མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་རྩིས་མེད།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་ནས་གཞུང་ཞབས་མཐོ་འབྲིང་དགེ་རྒན་བསྡུ་ལེན་གྱི་རྒྱུགས་གཞི་བོད་ཡིག་གིས་བྲིས་པ་རྩིས་མེད་བྱས་འདུག

འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ༢༠༠༩ ལོའི་ཟླ་ ༧ ཚེས་ ༡༤ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་དུ་མཐོ་འབྲིང་སྐད་གཉིས་དགེ་རྒན་བསྡུ་བའི་རྒྱུགས་ལེན་དངོས་སུ་འགོ་བརྩམས་འདུག   ཐེངས་འདིའི་རྒྱུགས་ལེན་ནང་ ༡༩༩༩ ནས་ ༢༠༠༩ ལོའི་བར་གྱི་རྫོང་ཁོངས་ཡོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་བརྒྱ་ཡས་མས་ཤིག་ཞུགས་ཡོད་ལ། རྒྱུགས་ལེན་གྱི་ལས་ཁུར་ལྟ་རྟོག་བྱེད་མཁན་གཙོ་བོ་ནི་མང་ར་རྫོང་མི་དོན་ལས་ཁུངས་ཀྱི་རྡོ་རྗེ་དབང་ཆེན་དང་། མང་ར་རྫོང་རྩ་འཛུགས་ལས་ཁུངས་ཀྱི་ལྷུན་གྲུབ།  མཁར་བྱམས་རྒྱལ་བཅས་རེད་ལ། རྒྱུགས་གཞིའི་ནང་དོན་ནི་ཏང་གི་མཚོན་བྱེད་གསུམ་གྱི་དགོངས་དོན་གྱི་སྐོར་དང་། བུན་ཁྲན་ས་ཁུལ་ལ་བྱུང་བའི་ས་ཡོམ་གྱི་སྐོར། དེ་མིན་རྒྱལ་གཅེས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་ཕྱོགས་སྐོར་བཅས་རྒྱ་ནག་གུང་ཁྲན་རིང་ལུགས་ཀྱི་སྲིད་དོན་དྲིལ་བསྒྲགས་སྐོར་རྐྱང་རྐྱང་རེད་ཅེས་འགྲེལ་བརྗོད་བྱས་སོང་ལ། ཐེངས་འདིའིི་རྒྱུགས་སྤྲོད་ལ་ཏང་ཡོན་ལས་བྱེད་ཅིག་ཞུགས་པའི་དབང་དུ་བཏང་ན་རྒྱུགས་སྐར་བརྒྱ་ཆའི་བརྒྱ་ལོན་ངེས་རེད་ཅེས་རྒྱུགས་ཞུགས་སློབ་མ་ཞིག་གིས་བརྗོད་སོང་། གཞན་ཐེངས་འདིའི་རྒྱུགས་ལེན་ནི་ལོ་སྔོན་མ་དག་དང་མི་འདྲ་བར་སྔོན་དུ་གསལ་བསྒྲགས་ཅི་ཡང་མེད་པར་ཐད་ཀར་རྒྱུགས་རའི་ནང་ནས་རྒྱུགས་གཞི་ཆ་ཚང་བོད་ཡིག་གིས་བྲིས་མི་ཆོག་པར་དགྱ་ཡིག་གིས་འབྲི་དགོས་ཟེར་ཞེས་བཙན་བཀའ་བཏང་བའི་གནས་ཚུལ་ཐོན་ཡོད། འདིའི་ཐད་ལ་སློབ་མ་མིང་འདོན་འདོད་མེད་མཁན་ཞིག་ནས། མི་རིགས་རང་སྐྱོང་ས་ཁུལ་ནང་དུ་སྐད་གཉིས་དགེ་རྒན་བསྡུ་ལེན་གྱི་རྒྱུག་གཞི་ཅི་ཞིག་ལ་བོད་ཡིག་གིས་བྲིས་མི་ཆོག་པ་ཡིན་ནམ་ཞེས་དྲི་བ་དྲིས་པར།  ཁོ་ཚོས་ལན་དུ། དེ་ནི་གཙོ་བོ་རྒྱུགས་ཤོག་ལ་ལྟ་མཁན་ཚོ་གྲོང་ཁྱེར་ཟི་ལིང་གི་དགྱ་མི་ཡིན་པས་ཁོ་ཚོས་བོད་ཡིག་མི་ཤེས་པས་རེད་”ཅེས་འགྲེལ་བརྗོད་གནང་སོང་ཟེར། མཇུག་མཐར་སློབ་མ་འགའ་ཤས་ཀྱིས་རྒྱུགས་ཤོག་ངོས་ལ་བོད་ཡིག་བཙན་ཚུགས་ཀྱིས་བྲིས་པ་སོགས་ཀྱི་གནས་ཚུལ་ཡང་ཐོན་འདུག མཇུག་མཐའི་རྒྱུགས་འབྲས་ཕྱི་བསྒྲགས་ཚེས ༡༤ ཉིན་བྱས་སོང་ལ། གཞུང་ཞབས་མཐོ་འབྲིང་རིམ་དགེ་རྒན་ལ་ཡིག་རྒྱུགས་འཕྲོད་མཁན་མི་གྲངས་བཅུ་གསུམ་བྱུང་ཡོད་ལ། དེའི་ནང་བོད་མི་གཉིས་མ་གཏོགས་གཞན་ཚང་མ་དགྱ་མི་ཡིན་པའི་གནས་ཚུལ་བྱུང་འདུག གཞན་རྒྱུགས་ཤོག་ངོས་སུ་བོད་ཡིག་འབྲི་མཁན་སློབ་མ་རེ་ཟུང་གི་རྒྱུག་འབྲས་རྩིས་མེད་ཀྱང་བྱས་འདུག

མང་ར་རྫོང་ནི་ཞིང་ཕྱུག་གཙོ་བོར་གཉེར་ཞིང་བོད་མི་འདུས་སྡོད་བྱེད་སའི་བོད་རིགས་རྫོང་ཞིག་ཡིན་ལ། རྫོང་ཁག་དེར་ཞིང་ཕྱུག་གཙོ་བོར་གཉེར་བའི་ཞིང་ལྔ་ཡོད་ལ། རྫོང་ཁོངས་ཡོངས་ལ་མི་འབོར་ གྲངས་༦༥༩༧༤ ཡོད་ལ།  དེའི་ནང་བོད་མིས་བརྒྱ་ཆའི ༧༢་༣ ཟིན།
འོད་དཀར་དྲ་ཚིགས་ལས་བཤུས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༤ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

ཆུ་ཚོད་ ༨ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༡༡ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

མཆན། 4

  1. འདྲེ་ཤ་གཟན། says:
    ལོ་ 17 སྔོན།

    འདི་ཚོ་ནི། ང་ཚོའི་ཅོག་ཐབས་དཀའ་བའི་མནར་གཅོད་རེར་རེད།
    སྤུན་ཟླ་ཚོ། འདི་མུས་འདུག་ཐབས་འདུག་ཐབས་འདུག་གམ།
    ཕོ་ཤེ་རེ་ཨང་།

    Reply
  2. བདེ་བ་ཅན། says:
    ལོ་ 17 སྔོན།

    ངོ་་མ་གནས་ཚུལ་དེ་ཐོས་སྐབས་སེམས་པ་སྐྱོ་དགོས་པ་ཞིག་འདུག་ ང་ཚོ་བཙན་བྱོལ་ནང་བོད་ཡིག་གི་ཤེས་ཚད་ཇི་ལྟར་ཡིན་ནའང་ང་ཚོ་ཧིན་རྡིའི་སྐད་ཡིག་སྤྱོད་པའི་རྒྱལ་ཁབ་ཞིག་ནང་འཚོ་བ་སྐྱེལ་དགོས་པ་དང་། དབྱིན་ཡིག་མི་ཤེས་ན་འགྲིག་ཐབས་མེད་པའི་སྤྱི་་ཚོགས་ཀྱི་གྲུབ་ ཆ་ ཞིག་ཏུ་གྱུར་ཡོད། ང་ཚོ་བཙན་བྱོལ་བོད་གཞུང་གི་གནས་སྟངས་མཐའ་དག་ལ་གདོང་ལེན་བྱ་དགོས་པའི་ཁྲོད་དབྱིན་ཡིག་དང་བོད་ཡིག་དེ་གཙོ་དོན་དུ་འཛིན་ཏེ་ཡིག་རྒྱུགས་ཀྱི་ལམ་ནས་ལས་བྱེད་འདེམས་སྒྲུག་་བྱ་གི་ཡོད། ད་ཆ་ཤུགས་རྐྱེན་འདིས་ཚོགས་སྡེ་ཁག་གི་ནང་དུའང་ལྷ་རབ་བྱུང་ན་བོད་ཡིག་རང་རྐྱ་འཕེར་ངེས་དགོས་པའི་ཆ་རྐྱེན་དེ་ངམ་ ཤུགས་ཀྱིས་སླེབས་བཞིན་ཡོད། འོན་ཏེ་ང་ཚོའི་ཕ་ཡུལ་དུ་བསྟན་དགྲ་རྒྱ་དམར་གྱིས་སྲིད་བྱུས་མཁྲེགས་བཟུང་ཅན་དེས་ས་གནས་བོད་ཕྲུག་ཚོ་བོད་ཡིག་གི་སྦྱངས་ ཚད་ཡོད་ཀྱང་གནོན་ཤུགས་སྤྲད་དེ་ལས་མེད་ལྟོ་མེད་བཟོས་ཏེ་ནམ་ཞིག་ན་གཞོན་ཚོ་བོད་ཡིག་མཐོང་བ་ཙམ་གྱིས་སྐྱོ་སྣང་སྐྱེས་ཏེ་སྦྱངས་འདོད་མེད་་པའི་ཤུགས་རྐྱེན་སྤྲད་ཀྱི་ཡོད། དེར་གཞིས་བྱེས་གཉིས་ཀར་གནས་པའི་ཤེས་ཡོན་ཅན་པ་ཚོས་འགན་འཁུར་རྐང་ལེན་བྱས་ཏེ་གདོང་ལེན་བྱ་དགོས་ཀྱི་འདུག ད་རེས་ཀྱི་གནད་དོན་དེ་འཕྲལ་དུ་ཤེས་རྟོགས་བྱུང་བ་ནང་བཞིན་མ་འོངས་པར་ཡང་དེ་ལྟར་གང་སར་ང་ཚོས་དོ་སྣང་བྱ་དགོས་ཀྱི་འདུག དེ་འདྲ་བྱས་ཚེ་གཞི་ནས་ང་ཚོས་ང་ཚོའི་སྐད་་ཡིག་སྲུང་སྐྱོབ་བྱ་རྒྱུར་གཞོགས་འདེགས་གྲུབ་སྲིད། ཐུགས་རྗེ་ཆེ།

    Reply
  3. bhare says:
    ལོ་ 17 སྔོན།

    དངོས་ནས་འདྲ་བོ་འདུག
    གྲོགས་པོ་ཡིད་ལ་བཟུང།

    Reply
  4. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    རྗེས་མ་ཟིག་ག་རྒྱ་ཡིག་རེ་མ་ཤེས་ན་ཕྱིར་ཡུལ་བ་སོང་ན་སྐྱག་ཁང་ར་རྙེད་ས་མ་རེད་ཀོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese