མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གཅིག་དང་དམིགས་ཡུལ་གཅིག

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ནོར་༧གོང་ས་མཆོག་གིས་ཉིན་འགའི་སྔོན་ནས་འཇར་མན་ནང༌། ཆོས་ཕྱོགས་ཀྱི་མཛད་འཆར་ཁག་ཅིག་སྐྱོང་གིན་ཡོད་པ་དང༌། ཁོང་འཇར་མན་ཧྥ་རན་ཧྥུ་ཊི་གྲོང་ཁྱེར་ནང་ཞབས་སོར་བཀོད་ཅིང་། ཡུལ་དེའི་མངའ་སྡེ་བློན་ཆེན་གྱིས་བོད་མིའི་དབུ་ཁྲིད་༧ཏཱ་ལའི་བླ་མ་མཆོག་གྲོང་ཁྱེར་འདིར་ཕེབས་པར། ང་ཚོའི་མི་དམངས་རྣམས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཞེས་བརྗོད་ཡོད། 

 

 

འཇར་མན་ནང་པའི་ཆོས་ཚོགས་པ་དང་འཇར་མན་བོད་ཁང༌། ཝེ་ཏ་ནཱམ་ནང་པའི་ཆོས་ཚོགས་བཅས་གྱིས་གདན་ཞུ་ལྟར། ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་ནས་སྤྱི་ནོར་༧གོང་ས་མཆོག་གིས་འཇར་མན་ནང་མཛད་འཆར་སྐྱོང་གིན་ཡོད་པ་དང༌། ཚེས་ ༢༩ ཉིན་འཇར་མན་གྱི་གྲོང་ཁྱེར་ཧྥ་རན་ཧྥུ་ཊིའི་ནང་ཞབས་སོར་བཀོད་ཅིང༌། ཡུལ་དེའི་མངའ་སྡེ་བློན་ཆེན་ མངའ་སྡེའི་བློན་ཆེན་ཧེ་སེན་ Hessen མཆོག་དང༌། རའོ་ལན་ཌི་ཁོ་ཆི་ Roland Koch མཆོག་གཉིས་ཀྱིས་གཙོས་པའི་འཇར་མན་ནང་གི་བོད་རིགས་རྣམས་གྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད། ༧གོང་ས་མཆོག་དང་མངའ་སྡེ་བློན་ཆེན་རྣམ་གཉིས་ཀྱིས་ཆུ་ཚོད་ཕྱེད་ཀའི་རིང་བཀའ་མོལ་གནང་རྗེས་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཡོད་པ་དང༌། གསར་འགོད་ལྷན་ཚོགས་དེའི་སྟེང་གསར་འགོད་པ་བརྒྱ་ ༡༠༠ ལྷག་ཞུགས་ཏེ། ༧གོང་ས་མཆོག་དང་འཛམ་གླིང་སྤྱིའི་གནད་དོན་ཁག་ཅིག་དང༌། ལྷག་པར་དུ་བོད་ནང་གི་ཆོས་དང་རིག་གཞུང༌། རང་བྱུང་ཁོར་ཡུག་བཅས་ཀྱི་ཐད་དྲི་བ་དྲིས་ལན་གནང་ཡོད་འདུག

 

དེའི་རྗེས་འཇར་མན་བོད་ཁང་དང་གི་ལས་སྣེ་རྣམས་པར་བཀའ་སློབ་ལམ་སྟོན་གནང་ཡོད་ལ། འཇར་མན་དབུས་གཞུང་གི་དཔལ་འབྱོར་མཉམ་འབྲེལ་དང་འཛུགས་སྐྲུན་བློན་ཆེན་ལྕམ་སྐུ་ཧའེ་ཌི་མཱ་རེ་ཝེརྫོར་ཁུ་རྫོལ་ Heidemarie Wieczorek Zeul ལགས་སུ་མཇལ་འཕྲད་དང༌། ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་འཐུས་ཚབ་ཁྲ་མཱ་སི་མན་བཅས་ཀྱིས་ཀྱང་གོ་སྐབས་འདི་བརྒྱུད་དེ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་གྲོང་ཁྱེར་ཧྥ་རན་ཧྥུ་ཊི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ལྕམ་ཕེ་ཁྲིར་རའོ་ཐི་ Dr PetraRoth མཆོག་༧གོང་ས་མཆོག་གི་བཞུགས་ཡུལ་མགྲོན་ཁང་ལ་ཆེད་དུ་བཅར་ཏེ། ༧གོང་ས་མཆོག་ གྲོང་ཁྱེར་དེའི་ནང་གི་མི་དགུ་སྟོང་ཙམ་ ༨༠༠༠ ཙམ་འདུ་འཛོམ་གནང་སའི་ ཀོ་མར་ཛ་བྷེང་ Commerzbank ཞེས་པའི་རྩེད་ཐང་ཆེན་མོར་ཕེབས་བསུ་གནང་སྟེ། ཁོས་མོས་གསུང་དོན། བོད་མིའི་དབུ་ཁྲིད་༧ཏཱ་ལའི་བླ་མ་མཆོག་སྔར་སྤྱི་ལོ་ ༡༩༩༦ ལོར་གྲོང་ཁྱེར་འདིའི་ཚོམ་ཁང་དུ་ཕེབས་ཏེ་གྲོང་ཁྱེར་འདིར་གཟི་བརྗིད་ཆེན་པོ་བསྩལ་ཡོད་ལ། ཐེངས་འདིར་ཁོང་བསྐྱར་དུ་ཕེབས་ཏེ། ང་ཚོའི་ཧྥ་རན་ཧྥུ་ཊིའི་མི་དམངས་རྣམས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ༧ཏཱ་ལའི་བླ་མ་མཆོག་ནི་བོད་རྒྱའི་རྩོད་རྙོག་འགྲིག་འཇགས་དང༌། འཛམ་གླིང་ཞི་བདེ་ཐད༌། རླབས་ཆེན་གྱི་ཕྱག་ལས་གནང་མཁན་གྱི་སྐྱེས་མཆོག་དམ་པ་ཞིག་རེད། ཅེས་བསྔགས་བརྗོད་ཆེན་པོ་གནང་ཡོད། ཉིན་དེའི་སྔ་དྲོའི་ཆུ་ཚོད་དགུ་བ་ཙམ་ནས་མགོ་འཛུགས་བྱས་ཏེ། ༧གོང་ས་མཆོག་གིས་འཇར་མན་མི་དམངས་གཙོས་པའི་འཛམ་གླིང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོར་སྒོམ་རིམ་བར་མ་དང་རྗེས་གནང་གི་གསུང་ཆོས་བསྩལ་ཡོད།

 

ཕྱི་ཚེས་ ༡ ཉིན་སྤྱི་ནོར་༧གོང་ས་མཆོ་འཛམ་གླིང་གཅིག་དམིགས་ཡུལ་གཅིག བསམ་བློ་གཅིག་ཅེས་པའི་བརྗོད་གཞིའི་བགྲོ་གླེང་ཚོགས་འདུ་ཁག་གཉིས་ཀྱི་ཚོགས་མགོན་དུ་བཞུགས་ཡོད་པ་དང༌། བགྲོ་གླེང་ཚོགས་འདུ་དེའི་སྟེང་ཚན་རིག་པ་དང་དཔལ་འབྱོར་ཆེད་མཁས་པ། དེ་བཞིན་སྲིད་དོན་ཉམས་ཞིབ་པ། ལྷག་པར་དུ་འཛམ་གླིང་ནང་སྙན་གྲགས་ཡོད་པའི་གནམ་གཤིས་འགྱུར་ལྡོག་རྟོག་ཞིབ་ཆེད་མཁས་པ་བཅས་མཉམ་ཞུགས་གནང་པའི་ཐོག དེང་གི་དཔལ་འབྱོར་དང་ཆོས་ལུགས་སྲིད་དོན་བཅས་ཐད་ཀྱི་འཛམ་གླིང་གི་དཀའ་ངལ་རིགས་སེལ་ཐབས་སྐོར་ལ་བགྲོ་གླེང་གནང་ཡོད་ལ། ཉིན་རྒྱབ་ནང་ཆོས་ལས་འགྲོ་བ་མིའི་རིགས་ལ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས། སྒོམ་རྒྱག་སྟངས་དང་ཞི་གནས་སྒོམ་སྟངས་སོགས་སྨན་དང་ཚན་རིག་གིས་བཅོས་དཀའ་པའི་ལུས་སེམས་ཀྱི་ནད་རིགས་སེལ་བའི་གདམ་པ་ཟམ་མོ་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. ཁམས་པའི་བླ་རྒན། says:
    ལོ་ 17 སྔོན།

    གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །

    Reply
  2. ནད་པ says:
    ལོ་ 17 སྔོན།

    བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་༸ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བོད་གངས་ཅན་ལྗོངས་ཀྱི་སྤྱི་ནོར་ཞིག་ཡིན་པས་སྔར་ནས་ད་བར་ང་ཚོས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་ཞེས་འབོད་པ་རེད།

    ད་ཆ་མགོན་པོ་གང་ཉིད་ནི་གོ་ལ་ཧྲིལ་པོའི་བླ་ན་མེད་པའི་སྤྱིནོར་ཞིག་ཏུ་འགྱུར་སྟབས་ང་ཚོས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱིནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཅེས་པའི་ཚབ་ཏུ་འཛམ་གླིང་གི་བླ་ན་མེད་པའི་དབུ་ཁྲིད་༸ སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་ཞེས་འབོད་ན་ཆེས་དོན་སྙིང་ལྡན་པ་ཞིག་རེད།

    འཛམ་གླིང་གི་བླ་ན་མེད་པའི་དབུ་ཁྲིད་༸ སྤྱི་ནོར་༸ གོང་ས་ཡིད་བཞིན་ནོར་བུ་མཆོག་སྐུ་ཁམས་བཟང་ཞིང་རླབས་ཆེན་ཐུགས་ཀྱི་བཞེད་དོན་ཐ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese