲ་འདུལ། says:
    ལོ་ 17 སྔོན།

    ༧རྒྱལ་བ་རིན་པོ་ཆེ་ཚང་གིས་སྔོན་ཆད་སི་པི་ཏེ་ནས་གནང་དུས་ཤིག་ལ། ཁོང་ཉིད་སྨན་ལ་མ་གཏོགས་རྩིས་ལ་ཡིད་ཆེས་མེད་ཅེས་སྨན་རྩིས་ཁང་གི་སློབ་ཕྲུག་ཚོར་གསུངས་བྱུང་ང་།

    Reply
  7. བསྟན་འཛིན་ཡོན་ཏན། says:
    ལོ་ 17 སྔོན།

    བདེན་པ་རེད་ལོ་སྔོན་མའི་སི་ཁྲོན་ས་ཡོམ་དང་དེ་རིང་གི་ཉི་འཛིན་གཉིས་བོད་ལྗོངས་ལི་ཐོའི་སྟེང་གསལ་པོ་བཀོད་འདུག་མ་འོངས་པར་ཡང་འདི་འདྲ་ཡོང་ངེས་རེད།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བོད་ཀྱི་སྐར་རྩིས་ནང་དུ་ལོ་སྔོན་མའི་སི་ཁྲོན་ས་ཡོམ་བཀོད་འདུག་ཟེར་ལ། ད་ལོའི་གཟའ་འཛིན་ཡང་གསལ་ཡོད་པར་བཤད་ཀྱིན་འདུག

    Reply
  9. ཀླུ། says:
    ལོ་ 17 སྔོན།

    བལ་ཡུལ་གྱི་རྒྱལ་སར་ཉི་འཛིན་དེ་རིང་ཞོགས་པ་སྔ་མོའི་ཆུ་ཚོད་ལྔ་དང་སྐར་མ་་༥༠་ཐོག་འགོ་བཙུགས་པ་དང་བདུན་དང་སྐར་ ༤༠་ཙམ་ལ་མཇུག་བསྒྲིལ་སོང་། སྐབས་དེར་ཉི་མའི་བརྒྱ་ཆ་དགུ་ཅུ་ཙམ་བཟུང་བ་མཐོང་ཐུབ་པ་དང་སྐར་མ་ཤར་བ་ཡང་མཁའ་དབྱིངས་ནས་གཅིག་མཐོང་རྒྱུ་འདུག། བལ་ཡུལ་རྒྱལ་ནང་དུ་ཉི་འཛིན་བྱུང་པ་རྒྱལ་ཁོངས་ཀྱི་རྫོང་སྡེ་ཁག་བཅུ་བཞི་ཙམ་ནས་མཐོང་ཐུབ་ཚུལ་བཤད་པ་དང་ཉིན་དེར་གཞུང་འབྲེལ་གྱི་གུང་སེང་ཁྱབ་བསྒྲགས་བྱས་སོང་།
    པར་ལ་གཟིགས་འདོད་ན་ངའི་དུས་བབ་ཟིན་བྲིས་དང་ཡང་ན་
    http://www.khabdha.org/?p=3330 ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese