མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་འདྲའི་ནད་པ་ཞིག་ཏུ་གཏོང་མཁན་རྒྱ་གཞུང་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁོང་ཉིད་སྔོན་མ་ན་ཚ་ཅི་ཡང་མེད་པར་ལུས་པོ་བདེ་ཐང་ཡིན་པས་། ངས་སྤོབས་པ་ཆེན་པོས་ངའི་ཁྱོ་ཀའི་གཟུགས་པོའི་གནས་སྟངས་དེ་འདྲ་ཞིག་བཟོ་མཁན་རྒྱ་མི་རེད་ཅེས་བཤད་ཀྱིན་ཡོད། ཅེས་དོན་གྲུབ་དབང་ཆེན་གྱི་བཟའ་ཟླ་ལྷ་མོ་མཚོ་ལགས་ཀྱིས་བརྗོད་བྱུང།

ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་ངྷ་ས་མེག་གྷན་རླངས་འཁོར་ས་ཚིགས་སུ་བཙན་བྱོལ་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག་མཚན་རྟགས་བསྡུ་རུབ་གྱི་ལས་འགུལ་ཞིག་སྤེལ་སོང་ལ། དེ་ནི་རྒྱ་གཞུང་གིས། ལོ་སྔོན་མའི་ནང་༧གོང་ས་མཆོག་དང་རྒྱ་ནག་ནང་འཚོགས་ཟིན་པའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན། རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་བཅས་ཀྱི་ཐད་བོད་མི་དཀྱུས་མའི་བསམ་ཚུལ་བསྡུ་རུབ་བྱས་ཏེ་གློག་བརྙན་གྱི་གཟུགས་སུ་ཕབ་སྐྲུན་བྱས་མཁན། ༼འཇིགས་བྲལ༽གློག་བརྙན་ཕན་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་ལ་རྒྱ་ནག་གཞུང་གིས་སྤྱི་ཟླ་ ༨ པའི་ཚེས་ ༡ ཉིན་ཁྲིམས་ཆད་གཅོད་རྒྱུའི་གཏན་འཁེལ་བྱུང་ཡོད་སྟབས། གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་རྒྱལ་གཅེས་པ་དོན་འགྲུབ་དབང་ཆེན་ལགས་ཀྱི་ཕུགས་བསམ་དང་འཇིགས་ཞུམ་བྲལ་བའི་སྙིང་སྟོབས་ལ་གོང་བཀུར་དང་འབྲེལ། རྒྱ་ནག་གཞུང་གིས་ཁོང་ལ་དྲང་བདེན་གྱི་ཁྲིམས་ཆད་དང་འགྲོ་བ་མིའི་གཞི་རྩའི་རང་དབང་སྤྲོད་དགོས་པའི་ཐད་མཚན་རྟགས་བསྡུ་རུབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་འབོད་སྐུལ་ཞུས་ཆེད་ཡིན་པ་དང་། དེ་བཞིན། དགོང་མོ་དེར་མར་མེ་ཁྲོམ་སྐོར་ཐོག་ཁོང་གི་བཟའ་ཟླ་ལྷ་མོ་མཚོ་གཙོས་ཚོགས་པ་ཁག་གི་ཚོགས་མི་དང་ས་གནས་མི་མང་བརྒྱ་ལྷག་འདུ་འཛོམས་བྱས་ཡོད།

 

སྐབས་དེར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་གསུངས་དོན། དེ་རིང་ང་ཚོ་ཚོགས་པ་ཁག་མཉམ་རུབ་ཀྱིས་ལས་འགུལ་འདི་སྤེལ་དོན་ནི། རྒྱ་གཞུང་གིས། ལོ་སྔོན་མའི་སྤྱི་ཟླ་ ༣ པའི་ཚེས་ ༢༦  ཉིན་རྒྱལ་གཅེས་པ་དོན་འགྲུབ་དབང་ཆེན་ཁ་བྲལ་རིང་ལུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད།  རྒྱ་གཞུང་གིས། ཁ་བྲལ་རིང་ལུགས་ཀྱི་ནག་ཉེས་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་འདུག་ཅེས་ན། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་བཀུར་བྱས་པ་དང་། སྨྲ་བརྗོད་རང་དབང་ལྡན་པའི་ཐོག་རང་ཉིད་ཚོར་བ་དང་བསམ་ཆུལ་བཤད་པ་ཡིན་ན་དེ་ལ་ཁ་བྲལ་རིང་ལུགས་པར་ངོས་འཛིན་གནང་གི་ཡོད་པ་རེད། རྒྱལ་གཅེས་པ་དོན་འགྲུབ་དབང་ཆེན་ལགས་ཀྱིས། རྒྱལ་སྤྱིའི་རྩེད་འགྲན་སླེབས་ལ་ཉེ་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་གི་སྲིད་ཇུས་འཛིན་སྟངས་ལ་གཞིས་ལུས་མི་མང་གི་བསམ་ཚུལ་གང་འདྲ་ཡིན་མིན་གྱི་༼འཇིགས་བྲལ༽གློག་བརྙན་ཕབ་སྐྲུན་བྱས་སྟབས། ད་ལྟའི་བར་གར་སོང་ཆ་མེད་དུ་གྱུར་བ་དང་སྡུག་སྦྱོང་དང་མནར་གཅོད་གང་འདྲ་ཞིག་བཏང་ཡོད་མེད་དེ་ང་ཚོས་ཚོད་དཔག་བྱས་ཐུབ་པ་ཞིག་རེད། ཁོང་ཉིད་ཀྱི་གློག་བརྙན་ཕབ་སྐྲུན་བྱས་པ་དེའང་སྙན་གྲགས་ཞིག་གི་ཆེད་དུ་མ་ཡིན་པར་གཉན་འཕྲང་ཅན་གྱི་དུས་སྐབས་དེར་བོད་མི་ཚོའི་ནང་སེམས་ཀྱི་ཚོར་བ་དང་སྡུག་བསྔལ་འཛམ་གླིང་ཤེས་རྟོགས་བྱས་ཆེད་བོད་པ་ཞིག་ཡིན་པའི་ངོས་ནས་ལས་དོན་འདི་བསྒྲུབས་ཡོད་སྟབས། ང་ཚོས་ཁོང་གི་རླབས་ཆེན་གྱི་སྙིང་སྟོབས་ལ་གུས་བཀུར་བྱེད་བཞིན་ཡོད་ལ། ཁོང་གི་གཟུགས་པོའི་འཕྲོད་བསྟེན་སོགས་ཀྱི་ཐད་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་མ་ཟད། ཁོང་ལ་དྲང་བདེན་གྱི་ཁྲིམས་ཆད་བྱས་པར་ང་ཚོས་སྙིང་ཁོང་རུས་པའི་རུས་པའི་སྟེང་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མི་ཞིག་ཡིན་པའི་ངོས་ནས་ཁོང་ལ་རྒྱབ་སྐྱོར་གནང་རོགས་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན། ཅེས་བརྗོད་བྱུང། 

དེ་བཞིན། རྒྱལ་གཅེས་པ་དོན་འགྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོ་ལགས་ཀྱིས་ལས་འགུལ་འདི་དང་འབྲེལ་ཁོ་མོས་སེམས་ཚོར་བརྗོད་དོན། དེ་རིང་གཞུང་འབྲེལ་མིན་པའི་ཚོགས་པ་ལྔས་དོན་འགྲུབ་དབང་ཆེན་གློད་གྲོལ་ཆེད་རྒྱབ་སྐྱོར་གནང་བ་དང་འདིར་རུ་ཕེབས་པའི་མི་མང་ཚང་མར་ང་རང་གི་ཐུགས་རྗེ་ཆེ་ཞུ་བ་ཡིན། ངའི་ཁྱོ་ཀ་གང་འདྲ་བྱས་ནས་འཛིན་བཟུང་བྱས་པ་དེ་ང་རང་གི་མ་བཤད་ཀྱང་ཚ་མས་མཁྱེན་གྱི་ཡོད་པ་རེད། ཁོ་རང་ལོ་སྔོན་མ་ནས་ད་ལྟའི་བར་ང་ཚོ་ནང་མི་གཅིག་ཀྱང་ཁོང་ལ་ཐུག་འཕྲད་ཀྱི་གོ་སྐབས་བྱུང་མེད་པ་མ་ཟད།  ད་ལྟའི་ཆར་རྒྱ་གཞུང་གིས་ཁོང་ལ་ང་ཚོ་ནང་མིའི་འདོད་པ་ཡོད་པའི་རང་དབང་ཅན་གྱི་ཁྲིམས་རྩོད་པར་ཁྲིམས་རྩོད་བྱེད་དུ་བཅུག་མེད་སྟབས། ང་ཚོ་ནང་མི་ཚང་མ་སེམས་འཚབ་ཆེན་པོ་སྐྱེས་བཞིན་ཡོད། ལྷག་པར་རྒྱ་གཞུང་གིས་ཁོང་ཉིད་འཛིན་བཟུང་བྱས་པ་ནས་སྡུག་སྦྱོང་དང་མནར་གཅོད་བཏང་སྟེ་ད་ལྟ་མཆིན་པའི་ན་ཚ་བཟོས་ཡོད་ཚུལ་ཐོས་སྟབས། ང་ཚོ་ནང་མི་ཚང་མ་ཉིན་གཅིག་ཀྱང་འགྲོ་དཀའ་བའི་སྡུག་བསྔལ་གྱི་གནས་སུ་ལྷུང་ཡོད། ཁོང་ཉིད་སྔོན་མ་ན་ཚ་ཅི་ཡང་མེད་པར་ལུས་པོ་བདེ་ཐང་ཡིན་སྟབས། ངས་སྤོབས་པ་ཆེན་པོས་ཁོ་བོའི་ད་ལྟའི་གཟུགས་པོའི་གནས་སྟངས་དེ་འདྲ་ཞིག་ཆགས་པ་དེ་རྒྱ་མིས་ཁོང་རང་ཚོས་བཟོས་པ་རེད་ཅེས་བརྗོད་ཐུབ།  ཁོང་ཉིད་གནང་སྟངས་དེ་འདྲ་ཞིག་ཏུ་གྱུར་ཡོད་པས་ངས་རྒྱ་མིས་གཞུང་ལ་དོན་འགྲུབ་དབང་ཆེན་འདུས་པའི་མནར་གཅོད་དང་གདུག་རྩུབ་མྱངས་དང་མྱོང་བཞིན་པ་རྒྱལ་གཅེས་པ་ཡོངས་ཀྱི་སྡུག་བསྔལ་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མི་ཡོངས་ནས་མཁྱེན་རྟོགས་བྱ་རྒྱུ་དང་། ཁོང་རྣམས་པ་གློད་གྲོལ་ཐད་རྒྱབ་སྐྱོར་གནང་རོགས་གནོངས་རོགས་ཞུ་རྒྱུ་ཡིན་ལ།  དེ་བཞིིན།  ཁོ་མོས་ངུ་ངག་དང་བཅས་སང་ཉིན་ངས་ཁྱོ་ཀ་རྒྱ་ནག་གིས་ཁྲིམས་ཆད་གཅོད་བཞིན་ཡོད་སྟབས། ཁོ་རང་གཅིག་པུ་མ་ཡིན་པར་རྒྱལ་གཅེས་པ་ཡོངས་གློད་གྲོལ་དང་ལོ་སྔོན་མའི་ཞི་རྒོལ་ཁྲོད་ཕ་མ་ཤི་ཟིན་པ་དང་ཁྱོ་ཀ་ཤི་ཟིན་པ་བུ་ཕྲུག་རྣམས་ལ་བདག་པོ་མེད་པ་སོགས་བོད་ནང་ཁུལ་གྱི་ནང་མི་དེ་དག་གི་གནས་སྟངས་ཕྱི་སྡོད་བོད་མི་གཙོས། རྒྱལ་སྤྱིའི་རྒྱབ་སྐྱོར་ཚོགས་པ་ཡོངས་ཀྱིས་མཁྱེན་པར་བྱ་རོགས། ཅེས་འབོད་སྐུལ་ཡང་གནང་སོང། 

མཐའ་མར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ལས་འགུལ་འདི་དང་འབྲེལ་གསུངས་དོན།  རྒྱལ་གཅེས་པ་དོན་འགྲུབ་དབང་ཆེན་ལགས་ཚང་མས་མཁྱེན་ཀྱི་རེད། ང་ཚོ་བོད་དོན་ཐད་ཀྱི་གློག་བརྙན་ཕབ་སྐྲུན་པ་ཞིག་རེད། ཁོང་གིས། བོད་ཀྱི་ས་ཁུལ་མང་པོས་ནང་བསྐོར་བསྐྱོད་བྱས་ཏེ་བོད་མའི་འཚོ་བ་སོགས་ཀྱི་ཐད་བསམ་ཚུལ་བསྡུ་རུབ་བྱས་རྐྱེན་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གི་གློག་བརྙན་རྒྱལ་སྤྱིའི་ནང་གཟིགས་མོར་ཕུལ་ཐུབ་པ་བྱུང་བ་རེད། ཡིན་ནའང། སྔོན་མའི་གཟུགས་པོ་བདེ་ཐང་ཡོད་པའི་ཁོང་ཉིད་ད་ལྟ་ན་ཚ་ཡོད་པའི་གནས་སུ་བསྐྱལ་ཡོད་པ་མ་ཟད། ཁོང་ལ་ཁྲིམས་ཆད་བྱ་རྒྱུ་གཏན་འཁེལ་བྱུང་ཡོད་སྟབས། ང་ཚོས་ངོས་ནས་བཙན་བྱོལ་བོད་མིའི་ཚབ་བྱས་ཏེ་བོད་ནང་གི་གནད་དོན་གང་བྱུང་མིན་དང་ནག་ཉེས་གང་བྱུང་མིན་མཁྱེན་རྟོགས་ཡོད་པ་དང་། ཁོང་ལ་རྒྱ་ནག་གི་ཉེས་མེེད་ཁྲིམས་ཆད་བྱས་པ་གསལ་བཤད་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་འདི་དང་མཚུངས་པའི་བོད་ནང་གི་རྒྱལ་གཅེས་པ་ཡོངས་གློད་གྲོལ་གཏོང་བར་འབོད་སྐུལ་ཞུ་ཆེད་ལས་འགུལ་འདི་སྤེལ་བ་ཡིན། ཅེས་གསུང་སོང་།
ཉིན་དེར་ཚོགས་པ་ལྔའི་ངོས་ནས་མཚན་རྟགས་བསྡུ་རུབ་དང་མར་མེ་ཁྲོམ་སྐོར་གནང་བ་མ་ཟད། དགོང་མོར་དེར་ཡོད་ས་གནས་མི་མང་ལ་རྒྱལ་གཅེས་པ་དོན་འགྲུབ་དབང་ཆེན་ལགས་ཀྱི་ཕབ་སྐྲུན་བྱས་པའི་༼འཇིགས་བྲལ་གློག་བརྙན༽གཟིགས་འབུལ་གནང་སོང།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 7

  1. ཨ་བུ་གངས་དཀར says:
    ལོ་ 17 སྔོན།

    ཆེའི་རྩེ་བ་ཆེ་བའི་རང་གི་ཆུང་མ་དང་ཕ་མ་བཞག་ནས་མི་རིགས་འདིའི་ལས་དབང་་གི་ཆེད་ཡོད་ཚད་བློའི་བཏང་བའི་དབའ་བོ་དོན་གྲུབ་དབང་ཆེན་ལགས་བཙོང་གྲོད་ཡོང་རྒྱུ་དང་ལྷག་པར་ཁོའི་གི་ཚེ་མཇུག་རང་དུ་གནས་བ་ལ་འབད་རྩོན་ཞུ་རྒྱུ་གལ་ཆེ།ད་དུང་ཁོང་གི་ཕ་མ་དང་ཆུང་མ་དག་ལ་གཟིགས་སྐྱོང་གནང་རྒྱུ་གལ་ཆེ།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ངའི་ཕ་ཡུལ་ན་འདི་འདྲའི་གཏམ་དཔེ་ཞིག་ཡོད། རྐུན་མ་ཁ་སང་འཛུལ་སོང་། ཁྱི་མོ་དེ་རིང་ཟུག་གི ཨ་ལ་ཀུ་རེ་ཡིན། གནམ་གང་ལ་རྟ་གསོས་ཏེ། ཚེས་གཅིག་ལ་ཇག་ལ་སོང་ན་ཕན་ཐོགས་ཡོད་རྒྱུ་རེད། མཐར་ཐུག་གི་འབྲས་བུ་བརྩོན་ལེན་བྱ་རྒྱུ་ལས། གནས་སྐབས་ཀྱི་རྣམ་འགྱུར་གཙོར་འདོན་བྱེད་པ་འདི། ངྷ་རམ་ས་ལའི་ལས་འགུལ་བ་དག་གི་ལུགས་སྲོལ་རེད།

    Reply
  3. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ཞབས་རིམ་བསྒྲུབས་ནས་འགྲུབ་རྒྱུ་ཞིག་ཡོད་ན་བོད་པ་ཚང་གིས་འགྲུབ་ཡོད། བོད་པ་ཚང་གིས་དེ་འདྲའི་བསམ་བློ་གཏོང་རྒྱུ་མང་དྲགས་པས་གནད་དོན་འདི་ལྷག་པ་རེད། ངས་བལྟས་ན་དེ་འདྲ་ཞིག་རྩ་བ་ནས་མ་རེད། གཙོ་བོ་བོད་པ་ཚང་ལ་ཁྲིམས་ལུགས་ཀྱི་ལམ་ཀ་ཧ་ཅང་དོགས། དེའི་སྟེང་ལ་བསམ་བློ་རྨོངས་འཐོམ་པ་ཧ་ཅང་མང༌། གནད་དོན་ཅི་ཞིག་ཡིན་ཡང་ཞབས་རིམ་བསྒྲུབ་ནས་ཐག་གཅོད་རྒྱུ་དེར་མོས་མཐུན་རྩ་བ་ནས་མེད།

    Reply
  4. མེ་སྟག says:
    ལོ་ 17 སྔོན།

    ནོར་བཅས། ཞལ་ལ་ཉན་ཏེ

    Reply
  5. མེ་སྟག says:
    ལོ་ 17 སྔོན།

    བོད་པ་ཚང་གི་ལས་མ་དག་པ་དང་བསོན་ནམས་ཉམས་ཡོད་སྐོར་ལོ་རྟག་པར། གནས་ཆུང་གིས་ཟམ་གདོང་རིན་པོ་ཆེ་ལ་གསང་བའི་ཚུལ་གྱིས་གསུངས་པ་དང༌། ཁོང་གིས་བོད་མི་དམངས་ལ་གསུང་གི་ཡོད་པ་མ་ཡིན་ནམ། དེ་བས་ང་ཚོས་བསོད་ནམས་སླར་གསོའི་ཆེད་དུ་ཞབས་རིམ་ག་ཚད་བསྒྲུབས་མྱོང་། གོང་གི་རྣམ་པ་གཉིས་ཀྱིས་གསུང་ཚུལ་ལས། འཛམ་བུ་གླིང་གི་སེམས་ལྡན་རྣམས་ནས་བོད་མི་ནི་ཆེས་ལས་དང་བསོད་ནམས་དམན་པ་ཁོ་ན་ཡིན་པ་ལྟ་བུར་གསུངས་པས་ན། ང་ཚོས་ཅིས་ཀྱང་ཁོང་དག་གི་ཞལ་མ་ཉན་ཏེ་ཞབས་རིམ་གང་མང་མྱུར་བསྒྲུབ་བྱ་དགོས་པ་རེད།
    གཞན་རྒྱལ་གཅེས་དཔའ་བོ་དོན་གྲུབ་དབང་ཆེན་གྱི་བཟའ་ཟླའི་བག་ལེབ་ཉོ་དགོས་སྐོར་དངོས་མེག་གྷན་བོད་མིའི་ཐུགས་ལ་འཛིན་དགོས་པར་སྣང༌།

    Reply
  6. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    དངོས་གནས་བློ་ཕམ་པོ་རེད། བོད་པ་ཚང་གི་གནས་སྟངས་འདི་འདྲའི་ཚད་དུ་ལྷུང་བ་ཡང་སྙིང་ཅི་ཞིག་ལན་སོང་བ་ཡིན་ནམ། ང་ཚོས་ཡང་བསྐྱར་འདི་དག་ཚང་མ་ལས་དབང་གི་མགོར་འཕེན་རྒྱུ་ཡིན་ནམ།

    Reply
  7. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    རྡ་ས་མིག་གྷན་དུ་གནསབཞུགས་བོད་མི་རྣམས་ཀྱི་སྙན་ལམ་དུ། རྒྱལ་གཅེས་པ་དོན་གྲུབ་དབང་ཆེན་གྱི་བཟའ་ཟླ་ལྷ་མོ་མཚོ་ཉིན་ལྟར་ཞོགས་ཀ་རྡ་ས་མིག་གྷན་རླངས་འཁོར་འབབ་ཚུགས་སུ་བག་ལེབ་རེ་བཙོང་ནས་ནང་མི་བུ་ཕྲུག་རྣམས་གསོ་བཞིན་འདུག་པར་ཞོགས་ཀ་བག་ལེབ་ཉོ་མཁན་ཚོས་ངེས་པར་དུ་དོན་འགྲུབ་དབང་ཆེན་གྱི་བཟའ་ཟླའི་བག་ལེབ་གཟིགས་ན་དེའི་ཚོད་ཀྱི་ཕན་ཐོགས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese