མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲག་ཡིག་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁོ་བོ་ནས་ཀྱང་སྨྲ་བ་གྲོལ་ཏེ་སུ་ཞིག་བཅད་པ་ཡིན་ན་རིན་དོད་ཆེ་བར་འདོད་པའི་གདམ་ག་ཞིག་ལ་འཕྲེང་ཏེ། ད་གཟོད་རང་གི་ན་ཚོད་ལས་ཀྱང་གཉོམ་ལག་མ་རྒྱས་པའི་དེབ་ཆུང་འདི་ཆེད་དུ་སྟོང་ལོ་ བརྒྱད་དགུ་གཉིས་ཀྱི་སོ་མཚམས་སུ་ཁྲག་གི་ཐིགས་པ་བཞིན་གཏར་བ་ལགས་སོ།

 

བོད་རིགས་ན་གཞོན་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ཞེས་པ། རྒྱ་གཞང་གིས་ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང༌། དེ་ནི་ཁོང་གིས་ ༢༠༠༨ ལོའི་ཤར་དུང་རིའི་དུས་དེབ་ཀྱི་རྩོམ་སྒྲིག་པ་གནང་ཞིང༌། ད་ལོ་ ༼ ཁྲག་ཡིག་ ༽ཅེས་པའི་སྒེར་གྱི་ཆེད་དེབ་བཏོན་པ་གཉིས་ནང༌། ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཡོད་པར་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ལགས་ཀྱི་ཕ་ཡུལ་སི་ཁྲོན་རྔ་བ་རྫོང་ཐང་གོར་དང༌། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་ཞིང༌། ཟླ་སྔོན་མའི་དབྱར་གནང་གི་གུང་གསེང་དང་བསྟུན་ཏེ། ཕ་ཡུལ་ཐང་གོར་ནས་རྒྱ་གཞུང་གིས་འཛིན་བཟུང་གིས་ཁྲིན་ཏུའུ་རུ་ཁྲིད་ཡོད་པའི་གནས་ཚུལ་ཐོན་ཡོད།

 

༼ ཁྲག་ཡིག ༽དཔེ་དེབ་ནང་བསྡོམས་པའི་ཚན་པ་ལྔ་དང་རྩོམ་ཡིག་སོ་གཉིས་ཡོད་པ་དག་ནི། ཚན་པ་དང་པོ། དམྱལ་ཁམས་ཀྱི་ཟིན་ཐོ་ཞེས་པའི་ནང༌། མྱལ་ཁམས་ཀྱི་ཆིག་ལབ། དམྱལ་ཁམས་ཀྱི་བཙོན་མ། དམྱལ་ཁམས་ཀྱི་གསར་འགྱུར། དམྱལ་ཁམས་ཀྱི་ཡར་ལངས། དམྱལ་ཁམས་ཀྱི་ཚོགས་འདུ། བཅས་རྩོམ་ཡིག་ ༥ ཡོད་པ་དང༌།

 

ཚན་པ་གཉིས་པ། རྣམ་ཤེས་ཀྱི་དབྱངས་ཞེས་པའི་ནང༌། གློ་བུར་དུ་ལྷ་ས་དྲན་པ། སྤྱི་ཟླ་བཅུ་གཅིག་པའི་སྙན་ངག་འདིའང༌། གློ་བུར་བའི་སྙན་ངག་ཚན་པ་གསུམ། ང་རང་རྨང་ནས་སྒུལ་བྱུང༌། རྣམ་ཤེས་ཀྱི་དབྱངས། མིག་ཆུའི་ཚབ་དུ་ཐོལ་བའི་སྙན་ངག རྣམ་ཤེས་ཁྲི་ཕྲག་གི་དོད་དུ། བཅས་རྩོམ་ཡིག་ ༧ ཡོད།

 

ཚན་པ་གསུམ་པ། ང་ཡི་བོད་ཅེས་པའི་ནང༌། ཀྭ་ཡེ་བོད། ང་ཡིས་ཁྱོད་ལ་འདྲི། གཙོས་གྲོང་དུ་སླེབས་པའི་སེམས་ཚོར་ཞིག མདོ་དབུས་ལྕགས་ལམ། ང་ཡི་བོད། བཙན་པོའི་རལ་གྲི་ཐོགས་དང༌། འགྲུལ་བཞུད་ཐེངས་གཅིག་གི་སྐྱོ་ངལ། དམར་ནག་གི་ཟླ་གསུམ་པ། བཅས་རྩོམ་ཡིག་ ༨ བཀོད་ཡོད།

 

ཚན་པ་བཞི་བ། སེམས་ཀྱི་དམར་མཆོད་ཅེས་པའི་ནང༌། སེམས་པ་འཁྱག་པས་བསྡམས་པའི་དུས་ཚིགས་སུ། གློག་ཀླད་མདུན་དུ་སྲིད་གཞུང་ལ་ཕུལ་བའི་གཏམ་ལྐོག་གྱུར་མ། གྲོགས་པོའི་སྐྱེ་སྐར་ལས་སྤུན་ཟླའི་འཆི་སྐར་དྲན་པ། གྲོགས་ཁ་ཤས་ལ་ཕུལ་བ། གློག་ཀླད་དྲ་བར་སྡིགས་དམོད་གཏོང་བ། ཐེའུ་རང༌། ཁྱོད་ཀྱི་ལོ་གསར་གང་ན་ཡོད་བཅས། རྩོམ་ཡིག་ ༦ བཀོད་ཡོད།

 

ཚན་པ་ལྔ་བ། བདེན་པའི་གཏུག་བཤེར་ཞེས་པའི་ནང༌། ཁྲག་དྲི་བྲོ་བའི་དོན་རྐྱེན་དང་དེའི་ལྟག་རྒྱབ་ཀྱི་གསང་བ། འུ་ཚོས་ཀྱང་རང་ས་ནས་བསྒྲགས་གཏམ་སྤེལ་ཆོག ཟིན་ཐོ་ཁར་སྒུམ་ཁེར་སྒུམ། མྱ་ངན་དང་འགྱོད་གཤགས། ད་དུང་རྒོལ་གཏམ་ཁག་གཉིས། སྙིང་རླུང་ལྡང་བའི་གསར་འགྱུར། སེམས་ཀྱི་དམར་དམར་པོ་བཤད་ན། བཅས་འབོལ་རྩོམ་ཁག་ ༦ བཅས་བསྡོམས་པའི་རྩོམ་ཡིག་ ༣༢ བཀོད་ཡོད་འདུག

 

དཔེ་དེབ་དེའི་ནང་རྩོམ་པ་པོ་ཁོང་རང་ཉིད་ཀྱིས་གསལ་བཤད་ཅིག་བྱས་པའི་ནང་བཀོད་དོན། དེབ་ཆུང་འདི་ནི་ཁོ་བོ་རང་ཉིད་ཀྱི་ན་ཚོད་དང༌། ཡོན་ཚད་ཀྱི་ངོས་ནས་བཤད་ན་འཕུད་རྒྱུ་སྔ་དྲགས་པའི་ལས་ཀ་ཞིག་ཡིན་སྲིད་མོད། ནམ་རྒྱུན་བླ་སྲོག་གི་ཕྱི་ནང་ཡོད་ཚད་ལ་ལྕག་ཚན་གྱིས་བྲབ་པའི་དམིགས་བསལ་བའི་ལོ་ཟླ་ཞིག་ གི་ངོས་ནས་བཤད་ན། ཅིས་ཀྱང་མི་བཤད་ཐུ་མེད་དུ་གྱུར་བའི་སྐད་ཆ་འབའ་ཞིག་ཏུ་ངེས་པས་ན། ཁོ་བོ་ནས་ཀྱང་སྨྲ་སྒོ་རང་ས་ནས་བསྡམས་ཏེ་འདུག་པ་ལས་སྨྲ་བ་གྲོལ་ཏེ་སུ་ཞིག་བཅད་པ་ཡིན་ན་རིན་དོད་ཆེ་བར་འདོད་པའི་གདམ་ག་ཞིག་ལ་འཕྲེང་ཏེ། ད་གཟོད་རང་གི་ན་ཚོད་ལས་ཀྱང་གཉོམ་ལག་མ་རྒྱས་པའི་དེབ་ཆུང་འདི་ཆེད་དུ་སྟོང་ལོ་ བརྒྱད་དགུ་གཉིས་ཀྱི་སོ་མཚམས་སུ་ཁྲག་གི་ཐིགས་པ་བཞིན་གཏར་བ་ལགས་སོ། ཞེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 6

  1. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    དཔའ་བོ་ཐུབ་བསྟན་དངོས་གྲུབ་གཅིག་པོའི་རང་ལུས་དམར་པོ་མེ་ཡིས་ཚིག།
    དེ་མིན་བཙན་བྱོལ་སྤྱི་ཚོགས་ནང་ན་སྐད་འགོ་ང་མཐོ་ཁྱོད་མཐོ་ལས།།
    དོན་ལ་སྡར་མ་ཁྲི་ཚོ་བཅུ་བོས་མི་མཐུན་ལྟ་བ་གླེང་ལ་བྲེལ།།
    དཔའ་བོ་ཡོད་ན་ད་ལྟ་ཐོན་དང་གངས་ཕྲུག་རྨས་མས་གྲ་སྒྲིག་ཡོད།།

    ཐོག་བརྩེགས་མཐོན་པོའིཆ་རྐྱེན་ལྡན་པས་རང་བློ་ཁེངས་པའི་ཁྲེལ་མེད་ཚོ།།
    ཕྱི་གླིང་ཨ་མ་རེག་པ་ཙམ་གྱིས་རང་མགོ་ཐོན་པའི་བླུན་ཕྲུག་ཚོ།།
    ལྷབ་ལྷབ་སྐྱི་མོ་མགོ་ལ་ཡོད་ན་གངས་ཕྲུག་རྨས་མར་ཉོན་ཅིག་དང་།།
    དཔའ་བོ་ཡོད་ན་ད་ལྟ་ཐོན་དང་གངས་ཕྲུག་རྨས་མའི་གྲ་སྒྲིག་ཡོད།།

    སྡར་མའི་གསང་བའི་སྡར་རྟགས་སྟོན་དུས་བྱང་ཆུབ་སེམས་དཔའི་དགོངས་དང་མཐུན།།
    དཔའ་བོས་མངོན་ནས་དཔའ་རྟགས་ངོམ་སྐབས་རྒྱལ་སྟག་ཕྲ་བོའི་རྗེས་སུ་འགྲོ།།
    མི་བོ་གཅིག་གིས་རྒྱལ་ཁབ་ལོན་ན་སུ་ཞིག་གྲོགས་ལ་བརྟེན་དོན་མེད།།
    མི་རྐྱང་རྟ་རྐྱང་གངས་ཕྲུག་རྨས་མས་བོད་དགྲ་རྒྱ་དམར་མཐའ་རུ་སྤྲོད།།

    Reply
  2. རི་སྤྱང་སྔོན་མོ། says:
    ལོ་ 17 སྔོན།

    ལྟོས་དང་ཨ་མའི་བུ་ཟེར་ན་འདི་ལ་ཟེར་ནི་རེད།སྙིང་སྟོབས་ཟེར་ན་འདི་ལ་ཟེར་ནི་རེད།
    འགན་འཁྲི་ཟེར་ན་འདི་ལ་ཟེར་ནི་རེད།ཤེས་ཡོན་པ་ཟེར་ན་འདི་ལ་ཟེར་ནི་རེད།
    བཙན་པོའི་གདུང་རྒྱུད་ཟེར་ན་འདི་ལྟར་དགོས་ནི་རེད།རུས་རྐང་ཟེར་ན་འདི་ལྟར་དགོས་ནི་རེད།ཤུ་རེ་ཁོ།

    Reply
  3. རང་རྟོན། says:
    ལོ་ 17 སྔོན།

    ངོ་མ་བུ་རེད།

    Reply
  4. རང་རྟོན། says:
    ལོ་ 17 སྔོན།

    ངོ་མ་བུ་རེད།

    Reply
  5. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    དྲ་གྲོགས་གངས་རིའི་གླིང་བུ་ལགས། ཐེའུ་རང་གི་༼ ཁྲག་ཡིག ༽ དཔེ་དེབ་ད་སྔ་འདི་གའི་རྩོམ་སྒྲིག་ཁང་གི་ལག་སོན་མ་བྱུང་།

    Reply
  6. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས།་་་ཐེའུ་རང་གི་ཁྲག་ཡིག་ཞེས་བའི་དཔེ་དེབ་འདི་་་་་དེའི་རྩོམ་སྒྲིག་ཁང་ལ་ལག་སོན་བྱུང་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese