མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་དབང་སྒེར་འཛིན་པས་མང་གཙོ་གླེང་བར་ལྟ་བ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་དབང་སྒེར་འཛིན་པས་མང་གཙོ་གླེང་བར་ལྟ་བ་ཞེས་པའི་དཔེ་དེབ་འདི་ནི། སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༤ བར་བཞུགས་སྒར་ངྷ་རམ་ས་ལའི་ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ལྟེ་གནས་ནས་དཔར་སྐྲུན་དང་འགྲེམ་སྤེལ་བྱས་ཡོད། དཔེ་དེབ་འདིར་གཙོ་བོ་དཔྱད་རྩོམ་དང་དགག་སྒྲུབ་རྩོམ་ཡིག་ཁག་ཅིག་བསྡུ་སྒྲིག་བྱས་ཡོད་པ་དང་། སྡོམ་པའི་ཤོག་ངོས་ ༡༡༨ དང་རྩོམ་ཡིག་ ༤ ཙམ་བདམས་བཀོད་བྱས་ཡོད། དཔེ་དེབ་འདིར་བསྡུས་པའི་རྩོམ་ཡིག་དག་ནི། ལོ་སྔ་ཕྱིར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་ལ་མཚན་སྨོད་དང་འཁྱོག་བཤད། དེ་བཞིན། བཙན་བྱོལ་བོད་གཞུང་དམངས་གཉིས་ལ་ཉེས་འཛུགས་དང་སྐྱོན་བརྗོད་འདྲ་མིན་བྱས་པ་དག་ལ། རྒྱུ་མཚན་དང་གནས་ལུགས་ཀྱིས་དངོས་ཡོད་གནས་ཚུལ་ར་སྤྲོད་བྱས་ཡོད།

 

དཔེ་དེབ་འདིར་རྩོམ་པ་པོ་བཀྲ་ཤིས་ཟླ་བ་ལགས་ཀྱིས་༼ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་བ་༽ཞེས་པའི་རྩོམ་ཡིག་གི་ཀླད་ཀྱི་གཏམ་དུ་བཀོད་དོན། རྒྱ་ནག་གཞུང་གིས་བོད་ཐོག་ཏུ་འཛིན་པའི་བཅོས་མའི་སྲིད་ཇུས་རྫུན་རྐུབ་བརྡོལ་ནས་གཅིག་ཐོག་གཉིས་བརྩེགས་ཕམ་ཉེས་རིམ་པར་བྱུང་བ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གནམ་མཁར་མི་ཤོང་བའི་རླབས་ཆེན་ཆོས་སྲིད་ཀྱི་མཛད་འཕྲིན་ཁག་དབྱར་གྱི་ཆུ་གཏེར་རྒྱས་པ་ལྟར་གོང་ནས་གོང་དུ་འཕེལ་ཞིང། བོད་དོན་རྒྱལ་སྤྱི་ཅན་ལ་ཁ་ཕྱོགས་པའི་རླབས་ཆེན་བྱ་བཞག་ལ་འཕུར་མཆོང་རང་བཞིན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། བོད་མིའི་རང་དབང་འཐབ་བརྩོད་ལ་ལོ་རྒྱུས་རང་བཞིན་གྱི་འགག་གྲོལ་གསར་བ་བྱུང་བ་དང་བཅས་ཀྱིས་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་དང་དཔོན་རིགས་རུ་ཚོགས་རྣམས་འཇིགས་སྣང་ཚད་མེད་ཚད་མེད་སྐྱེས་པ་དང་། གནས་ལུགས་ཀྱི་རྒྱབ་བརྟེན་མེད་པའི་གནས་སྟངས་དེ་འདྲའི་སྐབས་ལ། ག་དུས་ཡིན་རུང་གང་བྱེད་འདི་བྱེད་མེད་པར་གྱུར་པར་བརྟེན། མཐར་ཁོང་ཚོས་རང་གི་གཤམ་འོག་ཏུ་ཡོད་པའི་མི་རྣམས་ལ་བཙན་བཏང་ནས་མི་བདེན་རྫུན་སྒྲིག་གི་རྩོམ་འཆལ་འབྲི་རུ་འཇུག་གིན་ཡོད་ཅིང་། རྩོམ་འཆལ་ནང་ཐོག་མཐའ་བར་གསུམ་དུ་༧གོང་ས་མཆོག་དང་ཁོང་གིས་དབུ་ཁྲིད་གནང་བའི་བཙན་བྱོལ་བོད་གཞུང་ནི། རྦད་དེ་སྲིད་དབང་སྒེར་སྤྱོད་ཀྱི་ལམ་ལུགས་ཡིན་པ་རྩལ་བཏོན་བྱས་ཏེ། ཕམ་ཁ་བརྒྱ་ཕྲག་ཕྱིན་པའི་རེ་བ་དེ་སླར་ཡང་སྒྲུབ་ཨེ་ཐུབ་སྙམ་པའི་སྟོང་བསམ་ཞིག་བཅངས་ཡོད། ཅེས་བརྗོད་འདུག

 

ལན་འདེབས་ཀྱི་རྩོམ་ཡིག་ཁག་ནི། སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༡༢ པའི་ཚེས་ ༡༨ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་ཐོག་ཏཱ་ལའི་རུ་ཚོགས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་ཀྱི་ངོ་བོར་ལྟ་བ། ཞེས་པར་ངྷ་རམ་ས་ལའི་རྩོམ་པ་པོ་ཟླ་བ་བཀྲ་ཤིས་ལགས་ཀྱིས་དཔྱད་བརྗོད། ༼ ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་བ ༽ ཞེས་པ་དང་། ངྷ་སའི་རྩོམ་པ་པོ་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས། བོད་ལྗོངས་ཉིན་རེ་ཚགས་པར་སྟེང་གི་ཡེ་རྡོར་ཟེར་བའི་འཁྱོག་བརྗོད་ལ་དཔྱད་གཏམ་སྤེལ་བ། ༼ སྲིད་དབང་སྒེར་འཛིན་པས་མང་གཙོ་གླེང་བར་ལྟ་བ༽ ཞེས་པ། དེ་བཞིན། སྔར་ལོའི་ཟླ་ ༡༢ ཚེས་ ༡༢ ཉིན་ཡེ་རྡོར་ཟེར་བས་པེ་ཅིན་ཞིན་ཧཱ་གསར་འགྱུར་སྟེང་འཁྱོག་བཤད་བྱས་པར། ངྷ་རམ་ས་ལའི་རྩོམ་པ་པོ་ཁྲི་ཀའི་མཁྱེན་རབ་ལགས་ཀྱིས་༼ ཡེ་རྡོར་མིང་ཅན་གྱི་འཁྱོག་བཤད་ལ་གསལ་བཤད ༽ ཅེས་པ། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ཟེར་བའི་ཚགས་པར་སྟེང་གི་ཡེ་རྡོར་གྱི་དཔྱད་གཏམ། ཏཱ་ལའི་རུ་ཚོགས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་ཀྱི་ངོ་བོར་ལྟ་བ། ཞེས་པའི་རྩོམ་ཡིག་དེར་ངྷ་རམ་ས་ལའི་རྩོམ་པ་པོ་ཁྱུང་སྲས་རྒྱ་རིགས་ཐར་ལགས་ཀྱིས་བྲིས་པའི་༼ སྲིད་དབང་སྒེར་གཅོད་ཀྱི་ངོ་བོ་དངོས་མ་འཚོལ་བ་ ༽ ཞེས་བ་བཅས་བསྡུས་བཀོད་ཡོད།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 4

  1. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    ཁྱུང་སྲས་རྒྱ་རིག་ཐར་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཁྱེད་ཀྱིས་བྲིས་པའི་སྲིད་དབང་སྒེར་གཅོད་ཀྱི་ངོ་བོ་དངོས་མ་འཚོལ་བ་ཞེས་པ་ཚར་གསུམ་ཞིབ་ཏུ་བཀླགས་པ་ཡིན།ཧ་ལས་པའི་ཡག་པོ་མཐོང་སོང༌།

    Reply
  2. བསྟན་པ། says:
    ལོ་ 17 སྔོན།

    དེབ་འདི་མགོ་ནས་མཇུག་བར་དུ་བཀླགས་པ་ཡིན། དཔེ་ཡག་པོ་འདུག་གང་ལྟར་ལན་ཕོག་ཀྱང་རུང་མ་ཕོག་རུང་ཁོང་རྣམ་པས་འདི་ལྟར་བྱས་པ་ཙམ་གྱིས་གཟི་བརྗིད་རེད། རྩོམ་པ་པོ་དང། ལོ་རྒྱུས་མཁས་དབང་རྣམས་ཀྱིས་འདི་ལྟ་བུ་མང་ཙམ་འབྲི་རོགས་གནང་ན་ད་གཟོད་རྒྱ་དམར་གྱི་ལྐོག་གཡོ་ངན་གསུམ་གྱིས་བསྐྲུན་པའི་དཔེ་ཚོགས་རྣམས་ཀྱིས་དུས་ནམ་ཡང་བདེན་ཁ་ཞིག་སྟེར་མི་ཐུབ།

    Reply
  3. གནས་ཚང་། says:
    ལོ་ 17 སྔོན།

    ལས་གཞི་འདི་འདྲ་སྤེལ་བར་དགའ་བསུ་ཡོད། ཡི་རངས་ཡོད། བསྔགས་བརྗོད་ཡོད། དྲང་པོར་བཤད་ན། ལས་ཀ་འདི་རིགས་བཙན་བྱོལ་ཤེས་ཡོན་པ་ཚོས་གླེང་ཤེས་ཀི་མེད་པའམ། ལས་འདུན་མེད་པའི་གྲས་ཀྱང་རེད་སྙམ།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དངོས་ནས་དགའ་བསུ་ཡོད། ཤེས་བྱ་ཀུན་འདུས་ཚང་གི་རྩོམ་སྒྲིག་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese