མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནང་གི་་བོད་མིའི་ཉེན་ཁ་གསར་པ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བལ་ཡུལ་གྱི་འབྲེལ་བའི་ནང་དུ་བོད་དོན་དམིགས་འབེན་དུ་བཟུང་བ་དང་བལ་ཡུལ་གྱི་ཆབ་སྲིད་བརྟན་ལྷིང་མིན་པར་བརྟེན། དེར་ཡོད་པའི་བོད་པ་རྣམས་ལ་ཉེན་ཁ་གསར་པ་ཞིག་འཕྲད་བཞིན་འདུག་ཟེར།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་ལྟར་ན། དུས་རབས་མང་པོའི་རིང་གི་རིག་གཞུང་དང་ཆོས་ལུགས་ཀྱི་འབྲེལ་བ་ལ་མ་ལྟོས་པར་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་དབང་གིས། བལ་ཡུལ་གཞུང་གིས་བོད་པའི་ངོ་བོ་མཚོན་པའི་བྱ་འགུལ་གྱི་སྟེང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་དང་དེ་ལ་བློ་དཀར་བ་རྣམས་ཀྱིས་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་པའི་དབང་གིས་བལ་ཡུལ་གཞུང་གིས་ལོ་རྒྱུས་དང་བདག་དབང་གི་ཁེ་དབང་བློས་གཏོང་བཞིན་ཡོད་པར་བརྟེན། ཀ་ཐུ་མན་གྲུ་དང་བལ་བོད་ས་མཚམས་ཀྱི་གཞིས་ཆགས་ཁག་ཏུ་ཡུན་རིང་དུ་གནས་སྡོད་བྱས་པའི་སྐྱབས་བཅོལ་བོད་མི་རྣམས་ཀྱིས་རེ་བ་རླག་བཞིན་པ་མ་ཟད། ཞེད་སྣང་ཡང་སྐྱེ་གིན་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གསལ་བསྒྲགས་འགན་འཛིན་གཞོན་པ་ Mary Beth Markey མ་རས་ བྷེ་ཐི་ མར་ཁེས་ ཀྱིས་གསུངས་དོན། བལ་ཡུལ་གྱི་ཆབ་སྲིད་དབུ་འཁྲིད་རྣམས་ཀྱིས་རྒྱ་ནག་གི་འདོད་བློ་དང་བསྟུན་ནས་བོད་པ་རྣམས་ལ་དྲག་གནོན་བྱས་པ་ཡིན་ན་རྒྱལ་ནང་གི་ཁེ་ཕན། སྲོལ་རྒྱུན་དང་ཁྲིམས་མཐུན། ལོ་རྒྱུས་བཅས་ཀྱིས་སྦྲེལ་བའི་བསམ་བློ་དོར་བ་ལས་ཆེ་བར་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། ཡུན་རིང་དུ་སྡོད་མཁན་དང་ཡུལ་འདི་བརྒྱུད་ནས་སྐྱབས་བཅོལ་དུ་འགྲོ་བཞིན་པའི་བོད་པ་རྣམས་ཀྱིས་ལམ་འདིའི་འོག་སྡུག་མྱོང་བཞིན་པ་མ་ཟད། རྩ་བའི་རང་དབང་ཡང་རྒྱ་ནག་གི་ལག་ཏུ་ཤོར་ཡོད་པའི་སྐབས་འདིར། བལ་ཡུལ་མི་མང་དང་དམངས་གཙོ་ཅན་གྱི་ཚོགས་སྡེ་ཁག་ལ་ཡང་ཁྲིམས་ཀྱི་དབང་སྒྱུར་གྱི་ཐད་ནས་ཉེན་ཁ་ཞིག་འཕྲད་བཞིན་ཡོད་པ་རེད་ཟེར།

བོད་པར་རྒྱབ་སྐྱོར་བྱེད་མཁན་བལ་ཡུལ་སྤྱི་ཚོགས་སྟེང་གི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་རྣམས་ཀྱིས་པེ་ཅིན་གྱི་གནོན་ཤུགས་ཡ་དགག་རྒྱུར་འབད་བཞིན་པ་མ་ཟད། དུས་རབས་དྲུག་པ་ནས་མགོ་བཙུགས་པའི་བལ་བོད་གཉིས་ཀྱི་ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས་བཅས་ཀྱི་འབྲེལ་བ་ཤུགས་ཆེར་གླེང་བཞིན་ཡོད་འདུག ཤར་པ་དང་། རྟ་མང་། དོལ་པོ། གློ་སྨོན་ཐང་སོགས་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་མི་མང་གིས་བོད་པའི་ནང་ཆོས་ཉམས་ལེན་བྱེད་པ་དང་། ༧རྒྱལ་བ་རིན་པོ་ཆེ་ལ་ཡང་དད་པ་ཡོད་པ་རེད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ ༢༠༠༧ ནས་ད་ལྟ་བར་དུ་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ལྟར་ན། བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་སྐྱབས་བཅོལ་ལ་འགྲོ་བཞིན་པ་རྣམས་དང་ཡུལ་དེར་ཡུན་རིང་སྡོད་པའི་བོད་པ་སྐྱབས་བཅོལ་བ་རྣམས་ལ་ཉེན་ཁ་ཡོད་འདུག སྙན་ཐོ་དེས་བལ་ཡུལ་དུ་སྡོད་པའི་བོད་པ་རྣམས་ཀྱི་དཀའ་ངལ་བསལ་ན་བལ་ཡུལ་མི་མང་ལ་ཁེ་ཕན་རག་པའི་བསམ་ཚུལ་བཏོན་ཡོད་པ་དང་། མ་འོངས་པར་ཅི་ཞིག་བྱ་དགོས་པའི་ལམ་སྟོན་ཀྱང་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. ཡོན་ཏན says:
    ལོ་ 17 སྔོན།

    ད་ང་ཚོས་ཤུགས་མ་རྒྱག་ན་དཀའ་ངལ་ེརན་པོ་འཕྲད་ས་རེད

    Reply
  2. འཇམ་དཔལ། says:
    ལོ་ 17 སྔོན།

    བོད་དང་བལ་ཡུལ་གཉིས་མི་ལོ་མང་པོའི་ནང་འབྲེལ་བ་ཡོད་ཀྱང་ད་ཆ་རྒྱ་མིའི་གཞུང་གི་གནོད་ཤུག་འོགདམ་གྲག་མ་ཆེ་ཁ་མེད་རེད་འོན་ཀྱང་བལ་ཡུལ་ནང་བཞུགས་པའི་བོད་མིའི་རྣམས་སེམས་ཤུག་མ་ཆག་རོག་གནང་ང་ཚོ་རྒྱ་གར་ནང་ཡོད་པའི་བོད་མིའི་རྣམས་ཀྱི་རེད་བ་ཞུའི་ཡོད་བཅས་
    དིང་རི་མཚོ་སྒོ་བ་འཇམ་དཔལ་ནས་
    ང་ཚོ་བོད་མིའི་རྣམས་སེམས་ཤུག་མ་ཆག་རོག་གནང

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཡིད་སྐྱོ་བ་ཞིག་ལ་བོད་མི་དག་གིས་རང་ཁྱིམ་ལ་ལོག་པར་རྡོག་རྩ་གཅིག་སྒྲིག་གྱིས་མགོ་བཀའ་བློན་ནས་གཞུག་སྤྲང་བོ་ཚུན་ཆད་ཀྱིས་བྱེས་ནས་བྱེས་སུ་བཅར་བར་སྒྲ་སྒྲིག་བྱེད་པ་ལས་བྱེས་ནས་གཞིས་ལ་ལོག་རྒྱུའི་ཐད་དུ་གོམ་བཀང་མདུན་སྤོ་དང་བྱ་བཞག་གཅིག་རྗེས་གཉིས་མཐུད་བྱས་ན་བོད་པ་ཚང་རྒྱ་ནག་གི་གཞུག་འདེད་མཁན་བལ་གཞུང་འདི་བ་ཚང་ལ་མུ་མཐུད་དུ་རེ་དགོས་པར་ཕར་རེ་བ་ཞིག་ཞུ་མི་དགོས་པར་བལ་གཞུང་གིས་བོད་པ་ཚང་ལ་རེ་བ་རྒྱག་རྒྱུའི་མགོ་འཛུགས་ངེས་ཡིན། དེ་མིན་བྱེས་ནས་བྱེས་ལ་བཅར་རྒྱུའི་བསམ་བློ་བཟུང་བ་ཡིན་ན་བལ་ཡུལ་འདི་ཚང་བལ་ཡུལ་གྱི་བྱེས་པ་དག་གི་གཙོ་བའི་བོད་མི་བྱེས་པ་ཡོངས་ལ་དགྲ་རུ་མི་འཛིན་པའི་ངེས་པ་གཏན་ནས་མེད་ལ། ལོ་ངོ་ཁ་ཤས་ཀྱི་རྗེས་སུ་བལ་ཡུལ་ནི་རྒྱ་དམག་གི་བོད་ཐོག་ལ་བཙན་གནོན་བྱེད་ཡུལ་གཉིས་པ་དེ་ཆགས་རྒྱུར་གདོན་མི་ཟ་བ་ཡིན།

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    བོད་མི་རིགས་གྱི་བདེན་དོན་རྩོད་པའི་ཧུར་སྒྲ་ལ་རྒྱུད་ཆད་མེད་པའི་བལ་ཡུལ་གྱི་རང་གི་ཡུལ་མི་འདི་དག་གི་ཉེན་ཁ་དང་དཀའ་སྡུག་ལ་ང་ཚོ་གཞུང་དམངས་གཉིས་ཀྱིས་གདོང་ལེན་དང་རོགས་སྐྱོར་དགོས་ཀྱི་འདུག་་་་་་མ་ཤེས་མདོག་མདོག་བྱས་ན་བསྡད་ན་མཛེས་པོ་ཞིག་མི་འདུག

    Reply
  5. འབྲོག་ཁྱི། says:
    ལོ་ 17 སྔོན།

    དངོས་ནས་སངས་རྒྱས་ཆོས་འཕེལ་གྱི་བསམ་ཚུལ་དེ་ཡག་པོ་འདུག།ཡིན་ན་ཡང་སྟོབས་ཆེནརྒྱལ་ཁབ་ཅིག་ལ་སྐྱབས་བཅོལ་དགོས་ན་ཐད་ཀར་བོད་ནས་སྐྱབས་བཅོལ་ལ་ཡོང་རྒྱུ་ལ་དཀའ་ལས་ཆེན་པོ་ཞིག་འཕྲད་ཡོང་ན་བསམ་ཞེ་ཡི་འདུག།

    Reply
  6. དགྲ་འདུལ། says:
    ལོ་ 17 སྔོན།

    དངོས་གནས་བྱས་ན། བལ་ཡུལ་གྱི་ཁྱིམ་མཚེས་ཡག་ཤོས་ནི་རྒྱ་གར་རེད། ད་ནི་རྒྱ་ནག་གི་མཆན་འོག་ལ་ཤོར་ཡོད་སྟབས་རྒྱ་གར་གྱིས་ཀྱང་བལ་ཡུལ་ལ་ཤུགས་རྐྱེན་འདྲ་སྤྲོད་ཐུབ་ཀྱིན་མེད་པ་འདྲ།

    Reply
  7. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    བལ་ཡུལ་དང་བོད་གཉིས་ནི་མི་ལོ་སྟོང་ཕྲག་ལས་ལྷག་པའི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ནའང་རྒྱ་གཞུང་གི་དཔལ་འབྱོར་གྱིས་དབང་བསྒྱུར་འོག་འབྲེལ་བ་རྣམས་སྣང་མེད་དུ་བཏང་ནས། རྒྱ་གཞུང་གིས་ཅི་ཟེར་ལགས་སོ་ཟེར་དགོས་ཀྱི་ཡོད་པ་འདིས་མ་འོང་པར་ད་ལྟར་ཡིད་ཆེས་ཡོད་པའི་རྒྱལ་ཁབ་བོད་ལ་དགའ་ཞེན་ཅན་རྣམས་ཀྱང་དེ་ལྟར་འགྱུར་བའི་སྔོན་བརྡ་རེད། དེ་བས་ད་ལྟ་ནས་སྐྱབས་བཅོལ་བྱེད་ནས་སྡོད་དགོས་ན་སྡོད་ས་བཙན་པོ་ཞིག་རག་ཐབས་བྱ་ཡ་དེ་བཙན་བྱོལ་བོད་གཞུང་གིས་ལས་འགན་ཆེ་ཤོས་སུ་སྣང་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese