མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་ཞུགས་རྒྱུགས་གཞི་བོད་ཡིག་ནང་བྲིས་མི་ཆོག་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

མཚོ་ལྷོ་ཁུལ་མང་ར་རྫོང་གིས་ད་ལོར་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ས་མིག་ལས་ཞུགས་རྒྱུགས་གཞི་བོད་ཡིག་གིས་བྲིས་མི་ཆོག་པ་བཟོས་པ་དེས། རྒྱུགས་ཞུགས་བྱེད་མཁན་གྱི་བོད་ཡིག་ཆེད་སྦྱོང་སློབ་ཆེན་མཐར་ཕྱིན་སློབ་མ་རྣམས་ལས་ཞུགས་བྱེད་པར་བཀག་རྒྱ་བཟོས་ཡོད་འདུག

འབྲེལ་ཡོད་མི་སྣ་ཞིག་གིས་དེ་རིང་འདི་ལ་ལས་ཁུངས་སུ་བཤད་པ་ལྟར་ན། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༧ ཚེས་ ༡༤ ཉིན་མཚོ་སྔོན་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་མི་དོན་ལས་ཁུངས་དང་རྩ་འཛུགས་ལས་ཁུངས་གཉིས་ཀྱི་སྟངས་འཛིན་འོག་ས་གནས་མཐོ་འབྲིང་གཞུང་ཞབས་དགེ་རྒན་བསྡུ་ལེན་གྱི་ཡིག་རྒྱུགས་བླངས་ཡོད་པ་དང་། གཏན་འཁེལ་བྱས་པའི་རྒྱུགས་ཞུགས་པའི་ཁྱབ་ཁོངས་ནི་སྤྱི་ལོ་ ༡༩༩༩ ནས་ ༢༠༠༩ ལོའི་བར་གྱི་ས་གནས་རྫོངས་ཁོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མ་ཡིན་ལ། ཡིག་རྒྱུགས་འདིར་འཛུལ་ཞུགས་བྱེད་མཁན་མི་གྲངས་བརྒྱ་ལྷག་ཡོད་འདུག རྒྱུགས་ལེན་ལྟ་རྟོག་པ་ནི་མང་ར་རྫོང་མི་དོན་ལས་ཁུངས་ཀྱི་རྡོ་རྗེ་དབང་ཆེན་དང་། མང་ར་རྫོང་རྩ་འཛུགས་ལས་ཁུངས་ཀྱི་ལྷུན་གྲུབ། མཁར་བྱམས་རྒྱལ་བཅས་ཡིན་པ་དང་། ཐེངས་འདིའི་ལས་ཞུགས་ཡིག་རྒྱུགས་ཀྱི་ས་མིག་ནི་སྐད་གཉིས་སྨྲ་བའི་འབྲིང་རིམ་དགེ་རྒན་གྱི་ལས་གནས་ཡིན་ནའང་།  རྒྱུགས་གཞིའི་ནང་དོན་ནི་མཐོ་འབྲིང་དགེ་རྒན་གྱི་ཤེས་ཚད་དང་འབྲེལ་མེད་ཀྱི་ཏང་གི་མཚོན་བྱེད་གསུམ་གྱི་དགོངས་དོན་དང་། ཝུན་ཁྲིན་ས་ཡོམ། རྒྱལ་གཅེས་རིང་ལུགས་ཀྱི་དགོངས་དོན་ཟེར་བ་སོགས་སྲིད་དོན་དྲིལ་བསྒྲགས་སྐོར་འདུག གཞན་ཡང་ཐེངས་འདིའི་ཡིག་རྒྱུགས་ལེན་ཕྱོགས་ནི་སྔོན་དང་མི་འདྲ་བར་རྒྱུགས་གཞིའི་སྒྲིག་གཞི་ཐད་གསལ་བསྒྲགས་ཅི་ཡང་མ་བྱས་པར་རྒྱུགས་རའི་ནང་ནས་རྒྱུགས་གཞི་ཆ་ཚང་བོད་ཡིག་གིས་བྲིས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག  དེའི་ཐད་ལ་རྒྱུགས་ཞུགས་པ་རྣམས་ཀྱིས་མི་རིགས་རང་སྐྱོང་ས་ཁུལ་དུ་སྐད་གཉིས་དགེ་རྒན་བསྡུ་ལེན་གྱི་རྒྱུགས་གཞི་བོད་ཡིག་གིས་བྲིས་མི་ཆོག་པའི་རྒྱུ་མཚན་ཅི་ཡིན་སྐོར་དྲིས་པར། རྒྱུགས་ལེན་ལྟ་རྟོགས་པས་དེ་ནི་རྒྱུགས་ཤོག་ལ་ལྟ་མཁན་ཚོ་གྲོང་ཁྱེར་ཟི་ལིང་ནས་འོང་པའི་རྒྱ་མི་ཡིན་པས་ཁོ་ཚོས་བོད་ཡིག་མི་ཤེས་པས་རྐྱེན་ཡིན་ལུགས་བརྗོད་ཡོད་འདུག  ཉིན་དེའི་ཕྱི་དྲོ་མི་ ༡༣ གྱིས་ལས་ཞུགས་ཡིག་རྒྱུགས་འཕྲོད་པའི་གསལ་གསལ་བསྒྲགས་བྱས་ཡོད་ལ། དེའི་ཁྲོད་བོད་མི་ ༢ མ་གཏོགས་གཞན་ཚང་མ་རྒྱ་མི་ཡིན་འདུག 

ཕྱི་ཚེས་ ༡༦ ཉིན་ས་གནས་རྫོང་ཁོངས་ཀྱི་གཞི་རིམ་སློབ་ཆུང་དགེ་རྒན་ལས་ཞུགས་ཀྱི་ཡིག་རྒྱུགས་བླངས་ཡོད་པ་དང་། རྒྱུགས་ཞུགས་པ་ ༢༠༠ ལྷག་ཡོད་པའི་ཁྲོད་ནས་ལས་ཞུགས་རྒྱུགས་འཕྲོད་པ་ ༢༠ བསྡུས་ཡོད་འདུག  ཐེངས་འདིའི་ཡིག་གཞི་ནི་བོད་རྒྱ་ཡིག་རིགས་གང་རུང་གིས་བྲིས་ཆོག་པ་བཟོས་ཡོད་ནའང་། རྒྱུགས་གཞིའི་ནང་དོན་ནི་སྔར་མཚུངས་ལྟར་དགེ་རྒན་གྱི་ལས་གནས་དངོས་ཀྱི་ཤེས་ཚད་དང་འབྲེལ་མེད་ཀྱི་ཏང་གི་དྲིལ་བསྒྲགས་སྐོར་ཡིན་འདུག

རྒྱུགས་ཞུགས་བྱེད་མཁན་གྱི་བོད་ཡིག་ཆེད་སྦྱོང་སློབ་ཆེན་པ་དག་གིས་དགེ་རྒན་གྱི་ལས་གནས་ས་མིག་དངོས་དང་འབྲེལ་མེད་ཀྱི་རྒྱུགས་གཞི་འདི་འདྲ་ཞིག་ལ་གདོང་གཏད་དགོས་བྱུང་བར་བློ་ཕམ་ཡི་ཆད་བྱུང་ཡོད་པར་མ་ཟད། མ་འོངས་པར་བོད་རིགས་གཞོན་སྐྱེས་ཚོས་རང་གི་སྐད་ཡིག་རིག་གནས་སློབ་སྦྱོང་དང་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་བཀག་རྒྱ་ཐེབས་སྲིད་པའི་བློ་དོགས་ཀྱང་སྐྱེས་བཞིན་ཡོད་འདུག 

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༧ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༩ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 2

  1. བདེ་བ་ཅན། says:
    ལོ་ 17 སྔོན།

    གསར་འགྱུར་འདི་རིགས་ཐད་ང་ཚོས་རྒྱུན་དུ་དོ་་སྣང་བྱ་དགོས་ཀྱི་འདུག ད་ལྟའི་གནས་ཚུལ་འདི་ནི་རྫོང་ཞིག་གི་ཡིག་རྒྱུགས་ཁྲོད་དུ་བྱུང་བའི་གནས་ཚུལ་ཞིག་རེད། དངོས་སུ་གྲོང་ཁྱེར་ཁག་གི་ནང་དུ་སླེབས་ཚེ་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་པ་རེད་དམ། ་ང་ཚོས་ཏན་ཏན་མཉམ་རུབ་ཀྱི་ནུས་པ་བཏོན་དགོས་ཀྱི་འདུག

    Reply
  2. བསྟན་འཛིན་ཡོན་ཏན། says:
    ལོ་ 17 སྔོན།

    གསར་འགྱུར་འདིས་གྲངས་ཉུང་མི་རིགས་ཀྱི་རྩ་ཁྲིམས་ནང་གི་ཐོབ་ཐང་དང་ལག་ལེན་སྟེང་གི་བདེན་པ་གཉིས་ཀྱི་བར་ཐག་ལ་ཚད་ཅིག་བརྒྱབ་པ་རེད།
    མ་འོངས་པར་རོང་པའི་ཞིང་ས་དང་འབྲོག་པའི་རྩ་ས་སོགས་ལ་ཆབ་སྲིད་ཀྱི་སྐུད་པ་འཐེན་ཐབས་ཀྱི་གཡོ་ཇུས་ཤིག་ཀྱང་སླེབས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese