མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་དུག་གིས་མི་གསུམ་བཀྲོངས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ། རྩི་ཀོར་ཐང་རྫོང་། རྔ་རྒྱ་སྡེ་བའི་མི་བཅུ་གཉིས་ ༡༢  ལ་ཕྱི་བའི་དུག་ནད་འགོས་ཏེ། ཀུན་བཟང་དང་བསྟན་འཛིན་ཞུ་བ་གཉིས་འདས་གྲོངས་སུ་སོང་ཡོད་པ་དང་། དེ་རིང་སྔ་དྲོ་སླར་ཡང་བསྟན་གྲགས་ཞུ་བ་ཞིག་རྐྱེན་ལམ་དུ་ཕྱིན་ཏེ། ད་ལྟ་མི་ ༣ ཙམ་ཕྱི་དུག་དེའི་རྐྱེན་པས་འདས་གྲོངས་སུ་སོང་ཡོད་འདུག་ལ། ཀུན་བཟང་སོགས་ལ་ཐོག་མར་སྨན་བཅོས་བྱེད་མཁན་གྱི་སྨན་པར་ཡང་ཕྱི་དུག་ཕོག་སྟེ་ད་ལྟ་སྐྱོབ་དཀའ་བའི་ཚོད་དུ་སླེབས་ཡོད་འདུག གཞན་མི་དགུ་ལ་སྨན་བཅོས་བྱེད་བཞིན་ཡོད་འདུག ཕྱི་བའི་དུག་ནད་དེ་ཐེངས་འདིར་ཐོག་མར་འགོས་སྟངས་ཐད། བཤད་ཚུལ་མི་མཐུན་པ་ཁག་ཅིག་བྱུང་ཡོད་པ་དང་། འགའ་རེ་ཡིས་ཕྱི་དུག་གིས་ཤི་བའི་ཁྱི་རོ་ཞིག་བརྒྱུད་དེ་རིམས་ནད་དེ་ཁྱབ་གདལ་དུ་ཕྱིན་ཚུལ་བརྗོད་ལ། ཡང་ལ་ལས་གནམ་བརྡ་སྟོན་ཁ་སླེབས་པ་དང་བསྟུན་ཏེ། རྒྱ་མི་མང་པོ་བོད་ཁུལ་དུ་ཡོང་སྟེ། དུག་རྫས་བེད་སྤྱོད་བཏང་སྟེ་ཕྱི་བ་མང་པོ་གསོད་ཀྱིན་ཡོད་པ་དེའི་དུག་རྫས་ཕོག་པའི་ཕྱི་བ་བརྒྱུད་ནས་མི་ལ་འགོས་རབས་ཡང་བཤད།

 

ཕྱི་ཚེས་ ༣༠ ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ལས་ཁུངས་ནས་གོང་གི་གནས་ཚུལ་དེའི་སྐོར་ཕྱིར་བསྒྲགས་བྱས་པའི་ནང་མི་གཅིག་གྲོངས་ཡོད་ཚུལ་བརྗོད་འདུག གཞན་རྒྱ་ནག་གི་གསར་ལམ་ཁག་ཅིག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། སྤྱི་ལོ་ ༡༩༡༠ ལོར་ཀྲུང་གོའི་ཤར་བྱང་ས་ཁུལ་གྱི་ཞིང་ཆེན་གསུམ་ནང་། ཐེངས་གཅིག་ནད་རིགས་དེ་ཁྱབ་གདལ་དུ་ཕྱིན་ཏེ། མི་གྲངས་ཁྲི་དྲུག་ ༦༠༠༠༠ ལྷག་གི་ཚེ་སྲོག་འཕྲོགས་ཡོད་པ་དང་། སྐབས་དེར་ཨ་རི་དང་དབྱིན་ཇུ། ཨུ་རུ་སུ། འཇར་མན་སོགས་རྒྱལ་ཁབ་ ༡༡ གི་སྨན་པ་ཆེད་མཁས་པ་ ༣༦ ཙམ་གདན་དྲངས་ཏེ། ཕྱི་ནད་རྟོགས་ཞིབ་ལྷན་ཚོགས་ཟེར་བ་ཞིག་ཆེད་འཛུགས་བྱས་ཏེ། ཛ་དྲག་གི་ཐོག་ནས་ཕྱི་བའི་རིམས་ནད་དེ་སྔོན་འགོག་དང་མྱུར་སྐྱོབ་ཀྱི་ལས་དོན་བསྒྲུབས་ཡོད་འདུག

 

ཕྱི་དུག་རིམས་ནད་འདིའི་ཁྱབ་གདལ་གྱི་འགྲོས་ཧ་ཅང་མགྱོགས་ཤིང་། ནད་རྟགས་གསལ་བོ་མེད་པར་གློ་བུར་དུ་ཚེ་སྲོག་འཕྲོགས་པའི་ནད་རིགས་ཉེན་ཁ་ཅན་ཞིག་ཡིན་ཞིང་། གལ་སྲིད་མི་ཞིག་ལ་ཕྱི་དུག་དེ་ཕོག་པ་ཡིན་ན། ཤི་ཚད་བརྒྱ་ཆ་ ༩༥ ཡིན་པ་དང་། འགོར་ན་ཉིན་ ༣ དང་མགྱོགས་ན་ཆུ་ཚོད་ ༢༤ ནང་རྐྱེན་ལམ་དུ་འགྲོ་བཞིན་ཡོད་ཚུལ་བཀོད་འདུག བོད་པའི་དག་ཡིག་སོགས་སུ་ཕྱི་དུག་གི་སྐོར་བཀོད་ཡོད་པའི་ནང་། ཕྱི་དུག་ནི་ཕྱི་བའི་ལུས་ལ་བྱུང་བའི་འགོ་ནད་ཧ་ཅང་གི་མཆེད་པ་མགྱོགས་ཤིང་། མྱུར་དུ་སྲོག་ལ་རྒོལ་བའི་འགོ་ནད་དྲག་པོ་ཞིག་ཡིན། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༦ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༡ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

༢༠༢༦/༠༨/༢༤

མཆན། 7

  1. དགེ་བཤེས་བསྟན་བཀྲ། says:
    ལོ་ 17 སྔོན།

    གནས་ཚུལ་མཁོ་སྤྲོད་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
    ད་ལྟའི་ནད་པ་རྣམས་ལ་རིན་ཆེན་གྲང་སྦྱོར་ཆེན་མོ་གཏོང་གལ་ཆེ་པ་དང། འཕྲོད་ལས་སྡེ་ཚན་ཁག་གིས་ལས་དོན་དེའི་ཐད་ཧུར་ཐུག་བྱེད་བཞིན་པའི་གནས་ཚུལ་གོ་ཐོས་བྱུང་བས་ཐུགས་རྗེ་ཆེ་ཞུ། རྒྱ་ཆེའི་མང་ཚོགས་ནས་མ་ཎི་རིལ་བུ་འཐུང་བ་དང་། ཡང་ན་ཆུར་སྦང་ནས་ཞོག་པ་སྔ་བོར་ཁ་སྣ་མིག་རྣ་སོགས་སུ་བསྐུ་རྒྱུ་གལ་ཆེ་བར་མ་ཟད། རིམས་སྲུང་རིལ་བུ་ལུས་ལ་འདོགས་རྒྱུ་བཅས་དགོངས་འཇགས་འཚལ། ནད་པ་དེ་དག་ནད་ལས་མྱུར་དུ་གྲོལ་ཏེ་ཚེ་བསོད་སྔར་ལྷག་རྒྱས་པའི་སྨོན་འདུན་དང་བཅས།

    Reply
  2. འདན་ཚ་ says:
    ལོ་ 17 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས་ལ་ཐུགས་རྗེ་ཆེ་ཞུ་ཞོར་དུ་ངའི་སྡེ་མིང་འགྱུར་ཞིག་གཏོང་བར་རེ་བ་ཞུ་རྒྱུ་ཡིན།
    ངའི་སྡེ་མིང་ལྔ་རྒྱལ་ཡིན་པ་ལས་ལྔ་བརྒྱད་མ་རེད།
    འདི་ལ་འགྱུར་བ་གཏོང་དགོས་དོན་ཅི་ཡིན་ན

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    འབྲེལ་ཡོད་ལྔ་བརྒྱད་སྡེ་བའི་ཡུལ་མི་པངྤ་མ་ཚེ་རིང་ལགས་ཀྱིས་དུས་ཐོག་ལ་གསལ་བཤད་དང་། གནས་ཚུལ་འཐུས་ཚང་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ། གོང་བཀོད་འདས་པོ་གསུམ་གྱི་སྔ་རྗེས་འཁྲུག་པ་ནོར་བཅོས་བཏང་ཟིན། གཞན་དག་རྒྱས་བསྡུས་ཙམ་ལས་གཅིག་མཚུངས་ཡིན་སྟབས་རང་སོར་བཞག

    Reply
  4. འདན་ཚ་ says:
    ལོ་ 17 སྔོན།

    བོད་ཀྱི་དུས་བབས་རྩོམ་སྒྲིག་པ་ལགས།
    གནས་ཚུལ་འདིའི་ཐལ་ལ་གསལ་ཁ་བྱུང་མེད་ས་ཁ་ཤིས་མཐོང་ནས་ལན་འདི་སྤྲོད་འདོད་བྱུང་།
    ཆེས་ཐོག་མར་བྱི་ནད་ཕོག་ས་དེ་ཀུན་བཟང་ཟེར་བ་དེ་རེད་ལ་དང་པོ་འདས་གྲོངས་སུ་སོང་བའང་ཁོ་རེད། དེ་རྗེས་བསྟན་འཛིན་དང་དེ་རིང་རྐྱེན་ལམ་དུ་སོང་བ་དེ་བསྟན་གྲགས་རེད། བསྟན་གྲགས་ཀྱི་བུ་མོ་སྙིང་ཡག་མཚོའམ་གཅེས་མིང་ལ་ཨ་ལོ་ཟེར་འདི་དང་ཐོག་འདས་གྲོངས་སུ་ཕྱིན་པ་ཀུན་བཟང་གི་གཟའ་ཟླ་རེད་ལ་ད་དུང་ཁོང་གཉིས་ལ་བུ་གསུམ་ཡོད་པ་ཆ་ཚང་ད་ལྟ་རྫོང་སྨན་ཁང་དུ་ཡོད་འདུག
    པ་མ་སྲིད་གནས་ཚུལ་ཧ་ཅིང་ཛ་དྲག་རེད་ཟེར། གཞན་ད་ལྟ་སྨན་ཁང་དུ་ཡོད་པ་ཚེ་འབུམ་རྒྱལ་དང་པདྨ་རྒྱལ། སྟགས་འབུལ་རྒྱལ། ཆོས་རྒྱལ་བཅས་མི་བཞི་བོ་འདི་ཚང་མ་འདས་གྲོངས་སུ་སོང་བ་ཀུན་བཟང་གི་ཕ་མ་གཅིག་པའི་གཅེན་གཅུང་རྐྱང་རྐྱང་རེད། དང་ཐོག་ཀུན་བཟང་ལ་སྨན་བཅོས་བྱེད་མཁན་སྨན་པ་བཙན་ཐར་རྒྱལ་ཟེར་ཡང་ད་ལྟ་བྱི་ནད་ཕོག་ནས་ཆབ་ཆར་སྨན་བཅོས་བྱེད་བཞིན་འདུག་ནའང་རེ་བ་ཆེན་པོ་མེད་པར་བཤད་ཀྱིན་འདུག
    དང་ཐོག་བྱི་ནད་ཕོག་སྟངས་ལའང་ཀུན་བཟང་ཚང་གི་ཁྱིས་བྱི་བ་ཞིག་བསལ་ནས་བཟོས་རྗེས་ཁྱི་དེ་ཤི་འདུག་ལ་ཀུན་བཟང་གིས་ཁྱིའི་རོར་ལག་པ་འཆིང་རྗེས་ཁོ་ལ་བྱི་ནད་ཕོགས་དེ་གནས་ཚུལ་དེ་དག་ཚང་མ་བྱུང་ཡོད་འདུག
    ལྔ་རྒྱལ་སྡེ་བའི་ཡུལ་མི་པདྨ་ཚེ་རིང་གིས

    Reply
  5. འདན་ཚ་ says:
    ལོ་ 17 སྔོན།

    འདིའི་སྔོན་ལ་རྩོམ་སྒྲིག་པར་བསམ་ཚུལ་ཐུང་ཐུང་ཞིག་བསྐུར་བ་ཡིན་འོན་ཀྱང་སླེབས་མ་སོང་།

    Reply
  6. རི་བོང། says:
    ལོ་ 17 སྔོན།

    དཀོན་མཆོག་མཁྱེན། མགྱོགས་པོར་བཅོས་ཐབས་རྙེད་པར་ཤོག

    Reply
  7. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    གནས་ཚུལ་ཚབས་ཆེན་རེད།།
    མྱུར་ཏུ་འགོག་རྒོལ་བྱོས།།
    ཚེ་སྲོག་རླབས་ཆེན་རེད།།
    མགྱོགས་པོར་སྐྱོབ་ཐབས་བྱོས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese