མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚང་མར་འགན་དེ་ཡོད། འབྲོག་རུ་ཆོས་གྲགས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

         
                                              ་་་་་་༢༠༡༡ལོའི་བཀའ་བློན་ཁྲི་པ་ག་འདྲ་ཞིག་གདམ་པའི་འགན་དེའི་ཆ་ཤས་བོད་པ་ཚང་མར་ཡོད།

༢༠༡༡ ལོའི་བཀའ་ཁྲི་དེ་མི་ག་འདྲ་ཞིག་གདམ་མིན་གྱི་འགན་དེའི་ཆ་ཤས་བོད་པ་ཚར་མར་ཡོད་སྟབས། ཚང་མས་འདི་ལ་འགན་འཁུར་དགོས་པ་མ་ཟད། འཚོལ་ཞིབ་དང་དཔྱད་བསྡུར་ཡང་གང་མང་མང་བྱ་དགོས་པར་འདོད།

ང་རང་བོད་པ་ཞིག་ཡིན་པའི་ཆ་ནས ༢༠༡༡ ལོའི་བཀའ་བློན་ཁྲི་པ་ག་འདྲ་ཞིག་གདམ་མིན་གྱི་སྐོར་ནས་སྐད་ཆ་ཞིག་མི་བཤད་རང་བཤད་དང༌། བསམ་བློ་ཞིག་མི་གཏོང་རང་གཏོང་ཆགས་སོང༌། ངས་དེའི་སྐོར་ལ་བསམ་བློ་བཏང་བཏང་བའི་མཐའ་མར་དྲི་བ་ཞིག་གིས་ང་ལ་ཡང་བསྐོར་བསྐྱར་བསྐོར་རྒྱག་གི་འདུག ༢༠༡༡ ལོའི་བཀའ་བློན་ཁྲི་པ་སུ་ཞིག་ཡིན་ཡང་དེས་བོད་ཕྱི་ནང་གཉིས་ཐབས་བརྒྱ་ཇུས་སྟོང་གིས་ལྷན་འཛོམས་ཀྱི་ཉིན་མོ་ཞིག་བསྐྲུན་མི་ཐུབ་ཀྱང༌། ཕྱི་ལོགས་ན་ཡོད་པའི་བོད་ཀྱི་སྤྱི་ཚོགས་འདི་བོད་སྐད་ཡིག་གི་ཕ་ཡུལ་ལྟ་བུ་ཞིག་ཏུ་བསྒྱུར་རྒྱུ་དང་བཙན་བྱོལ་གྱི་གནས་བབ་སྲ་བརྟན། དུས་དང་བསྟུན་ནས་ཡར་རྒྱས་དང་གསར་བཏོད་ཀྱི་ལས་ལ་འབད་བརྩོན་བྱ་ཐུབ་མཁན་ཞིག་ངེས་པར་དུ་ཡིན་དགོས་ཞེས་པའི་དྲི་བ་འདི་རེད། ད་དུང་དྲི་བ་འདིས་ང་ལ་བོད་མིའི་སྐྱིད་སྡུག་གི་གཏམ་རྒྱུད་བཤད་བྱུང༌། གཞིས་བྱེས་ལྷན་འཛོམས་ཀྱི་རེ་སྨོན་སོགས་མང་བོ་མང་བོ་ཞིག་བཤད་བྱུང༌།

གང་ལྟར་ཡང༌། ༢༠༡༡ ལོའི་བཀའ་བློན་ཁྲི་པ་ནི་བོད་ཕྱི་ནང་གཉིས་ཀྱི་མིག་གིས་ལྟ་ས་དང༌། རྣ་བས་ཉན་ས། སེམས་པ་ཁེན་ས་སོགས་མང་བོ་ཞིག་ཆགས་ཡོད་པས། སེམས་བསམ་པའི་གཏིང་ནས་བོད་ཀྱི་ཡུལ་ལ་ཤ་ཚ་ཞིང་བོད་ཀྱི་མི་ལ་སྙིང་ཉེ་བའི་བོད་མི་ལྷག་བསམ་དང་སྙིང་སྟོབས་ཅན་ཞིག་ཡིན་དགོས། ངའི་བསམ་པར། ཁོང་ལ་དགོས་ངེས་ཀྱི་རྨང་གཞིའི་ཆ་རྐྱེན་ཞིག་དགོས་པ་ནི། སྒམ་དཀྱེལ་ཡངས་བའི་བསམ་བློ་དང༌། ལངས་ཕྱོགས་བརྟན་པའི་རང་ཚུགས་ཤིག་ཡོད་དགོས་པ་དེ་ཡིན། ད་དུང་རང་གི་མི་རིགས་ཀྱི་སྤྱི་ཚོགས་ལ་རྒྱང་གཟིགས་རིང་ཞིང་མི་མང་གི་ཆེད་དུ་ཡོད་ཚད་དབུལ་ཐུབ་མཁན་ཞིག་བཅས་ཡིན་དགོས་པར་འདོད།

སྤྱི་ཚོགས་ཐོག ༢༠༡༡ ལོའི་བཀའ་ཁྲིའི་དགོས་འདུན་གླེང་སློང་བྱས་པ་དེས་ང་དང་གྲོགས་པོ་ཚོའང་འགུལ་དུ་བཅུག་སོང༌། བཤད་ཡམས་ཀྱི་འགུལ་བསྐྱོད་དེའི་ཁྲོད་ནས་ང་དང་གྲོགས་པོ་ཚོས་ཀྱང་བཀའ་བློན་ཁྲི་པར་དཔྱད་བསྡུར་བྱེད་ཁུལ་བྱས་པ་ཡིན། ང་ཚོས་དཔྱད་བསྡུར་གྱི་ཁྲོད་ནས་ཁོང་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སྔོགས་ཏེ། ངའི་སེམས་སུ་བཀའ་བློན་ཁྲི་པར་འོས་པའི་མི་འགའ་ལྷུང་བ་ནི་གཤམ་གྱི་འདི་དག་ཡིན།
ཁོང་ཚོ་ནི་ད་སྔ་བར་དུ་བོད་ཀྱི་སྤྱི་ཚོགས་ནང་གང་འཚམ་མཐོང་ཡོད་མཁན་དང༌། ད་སྐབས་མི་མང་ནང་བཀའ་ཁྲིར་འོས་གཞིར་གླེང་བའི་མི་སྣ་དག་ནི་འདི་ལྟར།

བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང༌།

བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས།

རང་བཙན་རྩོད་ལེན་པ་འཇམ་དབྱངས་ནོར་བུ་ལགས།

སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ། བཅས་ཡིན།

ངས་ཁོང་ཚོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་འཚམ་ཞིབ་བཤེར་བྱས་པ་ཡིན། ཁོང་ཚོ་སུ་ཡིན་ཡང་མི་རིགས་ཀྱི་འདུ་ཤེས་བརྟན་པོ་ཞིག་གི་ཐོག་ན་ལངས་འདུག ལྷག་བསམ་དྲོད་མོ་ཞིག་གི་ནང་ན་འགྲོ་འདུག
ང་ཚོས་གཟབ་དགོས་ས་གཅིག་ནི་ད་དུང་ང་ཚོར་དམངས་གཙོའི་སྤྱི་ཚོགས་ཤིག་སྨིན་ཐག་ཆོད་མེད་པ་དེ་རེད། སྤྱིར་བཏང་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་ན། སྟོད་ན་རྟ་རྒྱུག་ས་དང༌། སྨད་ན་མཛོ་འཁོར་ས་ཡོད་༼མི་སྒེར་ཞིག་ལ་དཔེར་བླངས་ན།༽དགོས་རབས་འདུག དམངས་གཙོའི་སྤྱི་ཚོགས་ལ་ཆ་རྐྱེན་འདི་མ་ཚང་ན་དམངས་གཙོ་ནི་རྙོག་འཛིང་གི་དྲ་བ་ཞིག་རེད། དམངས་གཙོ་ནི་ཕྱོགས་རིས་ཀྱི་འཐེན་ཤུགས་ཤིག་རེད། འདི་ནི་མཐར་དེད་ན་གང་ཟག་སྒེར་ངོས་ནས་ཡོང་བ་ཞིག་རེད། སྤྱི་ཚོགས་དེའི་བློ་ཁོག་ཆེ་རུ་གཏོང་དགོས་ན། དང་པོ་རང་ཉིད་ནས་བློ་ཁོག་ཆེ་རུ་གཏོང་དགོས་པ་དེ་ཐབས་ལམ་ཡག་ཤོས་རེད། འདི་ནི་རང་ཉིད་སྒེར་ངོས་ནས་འགན་འཁུར་དགོས་པ་ཞིག་ཡིན་པས། བོད་པ་ཚང་མས་གནད་དོན་འདི་ལ་ཐུགས་གཟབ་གནང་རོགས་ཞུ།

མཇུག་མཐར་ང་ལ་རེ་བ་ཞིག་ཡོད། མི་རིགས་འདིའི་ཁ་ལ་བྱང་ཡང་སེམས་ན་མེད་པའི་རེ་བ་ཞིག་ཡོད། ད་སྐབས་མི་མང་གི་སེམས་བསམ་པའི་གཏིང་ན་རེ་བའི་བཀའ་ཁྲི་དང་བཀའ་ཁྲིའི་འོས་གཞི་རྣམ་པ། ཁྱེད་ཅག་གིས་ཀྱང་མི་མང་འདི་སེམས་ལ་བཟུང་ནས་ཕྱག་ལས་གནང་རོགས་གནོངས། བོད་པ་འདི་སྙིང་ལ་བཅངས་ནས་ལས་དོན་བསྒྲུབ་རོགས་གནོངས། མདོར་བསྡུས་ན། ཁ་བཤད་དེ་ལག་ལེན་ལ་འདེབས་རོགས་གནོངས། ལག་ལེན་དེ་འཕེལ་རྒྱས་ལ་བརྩོན་རོགས་གནོངས། ཞེས་སེམས་བསམ་པའི་གཏིང་ནས་ཞུ་འདོད་བྱུང༌། སྙིང་རུས་པའི་མཐིལ་ནས་བརྗོད་འདོད་བྱུང༌།

འབྲོག་རུ་ཆོས་གྲགས་ཀྱིས།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༩ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

མཆན། 4

  1. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    རྒྱ་བོད་གཉིས་འབྲེལ་མཐུད་ཀྱི་སྟེང་ནས་བཤད་ན་རྔ་བ་ཚེ་རྒྱམ་ཡག་རྒྱུ་རེད་བསམ་གི།
    ཁོང་གི་ལོ་རྒྱུས་མདོར་བསྡུས་ཤིག་བཤད་ན། ཁོང་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་རྗེས་སློབ་གྲྭ་ཆུང་འབྲིང་ཞིག་གི་དགེ་རྒན་བྱས་འདུག དེའི་རྗེས་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་སོང་ནས་སློབ་སྦྱོངས་བྱས་འདུག སྐབས་དེར་ཁོང་གིས་སློབ་གྲྭའི་ནང་བོད་དོན་སྐོར་གྱི་སྦྱར་ཡིག་དང་ལས་འགུལ་སྤེལ་ནས་རྒྱ་གཞུང་གིས་ལོ་གཅིག་དང་ཟླ་བ་དྲུག་ལ་བཙོན་འཇུག་བྱས་འདུག ཁོང་བཙོན་གྲོལ་ཐོབ་རྗེས་རྒྱ་གཞུང་གིས་ལས་ཀ་སྤྲད་མི་འདུག སྐབས་དེར་ཁོང་མདོ་སྨད་ཀྱི་ས་ཆ་མང་ཤོས་དང་ཁམས་ཕྱོགས་སུ་བསྐྱོད་དེ་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་ཞིབ་འཇུག་བྱེད་དུ་འགྲོ་འདུག དེ་ནས་ ༡༩༩༢ ༤ ནང་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་འདུག སྐབས་དེར་བོད་གཞུང་གིས་རྒྱ་ཡིག་ཤེས་མཁན་ཚོར་ཡིག་རྩལ་བཏང་ནས་ཁོང་གི་རྒྱུགས་འབྲས་ལེགས་སོན་བྱུང་སྟེ། བདེ་སྲུང་ཉམས་ཞིབ་ཁང་གི་ཟུང་འབྲེལ་དྲུང་ཆེ་རུ་བསྡད་འདུག དེའི་རྗེས་ནས་ཉམས་ཞིབ་འགན་འཛིན་ཁུར་འདུག ༡༩༩༩ལོར་ཐེ་བན་དོ་གཅོད་དུ་བསྐོས་ནས་ལོ་བཅུའི་རིང་ཐེ་ཝན་ནང་ལས་དོན་ལེགས་འགྲུབ་བྱུང་སྟེ། ཐེ་ཝན་ཕྱི་འབྲེལ་ལས་ཁུངས་ནས་ཁོང་གིས་བོད་དང་ཐེ་ཝན་བར་འབྲེལ་ལམ་དམ་ཟབ་བཟུང་ནས་ལས་དོན་བསྒྲུབས་པར་ལེགས་སྐྱེས་སུ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་འདུག ད་སྐབས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་ལས་ཐོག་ཡིན་པའི་ལོ་རྒྱུས་མདོར་བསྡུས་སུ།

    Reply
  2. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    སྤྱིར་བཏང་བཤད་ན་ང་ཚོར་ཡང་ས་ཆུའི་ཚོད་གི་རི་དྭགས་ཡོད་པ་དེ་བཤད་མ་དགོས་པ་ཞིག་རེད།
    དེ་མི་མང་གིས་གདམ་གསེས་ག་འདྲ་ཞིག་བྱ་མིན་ལ་ཐུག་ཡོད་པ་རེད།
    ཡིན་ནའང་། ང་རང་སྐྲག་ས་ཞིག་ཡོད་་པ་ནི་ད་དུང་འུ་ཚང་གི་སྤྱི་ཚོགས་འདི་ལ་མང་གཙོའི་བསམ་བློ་སྨིན་ཐག་ཆོད་མེད་པ་དེ་རེད།
    མང་གཙོའི་བསམ་བློ་སྨིན་ཐག་མ་ཆོད་དུས་གཅིག་བྱས་ན་མི་ཤེས་འཇོན་མེད་པ་ཞིག་ཀྱང་གདམ་མི་སྲིད་པ་མ་རེད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བཀའ་བློན་ཁྲི་པ་ནི་མི་གཅིག་མ་གཏོགས་དགོས་ཀྱི་ཡོད་པ་མ་རེད་ལགས། ཉིད་ལ་འདི་དག་གི་ནང་ནས་གཅིག་འདེམས་དུ་བཅུགས་ན་གང་འདེམས་རྒྱུ་ཡིན། ལོ་རྒྱུས་དང་བཅས་དེ་གཅིག་གསུང་རོགས་ཞུ། རྒྱུ་མཚན་ང་རང་ལྟ་བུ་མི་ཉུང་བ་ཞིག་གིས་མི་སྣ་འདི་དག་གི་མཚན་སྙན་གྲགས་ཐོས་པ་ལས་རང་ཉིད་ལ་རྒྱུས་མངའ་མེད་པ་ཆགས་ཡོད་པ་རེད་ལགས།

    Reply
  4. བསོད་ནམས says:
    ལོ་ 17 སྔོན།

    འཇམ་དབྱངས་ནོར་བུ་ལ་མོས་ཐུན་ཡོད་ གང་ཡིན་ཟེར་ན་ཁོང་ནི་ཤེས་རྒྱ་འཐོང་རྒྱ་ཆེ་བ་མ་ཟད་སེམས་ཤུགས་ཡང་ཆེན་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese