མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་རེའི་ཚགས་པར་ཞིག

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

མི་དམངས་ཉིན་རེའི་ཚགས་པར་གྱིས་བོད་ཡིག་གི་དཔར་མ་ཞིག་དེ་རིང་ནས་བཟུང་འགྲེམ་སྤེལ་བྱ་མགོ་བཙུགས་འདུག

རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ཚགས་པར་ཉིན་རེའི་མི་དམངས་ཚགས་པར་ཞེས་པ་དེའི་དེ་རིང་ནས་བཟུང་ཤོག་ངོས་བཞི་ཅན་གྱི་བོད་ཡིག་གི་དཔར་མ་ཞིག་བོད་རང་སྐྱོང་ལྗོངས་དང་བོད་མི་གནས་སྡོད་ཀྱི་ས་ཁུལ་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ལ་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

བོད་ཡིག་གི་དཔར་མ་འདི་དཔར་སྐྲུན་བྱེད་ས་ནི་ལྷ་ས་དང་ཟི་ལིང་། ཁྲིན་ཏུའི་བཅས་ཡིན་འདུག

གསལ་བསྒྲགས་ལྟར་ན། ཚགས་པར་སྟེང་གི་བརྗོད་གཞི་ནི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས། མི་རིགས་འཆམ་མཐུན། བོད་ནང་གི་བརྟན་ལྷིང་བཅས་ཡིན་ཟེར།

འདི་ནི་རྒྱ་ནག་གིས་གསར་འགྱུར་བརྒྱུད་ལམ་རྒྱ་བསྐྱེད་བྱས་ཏེ་ཏང་དང་གཞུང་གི་སྲིད་བྱུས་དེ་གཞུང་འབྲེལ་བརྒྱུད་ལམ་ནས་གསལ་བཤད་བྱེད་པ་དང་། མི་དམངས་ཀྱི་བསམ་བློ་འགུག་ཐབས་བྱེད་ཀྱིན་པའི་ཁུངས་སྐྱེལ་གསར་ཤོས་དེ་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 7

  1. མེ་ས྄ྟག says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ། ང་ཚོས་འདིའི་སྐོར་རྩོམ་ཡིག་གམ་བསམ་ཚུལ་ཞིག་བྲིས་ཏེ་ཚགས་ཤོག་སྟེང་འགོད་པའམ་ཡང་ན་དྲ་ངོས་གང་སར་བཀོད་དེ། ཀྒོག་མཁན་རྣམས་ཀྱི་བསམ་ཚུལ་གཅིག་བསྡུ་བྱས་ཏེ་སྐུ་སྒེར་ཡིག་ཚང་ལ་སྙན་ཞུ་ཕུལ་ན་ཅི་འདྲ་རེད།

    Reply
  2. ནད་པ says:
    ལོ་ 17 སྔོན།

    དྲ་གྲོགས་བསེ་རུ་ལགས་ཀྱིས་དགོངས་ཚུལ་ལྟར་ངས་ཀྱང་དེ་གལ་ཆེར་བརྩི་བཞིན་ཡོད། ད་བར་༸ གོང་ས་༸ སྐྱབས་མགོན་ཆེན་པོའི་རླབས་ཆེན་མཛད་འཕྲིན་ཁག་བོད་ཡིག་ཐོག་དྲ་རྒྱ་ཞིག་བཟོ་མ་ཐུབ་པ་ཨེ་ཡིན་སྙམ།

    དེར་བརྟེན་༸དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ངེས་པར་དུའང་བོད་ཡིག་གི་དྲ་གནས་ཚད་ལྡན་ཞིག་བཟོ་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད།

    དེ་ནི་མགྱོགས་མྱུར་ང་ཚོའི་མིག་གི་མདུན་དུ་མངོན་དུ་འགྱུར་རྒྱུའི་རེ་འདུན་ཞུ།།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད། ནང་གིས་ལག་ལེན། ཕྱི་ཡིས་ཁ་ཟེར་དོན་ཡང་དོན་དག་མེད་པར་བཤད་པ་མིན། རྒྱ་ནག་གིས་ད་དུང་ཁོང་ཚོས་བསམ་ངན་འགྲུབ་ཆེད་དུ་བོད་ཡིག་གི་ཚགས་པར་བོད་ཁུལ་ཡོངས་སུ་བཀྲམ་པ་འདིས་ཀྱང་། བོད་ཡུལ་ན་རྒྱའི་གཞུང་གིས་བོད་མི་དག་ལ་བོད་ཡིག་ལ་བདག་སྐྱོང་བྱེད་པའི་རང་དབང་ཡོད་པ་སོགས་ཕྱི་ཕྱོགས་ལ་བསྒྲགས་འདོད་དང་རང་གི་བསམ་ངན་སྒྲུབ་པའི་ཆ་རྐྱེན་བསྐྲུན་བཞིན་ཡོད་པ་རེད། བྱེས་པ་ཚང་གིས་རྒྱ་ནག་གིས་སྐད་ཡིག་ལ་གཏོར་བཤིག་གཏོང་སོང་ཟེར་བཞིན་ཡོད་ཀྱང་། ཁོང་ཚོས་བྱེད་བཞིན་པ་དེ་འདྲ་ཞིག་ཀྱང་འཇོན་གྱི་མེད་དུས། ད་ནི་མང་བོ་ཞིག་བཤད་་དགོས་ཀྱི་མི་འདུག

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    ད་དུང་སྐུ་སྒེར་ཡིག་ཚང་གི་ངོས་ནས་༸གོང་ས་མཆོག་གི་སྐོར་གྱི་བོད་ཡིག་དྲ་རྒྱ་གཅིག་ངེས་པར་དུ་བཟོ་དགོས་ངེས་སུ་མཐོང་། གཞིེས་བྱེས་བོད་མིས་དེ་ལ་རེ་སྒུག་ག་ཚོད་ཙམ་བྱེད་ཀྱིན་ཡོད་མེད་ང་ཚོས་ཟུར་བལྟས་ལེབ་མཐོང་རེད་སྙམ།།

    Reply
  5. རྭ་ལོ། says:
    ལོ་ 17 སྔོན།

    བོད་གཞུང་གིས་བོད་ཡིག་དྲ་རྒྱ་ཚད་ལྡན་ཞིག་བཟོ་རྒྱུར་གནས་ཆུང་གི་བཀའ་ལུང་རག་མེད་པ་ཡིན་རྒྱུ་རེད།

    Reply
  6. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    ང་ཚོར་ད་དུང་གཞུང་ཕྱོགས་ཀྱི་བོད་ཡིག་ཐོག་ཚད་ལྡན་གྱི་དྲ་ཚིགས་ཤིག་ཀྱང་མེད། ཁ་དང་སྣ་ཞེས་པ་དེ་ཇི་འདྲའི་མཐོ་དམན་ཞིག་ཨང་།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དེ་རིང་ནི་8.1.དམག་བཙུགས་དུས་ཆེན་ཟེར་བ་དི་ཡིན་པས་དུས་ཚོད་དེ་བསྟུན་ནས་ཚགས་ཤོག་འདི་བཏོན་པ་ལོས་ཡིན། རྗེས་སུ་རིམ་པས་ཏང་ཀྲུང་དབྱང་གི་ཆབ་སྲིད་དྲིལ་བསྒྲགས་བྱ་བྱད་ཅིག་ཏུ་འགྱུར་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese