མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུད་མེད་གློག་ལམ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ད་ནི་ཁྱིམ་གྱི་གློག་ལའང་སྐུད་པ་མི་དགོས་པའི་དུས་རབས་ཤིག་ལ་བསླེབས་པ་རེད་ཟེར།

ཟླ་འདིའི་ཚེས་ ༢༡ ནས་ ༢༤ བར་དབྱིན་ཡུལ་གྱི་ཨོ་གི་སི་ཧློར་ཌི་ལ་འཚོགས་པའི་ TED Global Conference ཊེ་ཌི་འཛམ་གླིང་ཚོགས་འདུའི་སྟེང་དུ་ཨ་རིའི་བཟོ་གྲྭ་ Witricity ཝི་ཊི་རི་སི་ཊེ་ ཞེས་པའི་གཙོ་འཛིན་ Eric Giler ཨེ་རི་ཁི་ གྷེ་ལེར་ གྱིས་སྐུད་པ་མི་དགོས་པའི་གློག་ལམ་གྱི་འཕྲུལ་ཆས་ཤིག་བསྟན་ཡོད་པ་བྷི་བྷི་སི་ཡིས་གནས་ཚུལ་སྤེལ་འདུག

འཕྲུལ་ཆས་འདི་བརྒྱུད་ནས་ལག་འཁྱེར་ཁ་པར་དང་གློག་མེ་ཡིས་འགྲོ་བའི་རླངས་འཁོར་སོགས་ཀྱི་གློག་མེ་གསོག་ཐུབ་པ་མ་ཟད། ཁྱིམ་ཚང་གི་གློག་ཆས་ཐམས་ཅད་སྐུད་པ་མི་དགོས་པར་བེད་སྤྱོད་ཐུབ་ཀྱི་ཡོད་འདུག

འཕྲུལ་ཆས་འདིའི་ལས་ཀ་བྱེད་ཕྱོགས་ནི་དངོས་ཁམས་རིག་པ་བ་ Marin Soljacic མ་རིན་ སོལ་ཇ་སི་ཁི་ ཡི་ལས་ཀར་གཞི་བཅོལ་བ་ཞིག་ཡིན་ཞིང་། སྒོར་སྒོར་བྱས་པའི་སྐུད་པ་གཅིག་གློག་ལ་མཐུད་ཡོད་པ་དང་། གཞན་གཅིག་སྤྱད་བྱའི་འཕྲུལ་ཆས་ལ་མཐུད་ཡོད་པ་རེད། སྒོར་སྒོར་བྱས་པའི་སྐུད་པ་འདི་གཉིས་ཀྱི་བར་འཐེན་ཤུགས་རྦ་རླབས་བརྒྱུད་གློག་འགྲོ་གི་ཡོད་འདུག སྒོར་སྒོར་བྱས་པའི་སྐུད་པ་འདི་ནི་བརྡ་རྟགས་ཀྱི་གནམ་སྐུད་དང་འདྲ་མཚུངས་ཡིན་འདུག བརྡ་རྟགས་གནམ་སྐུད་དང་པོ་རྩིག་པ་དང་ཁང་ངོ་གང་རུང་དུ་འཇོག་ཆོག་ཅིང་། བརྡ་རྟགས་གནམ་སྐུད་གཉིས་པ་སྤྱད་བྱའི་འཕྲུལ་ཆས་ཀྱི་ནང་དུ་བཞག་པ་ཡིན་ན། དེའི་གཉིས་ཀྱི་རྦ་རླབས་ཀྱི་རྟགས་མཚུངས་པའི་སྒོ་ནས་གློག་ཤུགས་འདྲེན་གྱི་ཡོད་འདུག གལ་ཏེ་ལག་འཁྱེར་ཁ་པར་ཞིག་གི་ནང་དུ་བརྡ་རྟགས་གནམ་སྐུད་བླུགས་པ་ཡིན་ན། ལག་འཁྱེར་ཁ་པར་དེ་བརྡ་རྟགས་གནམ་སྐུད་དང་པོའི་འཐེན་ཤུགས་རྦ་རླབས་ཀྱིས་རྙོབས་པའི་ཡུལ་དུ་བསླེབས་པ་དང་རང་ཤུགས་ཀྱིས་གློག་མེ་གསོག་གི་ཡོད་འདུག རླངས་འཁོར་གློག་མེ་ཅན་ཡང་དེ་ལྟར་ཡིན་འདུག བརྙན་འཕྲིན་ལྟ་བུའི་འཕྲུལ་ཆས་ཀྱི་སྟེང་དུ་བྱ་ཐབས་འདི་བཀོལ་ན་ཐད་ཀར་གློག་འདྲེན་ཐུབ་ཀྱི་ཡོད་འདུག

བྱ་ཐབས་འདི་བཀོལ་ན་གློག་འཕྲོ་བརླག་ཏུ་མི་འགྲོ་བ་མ་ཟད། གློག་ཤུགས་ཀྱང་ཆེན་པོ་ཡོད་འདུག ཡིན་ན་ཡང་། འཐེན་ཤུགས་རྦ་རླབས་ཀྱི་གློག་གིས་མི་དང་སྲོག་ཆགས་ལ་གནོད་པ་བྱེད་ཀྱིན་ཡོད་མི་འདུག རྒྱུ་མཚན་ནི་མི་དང་སྲོག་ཆགས་ཀྱི་ལུས་ལ་གློག་གི་འཐེན་ཤུགས་རྦ་རླབས་དེ་མེད་པས་ཡིན་འདུག

ཚན་རིག་ལག་རྩལ་འདི་ནི་ད་ལྟ་གསར་གཏོད་བྱས་པ་ཞིག་ཡིན་མི་འདུག དུས་རབས་བཅུ་དགུ་བའི་ནང་དུ་ཨ་རིའི་གསར་གཏོད་པ་ Thomas Edison ཐོ་མ་སི་ ཨེ་ཌི་སོན་ དང་དངོས་ཁམས་རིག་པ་བ་ Nikola Tesla ནི་ཁོ་ལ་ ཊེ་སི་ལ་ གཉིས་ཀྱིས་རིག་པ་འདི་རྙེད་ཡོད་འདུག ཐོག་དང་པོ་གློག་སྐུད་མ་འཐེན་པའི་སྔོན་དུ་ཁོང་ཚོས་འཐེན་ཤུགས་རྦ་རླབས་བརྒྱུད་ནས་རྒྱང་ཐག་རིང་བོར་གློག་གཏང་རྒྱུའི་བསམ་བློ་བཏང་ཡོད་ན་ཡང་། སྐབས་དེ་དུས་དཔལ་འབྱོར་གྱི་དབང་གིས་རིག་པ་འདི་ལག་འགྲུབ་བྱུང་མི་འདུག

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༢ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༧ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

མཆན། 4

  1. tenzin lobsang says:
    ལོ་ 17 སྔོན།

    good i like thit

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གོང་མཚུངས་ཀྱི་རེ་བ་བྱེད་བཞིན་ཡོད། ཡིན་ཡང་། བོད་ཟེར་བ་དེ་ལ་འཛམ་གླིང་གི་སྤྱི་ནོར་ཞིག་ཡོད། དེ་ནི་བདག་པོ་ཡག་པོ་བརྒྱག་ཐུབ་པ་ཡིན་ན། ད་གཟོད་གཞན་དག་ལ་ཚུར་སློབ་མཁན་སྒོ་དྲུང་དུ་ཡོང་བཞིན་ཡོད་པ་དེ་དག་ལ་དང་ལེན་བྱས་དེ་དུས་ཚོད་ཆུད་ཟོས་སུ་མ་བཏང་བ་ཡིན་ན་འགྲིག་གི་ཡོད་པར་འདོད།

    Reply
  3. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    ངོ་མ་ཡ་མཚན་དགོས་པ་ཞིག་རེད་མོད། གོང་དུ་དྲ་གྲོགས་ནད་པས་བཤད་པ་བཞིན་ང་ཚོ་བོད་མིའི་སློབ་ཕྲུག་དག་ལའང་དེང་རབས་ཚན་རྩལ་ལག་རྩལ་མཐོ་པོ་སླེབས་ནས་མ་འོངས་པ་བོད་ཡུལ་ནས་ཚན་རིག་པ་སྐུ་ཞབས་ག་གེ་མོས་ས་སྣུམ་དང་གློག་གང་ཡང་མི་དགོ་པའི་ཆུ་ཁོ་ནས་ལམ་ནས་གནམ་གྲུ་འཕུར་ཐུབ་པ་བཟོ་འདུག་ཅེས་འཛམ་གླིང་ན་ཁྱབ་པར་བྱེད་རྒྱུ་འབད་བརྩོན་བྱེད་དགོས།

    Reply
  4. ནད་པ says:
    ལོ་ 17 སྔོན།

    དུས་རབས་འདིར་ཕྱི་རྒྱལ་བ་ཚོས་མིའི་རྣམ་དཔྱོད་ཚད་མཐོ་པོར་བེད་སྤྱད་དེ་ད་ལྟ་ཚན་རིག་གི་ལག་རྩལ་འདི་འདྲ་ཞིག་ཏུ་སླེབས་ཡོད་པ་དངོས་གནས་ཧ་ལས་པ་རེད།

    ང་ཚོའི་བོད་རིགས་གཞོན་སྐྱེས་ཚོས་ཀྱང་ད་ཆ་དེང་རབས་ཀྱི་རིག་གསར་འདི་ཚོར་དོ་སྣང་དང་། སློབ་སྦྱོང་བྱེད་དགོས་པ་གལ་ཆེན་རེད་སྙམ།

    དེའི་ཕྱིར་གཞུང་དང་། ཚོགས་པ། དགོན་སྡེ། བླ་ཆེན། འབྱོར་ལྡན་སོགས་ཚང་མས་བོད་པའི་གཞོན་སྐྱེས་ཚོར་ཚན་རིག་གི་ལག་རྩལ་མངོན་འགྱུར་ཡོང་ཆེད་རོགས་རམ་བྱེད་དང་མཐུན་སྦྱོར་བྱེད་དགོས་པའི་དུས་ཚོད་གཅིག་ལ་སླེབས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese