མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམར་གཞུང་གི་སྲིད་བྱུས་དང་དེའི་དཀའ་རྙོག སྤྱི་འཐུས་ཡེ་ཤེས་ཕུན་ཚོགས།

བོད་ཀྱི་དུས་བབ།
༢༠༠༩/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

དབུས་གཙང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས།

རྒྱ་ནག་ནང་དམར་ཤོག་ཚོགས་པའི་གཞུང་འཛིན་ནས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་མི་ལོ་དྲུག་ཅུ་འཁོར་བའི་དམིགས་བསལ་དུས་དྲན་གྱི་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་འཆར་དང༌། དེ་བཞིན་རྒྱ་ནག་གི་མགོ་ཁྲིད་གཉིས་པ་ཏིན་ནས་གུ་ཡངས་རིང་ལུགས་ཀྱི་དཔལ་འབྱོར་སྲིད་བྱུས་གསར་གཏོད་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བ་བཅས་ཀྱི་ལས་དོན་མང་དག་ཅིག་གོ་སྒྲིག་ཞུ་འཆར་གྱི་ཐོག་མི་མང་ལ་མགོ་བསྐོར་གཏོང་བྱུས་དང་འཛམ་གླིང་ནང་སྲིད་བྱུས་ཡང་དག་ཡིན་པ་ཡོངས་ཁྱབ་སྟོན་རྒྱུའི་ལས་གཞི་བང་སྒྲིག་བཞིན་པས། དོན་དངོས་མི་མང་ཡོངས་ལ་ད་བར་ཕན་ཐོགས་བྱུང་མེད་པ་དང༌། དེའང་ད་ལྟ་འབྱོར་ལྡན་དང་གྲལ་རིམ་ཅན་གྱི་དམར་པོའི་སྲིད་གཞུང་དུ་འགྱུར་ཡོད།  ལྷག་པར་དང་པོའི་སྐབས་ཀྱི་དམར་པོའི་སྲིད་བྱུས་རྣམས་ད་ལྟ་མིང་ཙམ་ལས་ལྷག་མེད། ཐོག་མར་མའོ་ཙེ་ཏུང་གི་སྲིད་བྱུས་ནང་འདྲ་མཉམ་དང་ཐོབ་ཐང་མེད་པའི་ཞིང་འབྲོག་གཉིས་དང་། བཟོ་བ། དེ་བཞིན་གྲལ་རིམ་མེད་པའི་མི་མང་གིས་གཞུང་འཛིན་རྒྱུའི་སྲིད་བྱུས་ལ་བརྟེན་རྒྱ་ནག་ནང་དམར་ཤོག་ལ་མི་མང་གི་རྒྱབ་སྐྱོར་ཐོབ་ཡོད། འོན་ཀྱང་ད་ཆ་ཞིང་འབྲོག་གཉིས་དང་། བཟོ་བ། དེ་བཞིན་གྲལ་རིམ་མེད་པའི་མི་མང་རྣམས་ལ་འདྲ་མཉམ་གྱི་ཐོབ་ཐང་མེད་པའི་ཁར། ཤེས་ཡོན་སོགས་གང་གི་ཐད་ནས་ཀྱང་ཐོབ་ཐང་མེད་པར་ལས་མེད་དུ་འགྱུར་བཞིན་ཡོད། དེས་ན་ཞིང་འབྲོག་གཉིས་དང་། བཟོ་བ། དེ་བཞིན་གྲལ་རིམ་མེད་པའི་ན་གཞོན་ལས་མེད་ས་ཡ་མང་པོ་ནས་ངོ་རྒོལ་ཡོང་དང་ཡོང་བཞིན་པ་དང་གཅིག  རྒྱ་ནག་དཔོན་རིགས་ནང་སྔར་ལྟར་གཅིག་འོག་གཅིག་བསྡུས་ཀྱིས་འཆམ་མཐུན་དང་བློ་མཐུན་ཐོག་སྲིད་གཞུང་འཛིན་འགྱུར་ཆབ་སྲིད་རང་བཞིན་གྱི་དཀའ་ངལ་དང་གཉིས། ནང་ཁུལ་དབང་ཆ་དང་ཞབས་འདེགས་ཀྱི་འཐབ་རྩོད་ཡོང་བཞིན་པ་དང་གསུམ། རྒྱ་ནག་སྲིད་འཛིན་གྱི་བུ་དང་འབྱོར་ལྡན་གྲལ་རིམ་པ་ཁག་ཅིག་གིས་གཞུང་དང་མི་མང་གི་དཔལ་འབྱོར་ལྐོག་ཟ་བྱས་པའི་སྐྱོན་བརྗོད་ཡང་རྒྱལ་སྤྱིའི་གསར་འགྱུར་ཐོག་ཁྱབ་བཞིན་པ་དང་བཞི། བཟོ་གྲྭ་ཁག་གི་ལས་མི་རྣམས་ནས་ཀྱང་སྔར་དང་མི་འདྲ་བར་ཐོབ་ཐང་འདྲ་མཉམ་དགོས་པའི་ངོ་རྒོལ་བྱ་བཞིན་པའི་དངོས་ཡོད་ཀྱི་གནད་དོན་དང་ལྔ། དེ་བཞིན་འདི་ལོ་དམིགས་བསལ་གྱིས་རྒྱ་ནག་དམར་པོའི་སྲིད་གཞུང་དེ་ཉིད་དགུ་མིག་ནང་དུ་ཚུད་ཡོད་ན།  དེའང་དང་པོ། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ ནང་རྒྱ་ནག་མང་གཙོའི་འཐབ་རྩོད་པའི་ལས་འགུལ་སྤེལ་ནས་མི་ལོ་ཉི་ཤུ་འཁོར་བའི་དམིགས་བསལ་དུ་ལོ་ཧྲིལ་བོར་ལས་འགུལ་ཡོད་པ། གཉིས་པ། ཕྱི་ལོ་ ༡༩༩༥ ལོར་རྒྱ་གཞུང་གིས་དམ་དྲག་བྱས་པའི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་རྗེས་འཇུག་པ་ཚོས་ཐོབ་ཐང་འདྲ་མཉམ་ཐོག་ཆོས་ཀྱི་ཉམས་ལེན་བྱ་ཆོག་པའི་ལས་འགུལ་སྤེལ་ནས་མི་ལོ་བཅུ་འཁོར་སྟབས་ལོ་ཧྲིལ་བོར་ལས་འགུལ་ཡོད་པ། གསུམ་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཡོངས་ཁྱབ་གསལ་བསྒྲགས་བྱས་ནས་མི་ལོ་དྲུག་ཅུ་འཁོར་བ་དང་། དེའི་ཐོག་རྒྱ་གཞུང་ལ་དམིགས་བསལ་གྱི་འགྲོ་བ་མིའི་ཐོབ་ཐང་ཐོག་སྲུང་སྐྱོབ་དང་འདྲ་མཉམ་འབུལ་དགོས་པའི་རྒྱལ་སྤྱིའི་གནོན་ཤུགས་ཀྱང་ཆེ་བས། རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ཐོག་ཡར་རྒྱས་དང་སྲུང་སྐྱོབ་དགོས་པའི་སྙན་ཐོ་ཡང་བཏོན་ཡོད། དེ་བཞིན་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་རྒྱལ་སྤྱིའི་གནོན་ཤུགས་ཀྱང་སྤྲད་ཡོད། བཞི་པ་རྒྱ་གཞུང་ནས་བོད་ལ་བཙན་འཇུལ་བྱས་ཏེ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཞུ་བཞིན་ཡོད་པ། ལྔ་པ། ཤིན་ཅང་མི་མང་ནས་རྒྱ་གཞུང་ལ་ངོ་རྒོལ་མུ་མཐུད་ཀྱིས་ལས་འགུལ་སྤེལ་བཞིན་པ། དྲུག་པ། རྒྱ་ནག་ནང་ཨི་ཤུའི་ཆོས་པ་རྣམས་ལ་དོ་དམ་བྱས་པའི་རྐྱེན་གྱིས་ལས་འགུལ་སྣ་ཚོགས་ཤིག་འབྱུང་བཞིན་པ། ལྷག་པར་ལོ་རབས་ ༦༠ ནས་ ༨༠ ནང་བར་རྒྱལ་སྤྱིའི་ནང་དམར་ཤོག་གི་ལྟ་གྲུབ་ཅན་སྲིད་གཞུང་མང་དག་ཅིག་བྱུང་ཡོད་པ་དེའི་ནུས་པས་རྒྱ་གཞུང་ལ་རྒྱབ་སྐྱོར་ཐོབ་ཡོད་ནའང༌། ལོ་རབས་ ༨༠ རྗེས་ནས་ཤར་ནུབ་གཉིས་ནང་དམར་པོའི་སྲིད་གཞུང་ནས་རང་དབང་མང་གཙོའི་སྲིད་བྱུས་འཛིན་པའི་སྲིད་གཞུང་ལ་འདོད་མོས་ཆེ་རུ་ཕྱིན་པ་དང་། ལྷག་པར་ལོ་རབས་ ༩༠ ནང་འཛམ་གླིང་ནང་ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་ཕྱིན་ཏེ་རང་དབང་མང་གཙོའི་སྲིད་གཞུང་འཛིན་མཁན་མང་དུ་གྱུར་ཡོད། ད་ཆ་ཤར་ནུབ་ནང་དམར་ཤོག་གི་སྲིད་བྱུས་འཛིན་པའི་སྲིད་གཞུང་ཤིན་ཏུ་ནས་ཉུང་དུ་འགྲོ་བཞིན་ཡོད་ན། དེ་བཞིན་རྒྱ་ནག་ནང་ལོ་རབས་ ༧༠ ནས་ ༩༠ ནང་རྒྱ་ནག་དམར་པོའི་མགོ་ཁྲིད་གཉིས་འདས་གྲོངས་ཟིན་པ་དང༌། མགོ་ཁྲིད་གསུམ་པའང་འཆི་ལ་ཉེ་བ་དང་ད་ལྟ་འཛིན་བཞིན་པའི་མགོ་ཁྲིད་ཡང་མགྱོགས་མྱུར་འཕོ་ལ་ཉེ་སྟབས༌། མ་འོངས་རྒྱ་ནག་སྤྱི་ལ་དབང་བའི་མགོ་ཁྲིད་ཡོང་རེ་དཀའ་བའི་ཐོག ནང་ཁུལ་ཆབ་སྲིད་ཀྱི་འཐབ་རྩོད་ཡང་ཇི་རྙེད་ཅིག་ཡོང་རྒྱུ། དེས་ན་འབྱུང་འགྱུར་རྒྱ་ནག་ཡང་རང་དབང་མང་གཙོར་འགྱུར་རྒྱུའི་མི་མང་གི་མངོན་འདོད་དང་རེ་བ། དེ་བཞིན་རྒྱལ་སྤྱིའི་གནོན་ཤུགས་བྱ་རྒྱུ་ཡང་དེ་ཡིན་ན་དེ་ལྟར་ཡོང་རེ་ཆེ་བ་བཅས་དངོས་ཡོད་ཀྱི་གནད་དོན་དཔྱད་ཞིབ་དུ་ཕུལ་བ་ཡིན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༣ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. བདེ་བ་ཅན། says:
    ལོ་ 17 སྔོན།

    དེ་ནི་བོད་མི་མང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་ནས་གདེངས་སྤོབས་དམའ་བ་དང་རེ་སྟོང་གི་ཐུགས་སེམས་འཁོར་ཏེ་ང་ཚོར་སེམས་གསོ་དང་བློ་སྟོབས་སྤེལ་གྱི་ཡོད་ས་འདུག རྒྱ་ནག་གི་འགོ་ཁྲིད་ཏིང་ཤི་རྗེས་བོད་ཀྱི་གནད་དོན་ལ་འགྱུར་ལྡོག་འགྲོ་རྒྱུར་ང་ཚོ་བོད་ མིའི་ཁྲོད་རེ་བ་ཤུགས་ཆེ་བྱ་མཁན་དེ་ཚོ་ནི་ད་ལྟ་རྒྱ་ནག་ལ་འགྱུར་བ་རྩ་བ་ནས་འགྲོ་གི་མ་རེད་ཟེར་མཁན་དེ་ཚོའི་གྲས་ཡིན་ས་ཡོད། རྒྱ་ནག་ནང་ཁུལ་ཆབ་སྲིད་ཀྱི་འཐབ་རྩོད་དང་འབྱུང་འགྱུར་རྒྱ་ནག་སྤྱི་ལ་དབང་བའི་འགོ་ཁྲིད་ཡོང་རེ་དཀའ་བ་ཟེར་བ་དེ་ནི་རྦད་དེ་མཚན་མོའི་མུན་པའི་ཁྲོད་དུ་འོབ་ཚོད་ཀྱི་བསྒྲགས་གཏམ་རང་རེད། རྒྱ་ནག་ནི་གཅིག་བསྡུས་རིང་ལུགས་ཀྱི་དབང་ཆས་འཛིན་པའི་རྒྱལ་ཁབ་ཞིག་ཡིན་པས། སྤྱི་ལ་དབང་བའི་དཔོན་པོ་ཞིག་འདེམས་མི་དགོས་པ། སྤྱི་ལ་བསྣན་ཐུབ་པའི་མི་སྣ་དགུ་ཙམ་ཞིག་གིས་བང་བསྒྲིགས་ཏེ་སྒུག་བསྡད་ཡོད། སྡུག་སེམས་བསྣག་པའི་ཏིང་ཤི་རྗེས་ཅང་གི་བོད་མི་ལྟ་བུ་རེ་བའི་ནང་སླེབས་སྐབས་ཏིང་གི་འདས་དོན་ལ་ང་ཚོས་སྐབས་འགར་ཡིད་སྨོན་བྱེད་པ་དང༌། ཅང་འཁྱུར་རྗེས་སྙོམ་སྒྲིགས་མེད་པའི་རྒྱ་ནག་གི་སྤྱི་ཚོགས་ཁྲོད་ནས་ང་ཚོར་རེ་བ་གསར་པ་ཞིག་བྱིན་ཡོད། འོན་ཏེ་དེ་ལས་ལྡོག་སྟེ་ང་ཚོར་ཡུན་རིང་ནས་སྡུག་སྦྱོང་སྤྲོད་མྱོང་བའི་ཧུའུ་སླེབས་རྗེས་ཁོ་པས་དེ་སྔའི་རེ་བ་ལས་ཡོངས་སུ་ཟད་བཅུག་སྟེ་ད་ཆ་སླར་ཡང་གཉའ་གནོན་དང་བཙན་ཤུགས་འོག་ང་ཚོ་འཚོ་དགོས་ཀྱི་ཡོད། རྒྱ་ནག་གཅིག་བསྡུས་སུ་དབང་བསྒྱུར་བའི་དམར་ཤོག་གི་དཔོན་རིགས་དེ་དག་ད་ལྟ་དམག་ཤོག་དཔུང་ཁག་དང་། བདེ་འཇགས་ཚན་པའི་ཁོངས་སུ་མུ་མཐུད་གསོ་སྐྱོང་བྱ་གི་ཡོད་ཅིང་། ཁོང་ཚོར་དགོས་གལ་བྱུང་ཚེ་དེ་སྔ་པ་ཀི་སི་ཐན་སོགས་དང་འདྲ་བར་དམར་ཤོག་གི་དབང་ཆ་ཡོངས་རྫོགས་ད་ལྟའི་དམག་དཔུང་ཁྲོད་ཀྱི་དབང་ཆ་ཆེ་ཤོས་འཛིན་མཁན་གྱི་དཔོན་རིགས་ཚོས་འཇུས་ཏེ་དམར་ཤོག་གི་ལམ་ལུགས་མུ་མཐུད་ལག་ལེན་བསྟར་རྒྱུ་མ་ཟད། དྲག་ཤུགས་བེད་སྤྱད་དེ་གྲངས་ཉུང་མི་རིགས་རྩ་མེད་བཟོ་སྲིད་པ་དེ་ནི་ཉེན་ཁ་ཆེ་ཤོས་ཤིག་ཆགས་ཡོད། རྒྱ་ནག་ད་ལྟའི་དབང་འཛིན་པ་ཚོས་རང་ཉིད་ཀྱི་མཁྲེགས་བཟུང་སྲིད་བྱུས་ལ་འགྱུར་བ་བཏང་ཚེ་རང་ཉིད་ཚེ་མཇུག་གི་བདེཐབས་བློས་གཏོང་དགོས་པ་དང༌། དམར་ཤོག་རིང་ལུགས་ཀྱི་གཅིག་བསྡུས་སྟོབས་ཤུགས་ཉམས་ཞན་དུ་སོང་སྟེ་དབང་ཆ་མཐའ་དག་མི་མང་གི་ལག་ཏུ་སྤྲོད་པའི་དམངས་གཙོའི་ལྟ་གྲུབ་ལ་རྩ་བའི་ཆ་ནས་དགའ་སྣང་བྱ་གི་མེད་པས་རེད༎

    Reply
  2. ལྷ་ཆེན་བུ། says:
    ལོ་ 17 སྔོན།

    བྱུང་རིམ་མ་ཏོག་མ་འོངས་པ་ དེའི་ཁ་བཏད་གྱི་ཐབས་ལམས་???”??????????????????????

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese