མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསླབ་བྱ་སོ་གཉིས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་རྩོམ་གནང་མཛད་པའི་ཉམས་མྱོང་རྒན་པོའི་སྙིང་གཏམ་དམར་རྗེན་དུ་གསལ་བའི་ལུགས་ཟུང་གི་བསླབ་བྱ་དོན་ཚན་སོ་གཉིས་ཅན་དེ་ནི། སྤྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༥ ཉིན་བཞུགས་སྒར་ངྷ་རམ་ས་ལའི་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་འགྲེམས་སྤེལ་ཞུས་ཡོད། དཔེ་དེབ་འདིར་བསྡོམས་པའི་ལེའུ་ཆེན་པོ་གསུམ་དང་ཆུང་བ་སོ་གཉིས། ཤོག་ངོས་ ༡༤༣ བཅས་ཡོད་ཅིང་། ནང་དོན་གཙོ་བོ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་རེ་རེ་བཞིན་གཏིང་ཟབ་ཅིང་གོ་བསླ་བ། རྒྱ་ཆེ་ཞིང་ཁ་གསལ་བ། དུས་རབས་དང་མཐུན་པའི་འགྲེལ་སྟངས་ཐུན་མོང་མ་ཡིན་པ་སྤྱད་དེ། བྱ་སྤྱོད་ཆོས་དང་མཐུན་ཞིང་མི་ཚེ་དོན་དང་ལྡན་པར་སྤྱོད་ཚུལ་རྒྱས་པར་བསྟན་ཡོད་ལ། ཆང་དང་ཐ་མག དུག་སྨྱོས་རྫས། འཁྲིག་སྤྱོད་ཀྱི་འགོ་ནད། རྒྱན་འཛུགས་ཤོ་རྒྱག ནག་ཚོང་། གཞན། མི་རིགས་ཀྱི་སྐད་ཡིག་གོམས་གཤིས་སྲུང་སྐྱོབ་བྱེད་སྟངས་དང་། ཚུལ་དང་མཐུན་ཞིང་འཚེ་བ་སྤོང་པའི་དཔལ་འབྱོར་སྒྲུབ་སྟངས། རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེས་ཁམས་འཐོན་རྫས་བག་ཡོད་ཀྱིས་སྤྱོད་ཚུལ་བཅས་གལ་འགེངས་ཆེ་བའི་ཁ་ཏ་བསླབ་བྱ་ཁག་ཅིག་ཀྱང་ཁ་སྣོན་གྱི་ཚུལ་དུ་གསུངས་ཡོད།

 

དཔེ་དེབ་འདིའི་སྔོན་གླེང་དུ། རོང་ཆེན་བསྟན་པའི་སྒྲོན་མེ། ཀིརྟི་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་མཆོག་གིས། བླང་དོར་བསླབ་བྱ་སོ་གཉིས་ཀྱི་ཁ་གཏད་ཡུལ་རྗེས་འཇུག་སྐལ་ལྡན་བུ་སློབ་རྣམས་ལ་ཟབ་གསལ་གསུང་གི་བདུད་རྕི་བསྩལ་དོན། ངོས་རང་ལོ་བཅུ་དྲུག་ནས་བཟུང་མི་ཡུལ་ས་མཐར་གྱར་བའི་དབང་གིས་ལུས་ཕྱི་རྒྱལ་དུ་ཡོད་ནའང་། བརྩེ་སེམས་དང་ཕན་པ་སྒྲུབ་འདོད་ཀྱི་བསམ་པ་ནི་ཉིན་མཚན་དུས་དྲུག་ཏུ་ཁྱེད་རྣམས་དང་ཁ་བྲལ་མ་མྱོང་། འོན་ཀྱང་། རེ་སྨོན་གྱི་ཡུལ་དུ་བྱེད་རྒྱུ་ཙམ་ལས་སྐྱིད་སྡུག་མཉམ་གཤིབ་ཀྱིས་འགྲོགས་འདྲིས་བྱེད་པའི་གོ་སྐབས་ནི་ད་ལྟའི་བར་འབྱུང་ཐུབ་མེད་སྟབས། ད་ལམ་སློབ་བརྒྱུད་མི་མང་སྤྱི་དང་ལྷག་པར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པའི་ཞིང་འབྲོག་མི་མང་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་གི་བྱ་སྤྱོད་དང་འབྲེལ་ནས། ལྷ་ཆོས་དང་མི་ཆོས་ཏེ་ལུགས་ཟུང་གི་བསླབ་བྱ་གཞུང་ཆེན་མོའི་ཐ་སྙད་མ་བཀོལ་བར་གོ་བདེ་བའི་ཕལ་སྐད་ཀྱིས་མིང་ཚིག་བེད་སྤྱོད་ཀྱིས་རང་ཉིད་ལོ་རྒན་བདུན་ཅུར་སོན་ལ་ཉེ་བའི་ཉམས་མྱོང་རྒན་པོའི་བསླབ་བྱ་དོན་ཚན་སོ་གཉིས་ཅན་གྱི་ཁ་བརྡ་ཞིག་འདིར་ཞུ་འདོད་བྱུང་བས། ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་རེ་འདུན་ཞུ་གི་ཡོད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 7

  1. མཁར་རྔ་། says:
    ལོ་ 17 སྔོན།

    ༧རོང་ཆེན་བསྟན་པའི་སྒྲོན་མེ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ཁོང་ནས་ལམ་སྟོན་སློབ་གསོ་འདི་ཙམ་མིན་པར། བོད་མི་རིགས་ཀྱི་ཁ་སྟབས་འདིར་གནག་ཐོག་གཙགས་ཁེལ་གྱིས་ལུགས་ཟུང་བསླབ་བྱ་མང་མང་བསྩལ་གནང་འདུག་ལ།
    དེའི་གྲུབ་འབྲས་ཀྱང་བོད་ཕྱི་ནང་གཉིས་ལས་བོད་ནང་ལ་ཧ་ཅང་གི་ཕན་རླབས་བྱུང་འདུག་པ་ཡོངས་སུ་གྲགས།
    ལྷག་པར་ཕྱི་ལོ་ ༡༩༨༤ ལོར་ནང་དོན་གཞུང་འབྲེལ་གྱིས་བོད་ནང་གཟིགས་སྐོར་ཕེབས་སྐབས་བོད་ཀྱི་སྤྱི་དོན་ལ་མིག་སྨན་མིག་ཐོག་ཏུ་ཁེལ་བའི་མཛད་འཕྲིན་བསྐྱངས་གནང་པ་སོགས་རྣམ་ཐར་གསེར་ཕྲེང་ལས་མཇལ་སོང་ལ།
    ད་ལྟ་བར་སྐུ་ཚེ་ཧྲིལ་བོ་འདིའི་རིང་བོད་མི་རིགས་རིག་གཞུང་དང་བཅས་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ། མཐོར་འདེགས་འཐུས་ཚང་ཅན་དུ་བསྒྱུར་ཐབས་ཁོ་ནའི་ཆེད་ཕྱག་ལས་གནང་དང་གནང་མུས་ཡིན་འདུག་པར་གུས་འདུད་དང་།
    སྐུ་ཚེ་ཡུན་ནས་ཡུན་ཏུ་བརྟན་པའི་སྨོན་འདུན་ཤུགས་དྲག་ཞུ།

    Reply
  2. ཨ་མའི་གཅེས་ཕྲུག says:
    ལོ་ 17 སྔོན།

    ༸སྐྱབས་མཆོག་ཀིརྟི་རིན་པོ་ཆེའི་མཛད་སྙན་དང་མཛད་བཟང་སྔར་ནས་ཐོས་མྱོང་ལ། དམ་པ་གང་གིས་ཀིརྟི་དགོན་ཁག་གིས་གཙོས་དགོན་སྡེ་མང་པོར་མང་ཇ་དཀར་སྐྱོངས་སུ་སྒྱུར་ནས་སེམས་ཅན་སྟོང་ཕྲག་མང་པོར་སྲོག་གི་སྦྱིན་གཏོང་གནང་བ་སོགས་བསམ་གྱི་མི་ཁྱབ་པའི་རྣམ་ཐར་ལ་སྙིང་ནས་དད་པའི་ཕྱག་འཚལ་ལོ།
    སྐུ་ཚེ་བརྟན་པ་སྨོན།

    Reply
  3. དགའ་བ། says:
    ལོ་ 17 སྔོན།

    བཙན་བྱོལ་བའི་སྤྱི་ཚོགས་སྤྱི་དང་ལྷག་པར་བོད་མིའི་སློབ་གྲྭ་ཁག་ཏུ་བོད་མི་རང་གི་བཟང་པོའི་སྤྱོད་ལམ་དང་གོམས་གཤིས་ཁག་ཉམས་ཆག་ཏུ་འགྲོ་བཞིན་སྐབས་འདིར། རིན་པོ་ཆེ་ཁོང་གིས་དམིགས་གཏད་གཙོ་བོ་བོད་ནང་གི་འབྲེལ་ཡོད་མང་ཚོགས་ལ་དགོངས་ནས་ཉམས་མྱོང་རྒན་པོའི་བསླབ་བྱ་འདི་བཀའ་རྩོམ་མཛད་པ་ཞིག་ཡིན་ཀྱང་། བཙན་བྱོལ་བའི་སྤྱི་ཚོགས་ནང་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་སྟབས་སློབ་གྲྭ་ཁག་གི་འཛིན་སྐྱོང་ལས་བྱེད་དང་དགེ་རྒན་རྣམ་པས་དོ་སྣང་ཞུས་ནས་ཀུན་སྤྱོད་ཀྱི་སློབ་ཚན་གྲས་སུ་འཇོག་ཐུབ་ན་ཤིན་ཏུ་བཟང་། བསླབ་བྱ་འདི་ནང་དོན་ཟབ་ལ་གོ་བ་ལོན་ཚིག་བརྗོད་སླ་བོ་ཞིག་ཏུ་མཛད་འདུག་པས་ང་ཚོའི་གཞི་རིམ་སློབ་གྲྭ་ཁག་ལ་ཤིན་ཏུ་འཚམས།་

    Reply
  4. ནད་པ says:
    ལོ་ 17 སྔོན།

    ༸ སྐྱབས་རྗེ་ཀརྟི་རིན་པོ་ཆེ་མཆོག་ནི་ངེས་པ་དོན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་སྟབས་ཉམས་མྱོང་རྒན་པོའི་བསླབ་བྱ་སོ་གཉིས་དེ་ཡང་ཚད་ལྡན་ཞིག་ཡིན་པར་སོང་དེས་བསྟན་དང་འགྲོ་ལ་ཕན་ཅིང་ཁོང་སྐུ་ཁམས་བཟང་ཞིང་ཞབས་པད་ཡུན་དུ་བརྟན་པའི་སྨོན་ལམ་འདེབས།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    བཟོ་བཅོས། རྣལ་མ་ཞིག་ཏུ་

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    མཛད་པ་པོའི་ཐུན་མོང་མ་ཡིན་པའི་མཛད་པ་རྣམ་ཐར་ཇི་ལྟར་ཡིན་མངོན་དཔག་དཀའ་ཡང་། ཐུན་མོང་སྣང་ངོར་༸འཕགས་མཆོག་ཕྱག་ན་པདྨོའི་རྗེས་འཇུག་རྣལ་མ་་ཏུ་མངོན།
    སྐུ་ཚེ་ཡུན་དུ་གནས་པའི་སྨོན་འདུན་ཞུ།།

    Reply
  7. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    རིན་པོ་ཆེ་མཆོག་ནི་གཞན་ཕན་གྱི་ཕྱག་ཟུང་རིང་ཞིང་ལུགས་གཉིས་ཀྱི་སྤྱན་ཟུང་ཡངས་པའི་སྐྱེས་བུ་དམ་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese