མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༦/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གནམ་གཤིས་བརྟག་དཔྱད་ཁང་གིས་ད་ལོའི་དབྱར་དུས་སུ་སྔར་ལས་ཚ་བ་ཆེན་པོ་རྒྱས་རྒྱུ་ཡིན་པས་ཐན་པ་བྱུང་སྟེ་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཐེབས་ཉེན་ཡོད་སྐོར་བསྒྲགས་འདུག

Gangbu Glacier in Tibet (Xinhua/Purbu Tashi)

ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་གནམ་གཤིས་བརྟག་དཔྱད་ཁང་གིས་ཡོངས་བསྒྲགས་ཤིག་སྤེལ་ཏེ། ད་ལོའི་དབྱར་ཁའི་དུས་སུ་རྒྱ་ནག་རྒྱལ་ཡོངས་དང་། བོད་ནང་ཚ་བ་སྔར་ལས་ཆེ་བ་ཡོང་གི་རེད། དེ་ཡང་ད་ལོར་ས་ཁུལ་ཁག་ཅིག་ཏུ་ཚ་ཚད་ 1(°C) ནས་ ༣ (°C)དང་། ས་ཁུལ་གཞན་ལ་ཚ་ཚད་ ༤(°C) ནས་ ༥ (°C) བར་འཕར་རྒྱུ་ཡིན་པ་སོགས་སྔར་དང་མ་འདྲ་བའི་ཚ་བ་ཆེ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། རྒྱ་ནག་བྱང་ཕྱོགས་ཁུལ་དུ་ཚ་ཚད་ ༣༧ (°C)བར་དུ་འཕར་རྒྱུ་དང་། ས་གནས་ཁག་ཅིག་ཏུ་ཆར་པ་འབབ་ཚད་ཇེ་ཉུང་དུ་ཕྱིན་ནས་ཐན་པ་ཡོང་ཉེན་ཡོད་ལ། ཐན་པའི་རྐྱེན་གྱིས་རྩི་ཤིང་ལོ་ཏོག་སོགས་སྐམ་ནས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་སྐོར་བཀོད་འདུག

བོད་ནང་གི་དྲ་གྲགས་རེ་ཟུང་གིས་སྤྱིར་བཏང་འདི་ལོར་རྒྱ་ནག་ནང་ཚ་བ་ཆེན་པོ་རྒྱས་ཀྱི་ཡོད་སྐོར་དང་། འདི་ལོའི་ཕྱི་ཟླ་ ༥ པའི་ནང་བོད་མཐོ་སྒང་དུ་སྔར་ལོ་ལས་ལྷག་གི་ཚ་བ་བསླེབ་རྒྱུ་ཡིན་པས། སོ་ནམ་པ་ཚོས་དམིགས་བསལ་གྱིས་དོ་འཁུར་བྱེད་དགོས་སྐོར་བརྗོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་སུ་འདི་ལོར་བོད་མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་ག་འདྲ་ཕྱིན་ཡོད་མེད་སྐོར་དྲིས་པར་ཁོང་མོས། དུས་རྒྱུན་དུ་ནས་འཛམ་གླིང་གི་ཚ་དྲོད་འཕེལ་བའི་རྐྱེན་གྱིས་བོད་མཐོ་སྒང་ནང་ཚ་ཚད་ལྡབ་གཉིས་འཕར་གྱི་ཡོད་སྐོར་ཤོད་ཀྱིན་ཡོད་པ་རེད། ཉེ་ཆར་རྒྱ་གར་གྱི་དུས་བབ་གསར་ཁང་གིས་དེ་འབྲེལ་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱལ་སྤྱིའི་མཉམ་ལས་རི་བོ་འཕེལ་རྒྱས་ལྟེ་གནས་ (International Centre for Integrated Mountain Development) ཀྱིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་འཁྱག་རོམ་མང་པོ་ཞུ་ཡི་ཡོད་པ་དང་། ཕྱི་ལོ་ ༡༩༩༠ ནས་ ༢༠༢༠ བར་དུ་འཁྱག་རོམ་ས་ཁུལ་བརྒྱ་ཆ་ ༡༢ བཞུར་ནས་བརླགས་པ་དང་། བརྒྱ་ཆ་ ༩ མེད་པ་ཆགས་པ་མ་ཟད་འཁྱག་རོམ་ཞུ་ཚད་ཇེ་མགྱོགས་སུ་ཕྱིན་ཡོད་པ་སོགས་གསལ་སྟོན་བྱས་འདུག དེར་བརྟེན། བོད་མཐོ་སྒང་དུ་ཚ་དྲོད་ཤུགས་ཆེན་འཕར་བ་དང་། དེའི་རྐྱེན་པས་མ་འོངས་པར་བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་རུ་འགྲོ་རྒྱུ་དང་། ཉེན་ཁ་ཤུགས་ཆེན་ཡོད་པ་གསལ་པོ་རེད། དེ་བཞིན་བོད་མཐོ་སྒང་ནི་ཨེ་ཤ་ཡའི་ཆུ་མཛོད་ཅེས་འབོད་སྲོལ་ཡོད་པ་ལྟར། འཁྱག་རོམ་ཞུ་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་། འཁྱག་རོམ་མེད་པ་ཆགས་པའི་གནས་སྟངས་སོགས་ཛ་དྲག་པོ་བྱུང་ཚེ། ཕུགས་སུ་ཨེ་ཤ་ཡ་གཙོས་པའི་འཛམ་གླིང་ཁྱོན་ཡོངས་སུ་ཆུའི་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

འདས་པའི་ལོ་མང་ནང་རྒྱལ་སྤྱིའི་ཚན་རིག་པ་ཚོས་བོད་མཐོ་སྒང་གི་ཚ་དྲོད་འཕེལ་བ་ནི་གོ་ལའི་བྱང་ཕྱེད་ (Northern Hemisphere) ཀྱི་ཚ་དྲོད་འཕེལ་བ་དང་བསྡུར་ན་མགྱོགས་པ་དང་། བོད་མཐོ་སྒང་གི་འཁྱག་རོམ་གྱི་ཞུ་ཚད་ཇེ་མགྱོགས་སུ་ཕྱིན་པ་ལ་བརྟེན། འཁྱག་རོམ་ལས་གྲུབ་པའི་མཚོ་ཆུ་གསར་པ་ཆགས་པ་དང་མཚོ་ཆུ་རྒྱ་ཆེ་རུ་འགྲོ་བཞིན་པ་མ་ཟད། མཚོ་ཆུའི་འགྲམ་ངོགས་སུ་ཆགས་པའི་ཡུལ་ཚོ་ལ་ཆུ་ལོག་གི་འཇིག་པ་སྔར་ལས་ཆེ་བ་ཡོད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ལ། ཕྱི་ལོ་ ༢༠༡༩ ལོར་ཚན་རིག་དུས་དེབ་ (Science Advances) ནང་། འདས་པའི་ལོ་ངོ་ ༤༠ ཙམ་གྱི་ནང་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་འཁྱག་རོམ་འབོར་ཆེན་བཞུས་ཟིན་པ་དང་། དུས་རབས་ཉི་ཤུ་པའི་མཇུག་དང་བསྡུར་ན་དུས་རབས་ཉེར་གཅིག་གི་ནང་འཁྱག་རོམ་ལྡབ་གཅིག་གི་ཞུ་ཚད་མགྱོགས་པོ་ཆགས་ཡོད་སྐོར་སོགས་གསལ་ཡོད་པ་རེད།

ས་རུད་བྱུང་སྟེ་འབྲི་ཆུ་འགག་རྐྱེན་སྡེ་དགེ་འཇོ་མདའ་ཕྱོགས་སུ་ཆུ་ལོག་གི་གནོད་སྐྱོན་ཐེབས་པ། ༢༠༡༧

རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་པས་ཉམས་ཞིབ་གྲུབ་དོན་ལྟར་ན། བོད་ནི་ཨེ་ཤ་ཡའི་གཙང་པོ་ཆེ་ཁག་གི་མགོ་ཁུངས་དང་འཛམ་གླིང་གི་སྣེ་མོ་གསུམ་པ་རུ་འབོད་ཀྱིན་ཡོད་ཀྱང་། འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་བོད་ནང་གི་གཙང་པོ་ཚང་མར་ཆུ་རགས་གསར་རྒྱག་དང་། འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་སྟབས། བོད་ནང་དུ་ཚ་དྲོད་འཕེལ་ནས་གངས་རི་དང་འཁྱག་རོམ་མགྱོགས་པོར་ཞུ་ཡི་ཡོད་པ་མ་ཟད། ད་ལྟ་བོད་ནང་དུ་ཚ་ཚད་ལྡབ་འགྱུར་གྱིས་འཕར་ཡོད་སྟབས། བོད་ཀྱི་འཁྱག་རོམ་ཞུ་བ་དང་ཚ་ཚད་འཕར་བ་དེས། འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་ཚད་འཕེལ་བར་ཉེན་ཁ་བཟོ་ཡི་ཡོད་འདུག་ལ།  ལྷག་པར་ཨེ་ཤ་ཡ་དང་ཁྱིམ་མཚེས་རྒྱལ་ཁབ་སོགས་སུའང་ཆུའི་གནོད་འཚེ་ཡོང་ཉེན་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་དང་རྒྱུག་ཆུ་ཁ་བསྒྱུར་དང་ཆུ་རགས་གསར་རྒྱག་སོགས་བྱས་པ་དེས། རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་ ༡།༣ ཀྱི་ཚེ་སྲོག་དང་འཚོ་གནས་ལ་གནོད་འཚེ་ཐེབས་ཀྱི་ཡོད་ལ། འདས་ལོར་རྒྱ་གར་ནུབ་བྱང་གི་ཐར་བྱེ་ཐང་ཆེན་མོ་དང་ཡུ་གུར་གྱི་ཊག་ལ་མ་ཀན་བྱེ་ཐང་གཉིས་ཀྱི་ས་བབ་ཆགས་ཚུལ་དང་ནུབ་ཕྱོགས་ནས་ལྡང་བའི་རླུང་བུས་དེད་པའི་ཐལ་རྡུལ་དག་བོད་མཐོ་སྒང་གི་འཁྱག་རོམ་ངོས་སུ་འབྱར་བ་དེས། འཁྱག་རོམ་ལ་གནོད་འཚེ་ཐེབས་ནས་ཞུ་ཚད་ཇེ་མགྱོགས་དང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལའང་འགྱུར་བ་ཆེན་པོ་ཐེབས་ཉེན་ཡོད་པ་ཤེས་རྟོགས་བྱུང་ཡོད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese