མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅ་ཅོ་མང་བའི་རེ་བ་གཉིས། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༥༦ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བདུན་ཕྲག་འདིའི་ནང་དུ་བགྲོ་གླེང་གལ་ཆེན་གཉིས་བྱུང་ལ། གཉིས་ཀ་སྟོབས་ཤུགས་གལ་ཆེན་གཉིས་ཀྱི་སྐོར་ཡིན་པ་མ་ཟད། ཐད་ཀར་དུ་བོད་དོན་འཐབ་རྩོད་ཀྱི་སྲུང་སྐྱོབ་གལ་ཆེན་གཉིས་ཀྱང་ཆགས་འདུག

བགྲོ་གླེང་དེ་གཉིས་ཀྱི་གཅིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ ༤༠ ལྷག་གི་ནང་བྱུང་ཞིང་། བགྲོ་གླེང་གི་བརྗོད་གཞི་ནི་སྲུང་སྐྱོབ་ཀྱི་འོས་འགན་ཞེས་པ་དེ་རེད། རྩ་འཛིན་འདི་ནི་དོན་ཚན་བཞི་སྟེ། མི་རིགས་རྩ་གཏོར་དང་མི་རིགས་གཙང་ཕྱག དམག་འཁྲུག་སྐབས་ཀྱི་ཉེས་གསོག འགྲོ་བ་མིའི་བདེ་རྩའི་ཉེས་གསོག་བཅས་རེད། འདི་དག་ནི་རྒྱལ་ཁབ་ཅིག་གི་གཞི་རྩའི་འོས་འགན་ཡིན་ལ། འོས་འགན་འདི་དག་མི་ཐེག་པའི་སྐབས་སུ་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དེའི་ནང་བྱུས་གཏོགས་བྱས་ཆོག་རྒྱུ་དེ་ཡིན།

ད་ལྟའི་རྒྱ་ནག་དང་འབར་མ། སུ་ཌན་ལྟ་བུ་ཡིན་ན་ཐད་ཀར་དུ་འགན་འདི་དག་མི་ཐེག་མཁན་ཡིན་ལ། གོང་གསལ་གྱི་རྩ་འཛིན་བཞིའི་ནང་གི་ཚང་མ་མིན་ནའང་རེ་ཟུང་ལ་འགལ་བསྡད་མཁན་གྱི་གྲས་ཡིན། བོད་མི་རིགས་ལ་མཚོན་ན་མི་རིགས་རྩ་གཏོར་དང་མི་རིགས་གཙང་ཕྱག་གི་འོག་ཚུད་ཡོད་སྟབས། ཅི་སྟེ་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་མེད་ཚེ་ངེས་པར་དུ་རྒྱལ་སྤྱིའི་སྟོབས་ཤུགས་ཤིག་གི་སྲུང་སྐྱོབ་དགོས་ཀྱིན་ཡོད། ད་བར་དུ་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་དང་དམངས་གཙོ་ལ་དགའ་བའི་རྒྱལ་ཁབ་སུ་ཞིག་གིས་བོད་དང་ཞིན་ཅང་གི་ཆབ་སྲིད་གནས་བབ་གླེང་སྐབས་ནང་སྲིད་ལ་ཐེ་བྱུས་བྱས་མི་ཆོག་ཅེས་འགོག་གིན་ཡོད། ད་ནི་ནང་སྲིད་ལའང་ཚོད་ཡོད་པ་དང་བྱུས་གཏོགས་ལའང་ལམ་རེ་བཏོད་དགོས་པའི་དུས་ཡིན།

བགྲོ་གླེང་གཉིས་པ་ནི། དེང་རབས་ཚན་རྩལ་དང་དྲ་བའི་རིག་གནས་ཀྱི་ཕ་ཡུལ་སྟེ། ཁ་ལེ་ཧྥོར་ནེ་ཡ་མངའ་སྡེ་ཡི་སི་ལི་ཁོན་ལུང་གཞུང་དུ་བྱུང་། བརྗོད་གཞི་ནི་དྲ་རྒྱའི་ཁ་བྱང་དེ་འཆར་ལོ་ནས་བཟུང་དབྱིན་ཡིག་མིན་པའི་སྐད་ཡིག་གཞན་གྱི་ནང་དུའང་འབྲི་ཐུབ་ལ། དེ་ལྟར་འབྲི་ཐུབ་སོང་ན་དྲ་རྒྱ་འགོག་སྡོམ་དང་དྲ་ཐོག་གི་གནས་ཚུལ་ལ་སྟངས་འཛིན་བྱ་དཀའ་བའི་རྐྱེན་གྱིས་ཡིན། འདིའང་གཙོ་བོ་སྲིད་དབང་སྒེར་འཛིན་གྱི་སྲིད་གཞུང་རྒྱ་ནག་ལྟ་བུར་དམིགས་ཡོད། རྒྱ་ནག་ནང་དུ་དྲ་རྒྱ་སྤྱོད་མཁན་མི་གྲངས་ས་ཡ་ ༣༣༨ ཡོད་ལ། ཉི་ཧོང་ལ་ས་ཡ་ ༩༤ དང་། རྒྱ་གར་ལ་ས་ཡ་ ༨༡ ཡོད། འཛམ་གླིང་གི་དྲ་རྒྱ་སྔོག་མཁན་མང་ཤོས་ནི་རྒྱ་ནག་ཆགས་ཡོད། འོན་ཀྱང་། རྒྱ་ནག་གིས་གཞུང་གི་ཁྱབ་བསྒྲགས་གཙོ་བོར་འདོན་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མི་རིགས་ཀྱི་གནད་དོན་སྐོར་གྱི་གནས་ཚུལ་དང་བསམ་ཚུལ་རིགས་རྩ་ནས་བཀག་ཡོད་ལ། ཆབ་སྲིད་ལ་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ཀྱི་དྲ་རྒྱ་མཐའ་དག་ཀྱང་བཀག་ཡོད། དེ་བས། ད་ནི་ཚན་རིག་ལག་རྩལ་བ་དག་གིས་ཀྱང་རྒྱ་ནག་གི་དྲ་རྒྱ་སྟངས་འཛིན་གྱི་ལྕགས་རི་འདི་གཏོར་ཏེ། མི་འབོར་དུང་ཕྱུར་བཅུ་གྲངས་དེ་རང་དབང་གི་ཡུལ་དུ་འཁྲིད་དགོས་པའི་དུས་ལ་བསླེབས་ཡོད་དོ།།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༣ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༤ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 14

  1. སྨར་ཡུལ་གྱི་ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཁྱེད་རང་དོགས་པ་དགོས་མ་རེད།

    Reply
  2. སྨྲ་བརྗོད་རང་དབང། says:
    ལོ་ 16 སྔོན།

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཚུལ་ལྟར་ན། ས་གནས་Belgiumགནས་སྡོད་རྒྱ་གར་སྡེ་ར་རྡུན་ནས་ཡིན་པ་བོད་པའི་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  3. ཏྲེ་ཧོར་ཚང་། says:
    ལོ་ 16 སྔོན།

    ཆོལ་གསུམ་ཆིག་སྒྲིལ་ཡོང་བའི་རེ་བ་ཡོད།

    Reply
  4. ཞིབ་འཇུག་པ says:
    ལོ་ 16 སྔོན།

    ངས་གོ་ཐོས་ལ་ཁྱེད་རྣམ་པ་ཕྱོགས་ཞེན་ཆེན་པོ་འདུག ཨ་མདོ་ལས་གཞན་ལ་རེ་བ་མེད་གི་ཟེར། ཨེ་ཡིན་ན། དཀོན་མཆོག་མཁྱེན།
    ༼ཤ་དང་རུས་པ་གཅིག ཆོས་ལུགས་དང་ལུང་པ་གཅིག༽

    Reply
  5. གཡག says:
    ལོ་ 17 སྔོན།

    ཧ་ཧ་ཧ་ཧཧ་ཧ་ཧ་ཧ་ཧཧ་ཧ་ཧ་ཧཧ་ཧ་ཧ་ཧ་ཧ་

    Reply
  6. རྒྱང་རིང་ནས། says:
    ལོ་ 17 སྔོན།

    གནས་ཚུལ་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ།།

    Reply
  7. མཆོད་སྤྲིན། says:
    ལོ་ 17 སྔོན།

    ང

    Reply
  8. ཉི་མ་དགའ says:
    ལོ་ 17 སྔོན།

    ཡར་རྒྱས་ཀྱི་གཏམ་བཟང་གཉིས་སྤེལ་པར་ཐུགས་རྗེ་ཆེ།

    (བགྲོ་གླེང་གཉིས་པའི་ལན་དུ་) དེ་འདྲ་ལག་བལྟར་བྱས་པའི་དུས་ལ་
    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་མང་ཚང་མ་དྲ་རྒྱ་འགོག་སྡོམ་གྱི་
    ལས་ཀར་ཞུགས་ན་འགྲིག་གི་རེད།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    གང་ལྟར་བརྒྱ་བོའི་བརྒྱ་བཤད་སྟོང་གི་སྟོང་བཤད་ཀྱང་། གོ་ལ་འདིའི་སྟེང་གི་ཉམ་ཆུང་ཚོར་བདག་མེད་ཡིན་པ་དངོས་ཡོད་རེད། ང་ཚོ་ལ་ཚིག་དགའ་སྤྱད་རེའི་ཡིད་ཚིམ་པའི་བཟོ་ཆགས་འདུག་ག རྒྱལ་ཁབ་གཅིག་གིས་སྲིད་འཛིན་གྱིས་བོད་དོན་ལ་ཅིག་བཤད་སོང་། ལྟ་བུ་ཏག་ཏག་ལ་ཡིད་ཚིམ་པའམ་མགོ་འཁོར་ནས་སྡོད་ཡོད་རེད། མི་ཁ་ཤས་ཀྱི་ངག་སྒོ་ན་མ་བཤད་པ་ལས་བཤད་པ་དགའ་མ་གླེང་པ་ལས་གླེང་བ་དགའ་ཞེས་མཁན་མང་པོ་ཡོད་རེད། ད་ཡིན་ན་འབྲས་བུ་མེད་པར་བཤད་པ་རྐྱང་རྐྱང་ལ་ཉན་ནས་འདུག་དང་གང་ལྟར་བཙན་བྱོལ་སྤྱི་ཚོགས་ཀྱི་རོགས་དངུལ་ནི་ཆད་ཀྱི་མ་རེད། བོད་དོན་ཟེར་ན་ཕྱི་གླིངབའི་གོ་སྐབས་ལ་འཚམས་པའི་དོན་དག་ཅིག་ཏུ་འདོད།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས། ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་ཅེས་པ་འདི་ནི་འགྲོ་བ་མི་ཚང་མར་ཡོངས་ཁྱབ་ཀྱིས་ཐོབ་དགོས་པ་ཞིག་ཡིན་སྟབས། རྒྱ་མི་རིགས་ཀྱི་ཐོབ་ཐང་དང་། དབྱིན་ཇི་མི་རིགས་ཀྱི་ཐོབ་ཐང་ཟེར་བ་དེ་འདྲ་ཡོད་པ་མ་རེད། འདིའི་ནང་དུ་གཞི་རྩའི་ཐོབ་ཐང་ངམ་ལྷན་སྐྱེས་ཀྱི་ཐོབ་ཐང་མང་པོ་ཡོད་པ་རེད། དེ་བས་འགྲོ་བ་མི་ཞིག་ཡིན་ཕྱིན་འདི་དག་ཁྱབ་མཉམ་དུ་ཡོད་པ་རེད། འདི་ཁྱེད་ཀྱིས་ཀྱང་ཤེས་གསལ་ལྟར་རེད།

    ཁྱེད་ཀྱི་དྲི་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་མི་རིགས་ལ་གཞི་རྩའི་ཐོབ་ཐང་འདི་དག་འཐོབ་པར་རོགས་རམ་དང་གཞན་གྱིས་ང་ཚོའི་ཐོབ་ཐང་རྡོག་རོལ་གཏོང་སྐབས་སྲུང་སྐྱོབ་བྱེད་ཀྱིན་མི་འདུག་པས་འདིའི་ཐད་ཤུགས་སྣོན་གང་འདྲ་ཞིག་རྒྱག་དགོས་མིན་དེ་རེད།

    སྤྱིར་བཏང་རྒྱལ་ཁབ་ཕན་ཚུན་གྱི་བར་དུ་ནང་སྲིད་ལ་ཐེ་གཏོགས་བྱས་མི་ཆོག་པའི་ཁྲིམས་ཤིག་ཡོད་འདུག ཡིན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་འཐུས་མིའི་རྒྱལ་ཁབ་ཅིག་ཡིན་ཕྱིན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཆེས་མཐོའི་དབུ་ཁྲིད་དེ་རྒྱལ་ཁབ་དེ་དག་གི་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་གཟིགས་རྟོག་གནང་བར་རང་དབང་གིས་ཕེབས་ཆོག་པ་མ་ཟད། རང་དབང་གིས་རྟོག་ཞིག་བྱེད་ཆོག་གི་ཡོད་པ་རེད། ཡིན་ཡང་། ལོ་སྔོན་མར་བོད་ནང་ཞི་རྒོལ་བྱུང་སྐབས་རྒྱ་ནག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ཡང་རྒྱ་ནག་ནང་དུ་ཡོང་བཅུག་ཡོད་པ་མ་རེད། འདི་ལྟར་དབང་ཤུགས་སྤྱད་པ་ཡིན་ན་རྒྱལ་ཚོགས་ལའང་ནུས་པ་ཡོད་པ་མ་རེད།

    མ་གཞི་ནས་རྒྱལ་ཚོགས་ཀྱི་ཁྲིམས་ཀྱི་ནང་དུའང་ནང་འགལ་མང་བོ་ཞིག་ཡོད་པ་འདྲ།

    ད་སྐབས་རྒྱལ་ཚོགས་ཀྱི་ནང་དུ་མཐར་ཐུག་གི་དབང་ཤུགས་ཚད་ཐུབ་མཁན་རྒྱལ་ཁབ་ལྔ་ཡོད་པ་ནི། ཨ་རི་དང་རྒྱ་ནག དབྱིན་ཇི། ཧྥ་རན་སི། ར་ཤི་ཡ་བཅས་རེད། རྒྱལ་ཁབ་འདི་ལྔ་བོས་མཚམས་རེར་རང་རང་གི་འདོད་པ་ལྟར་ཕྱི་ལ་བཙན་འཛུལ་ཡང་བྱེད་ཀྱིན་ཡོད། དཔེར་ན། ད་སྐབས་ཀྱི་ཨ་རིའི་དམག་འཁྲུག་ཆེན་པོ་གཉིས་ལྟ་བུ་རེད། འདི་ལ་རྒྱལ་ཚོགས་ཀྱི་ཆོག་མཆན་ཡོད་པ་མ་རེད།

    དེ་བས་མ་འོངས་པར་སྒྲིག་གཞི་ལ་འགྱུར་བ་ཞིག་ཕྱིན་ན་ཉུང་མཐར་ཡང་རྒྱལ་ཚོགས་ཀྱི་ནུས་པ་འདི་ལའང་སྙོམ་སྒྲིག་དང་། འགྲོ་བ་མི་སྤྱི་དང་། ལྷག་པར་དུ་མི་རིགས་བར་གྱི་འགལ་བ་འདི་དག་ལའང་ཚོད་འཛིན་བྱེད་མཁན་ཞིག་ཡོད་སྲིད་པ་རེད། ཁ་ཉིན་གྱི་བགྲོ་གླེང་དེའང་འདི་འདྲ་ཞིག་ལ་ཁ་ཕྱོགས་འདུག་སྙམ་པའི་རེ་བ་ཞིག་བྱུང་།

    Reply
  11. འཇིགས་བྲལ་བསྟན་འཛིན། says:
    ལོ་ 17 སྔོན།

    དྲ་ཚིགས་འགོག་སྡོམ་ལ་རྒོལ་བའི་ལམ་ལུགས་འདིས་ཕན་ནུས་ཅི་འདྲ་ཞིག་ཡོང་མིན་དེ་དྲ་ཚིགས་ཀྱི་མཐུན་རྐྱེན་མ་ལག་གསར་པ་དེའི་བྱེད་ལས་ཀྱི་ནུས་པ་གང་འདྲ་ཞིག་ཡོང་མིན་དང་ཐད་ཀར་འབྲེལ་བ་ཞིག་རེད།

    Reply
  12. འཇིགས་བྲལ་བསྟན་འཛིན། says:
    ལོ་ 17 སྔོན།

    དེང་སྐབས་ང་ཚོས་གསལ་པོ་ཤེས་བཞིན་ཡོད་པ་ནི་འཛམ་གླིང་ཁྲོམ་རའི་དབང་བསྒྱུར་འོག་འགྲོ་བཞིན་ཡོད་པ་ཡིན་ལ། ཉེ་བའི་ལོ་ཕྱེད་རིང་ཨ་རི་གཙོ་བོ་བྱས་པའི་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་ལ་ཉམས་རྒུད་ཚབས་ཆེན་བྱུང་ཡོད་སྟབས། གོང་གི་ཤིན་ཏུ་གལ་ཆེ་བའི་བརྗོད་གཞི་དང་པོ་དེ་ད་ནས་བརྩིས་པའི་ལོ་ངོ་ལྔ་ཙམ་གྱི་རིང་གླེང་དོན་ནུས་མེད་དམ་ཚོང་དང་བརྗེ་བསྒྱུར་བྱ་རྒྱུ་ཡིན་པའི་ལྟ་ཚུལ་འཛིན་ཆོག་པ་ཞིག་རེད་སེམས། ཡིན་ནའང་ང་ཚོས་ནང་སྲིད་ཀྱི་གནད་དོན་ལ་ཕྱི་ཕྱོགས་ནས་ཐེ་བྱུས་བྱེད་ཆོག་པའི་ལམ་སྲོལ་འདི་རྒྱལ་སྤྱིའི་སྤྱི་ཚོགས་སུ་མུ་མཐུད་དྲན་སྐུལ་བྱེད་དགོས་པ་ཞིག་རེད། འདི་ལྟར་བརྗོད་དོན་ནི་ང་ཚོས་གླེང་སློང་བྱེད་པ་རྩ་བ་ནས་ཕན་ནུས་མེད་པ་ཞིག་མིན་པའི་གནས་སྟངས་ཤིག་ཡོད་པ་དེ་ངོས་འཛིན་དགོས་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད།

    Reply
  13. ཡོན་ཏན says:
    ལོ་ 17 སྔོན།

    གཏམ་བཟང་སྤེལ་བར་ྡགའ་བསུ་ཡོད

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ང་ལ་དོགས་པ་ཞིག་ཡོང་གི་འདུག་པ་ནི། ངེད་ཅག་བོད་པ་ཚང་འགྲོ་བ་མིའི་ཐོབ་ཐང་ནང་དུ་འཚུད་ཡོད་མེད་གསལ་བོ་ཞིག་ཤེས་ཀྱི་མི་འདུག འདི་ནི་དྲི་བ་ཞིག་རེད། དེང་ཐོག་ངེད་ཅག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མིའི་ཁུངས་སུ་འཚུད་ཡོད་པ་ཁས་ལེན་རྒྱལ་སྤྱིའི་སྟེང་ནས་བྱས་པ་ཡིན་ན་ད་གཟོད་ངེད་ཅག་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་སྙན་ཞུ་རྒྱག་པ་དང་བདེ་སྡུག་ཞུ་ས་ཉན་རྒྱུ་རེད། དེ་མ་གཏོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཡ་མེད་དུ་ལོ་ངོ་མང་བོ་ཞིག་ལ་བཏང་ཡོད་ལ་ད་དུང་ཡང་གཏོང་རྐྱང་རེད་ཟེར་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese