མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གནས་སྟངས་ནི་མུ་མཐུད་ནས་འཇིགས་སྣང་ཅན་ཞིག་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢ ཉིན་སུད་སིའི་ཆ་འཕྲིན་ལྟེ་གནས་ཀྱིས་༧གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་ལ་ཉེ་ཆར་༧གོང་ས་མཆོག་ལ་སུད་སིའི་གཞུང་འབྲེལ་མི་སྣ་དག་གིས་མཇལ་འཕྲད་གནང་རྒྱུ་མིན་སྐོར་ཐག་གཅོད་གནང་བའི་ཐད་ལ་དགོངས་ཚུལ་ཅི་ཡོད་སོགས་ཀྱི་བཅར་འདྲི་ཞུས་ཡོད་པ་རེད།

སུད་སིའི་ཆ་འཕྲིན། ཐེངས་འདིར་༧གོང་ས་མཆོག་སུད་སིར་ཆིབས་བསྒྱུར་སྐབས་སུད་སིའི་གཞུང་འབྲེལ་མི་སྣ་ཁག་ཁོང་ལ་མཇལ་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པའི་ཐད་ཁྱེད་རང་ལ་དགོངས་ཚུལ་ཅི་བྱུང་།

སྐལ་བཟང་རྒྱལ་མཚན། ༧གོང་ས་མཆོག་གིས་ག་དུས་ཡིན་ནའང་མགྲོན་འབོད་གནང་མཁན་གྱི་རྒྱལ་ཁབ་དེར་དཀའ་ངལ་སྤྲོད་རྒྱུའི་ཐུགས་འདུན་ཡོད་པ་མ་རེད། གཞུང་ཁ་ཤས་ཀྱིས་༧གོང་ས་མཆོག་ལ་གཞུང་འབྲེལ་གྱི་མཇལ་འཕྲད་མ་གནང་ཡང་གནད་འགག་ཆེན་པོ་མ་རེད། འོན་ཀྱང་གུས་པ་སུད་སིའི་བོད་པ་ཞིག་ཡིན་པའི་ཆ་ནས་ད་ཐེངས་ཀྱི་སུད་སིའི་གཞུང་ཕྱོགས་ཀྱི་ཐག་གཅོད་ལ་བློ་ཕམ་ཆེན་པོ་བྱུང། འདི་ནི་ཕན་ཐོགས་ཡོད་པ་ཞིག་མ་རེད། གང་ཡིན་ཟེར་ན། དེས་རྒྱ་ནག་གི་དཔོན་རིགས་ཚོར་བོད་དང་གྲངས་ཉུང་མི་རིགས་ཀྱི་ཐོག་ཏུ་འཛིན་པའི་སྲིད་ཇུས་ལ་བསམ་བློ་བསྐྱར་དུ་གཏོང་དགོས་པའི་གོ་བརྡ་ཅི་ཡང་གཏོང་ཐུབ་མེད་པས་རེད། ང་རང་གི་ཡིད་ཆེས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་རྒྱ་ནག་གཞུང་ལ་བོད་དོན་གྱི་དཀའ་རྙོག་འདི་མཉའ་གནོན་གྱི་འོག་ནས་མིན་པར་འབྲེལ་མོལ་དང་གྲོལ་མོལ་གྱི་ལམ་ནས་སེལ་དགོས་པའི་གསལ་བཤད་བྱེད་དགོས་པ་དེ་ཡིན། ང་རང་སུད་སིའི་བོད་པ་ཞིག་གི་ངོས་ནས་བཤད་ན། ཐེངས་འདིའི་ཐག་གཅོད་དེའང་སུད་སི་གཞུང་གི་འདོད་འདུན་མ་རེད། གང་ཡིན་ཟེར་ན། སུད་སི་ནི་མི་རིགས་ཀྱི་ཆེ་མཐོང་དང་། རང་དབང་དང་དམངས་གཙོ་སོགས་ཀྱི་ཐོག་ལ་མཛད་རྗེས་མང་པོ་བཞག་མྱོང་བའི་གྲགས་ཅན་གྱི་རྒྱལ་ཁབ་ཞིག་ཡིན་པས། ༸གོང་ས་མཆོག་དང་གཞུང་འབྲེལ་མཇལ་མོལ་མི་གནང་རྒྱུ་དེ་ནི་ངའི་བསམ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ཁོང་ཚོའི་མཚན་མཐོང་ལ་ཕལ་ཆེར་གནོད་སྐྱོན་ཕོག་སྲིད་པ་ཞིག་རེད།

སུད་སིའི་ཆ་འཕྲིན། ༧གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་བར་ལ་སླར་ཡང་འབྲེལ་མོལ་ཡོང་བར་ཐབས་ལམ་གང་ཡོད་པ་རེད།
སྐལ་བཟང་རྒྱལ་མཚན། ༧གོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་གཞུང་གི་ལངས་ཕྱོགས་ལ་ནམ་ཡང་འགྱུར་བ་ཡོད་པ་མ་རེད། ང་ཚོས་དུས་ཀུན་ཏུ་རྒྱ་ནག་སྐམ་ས་ཆེན་མོའི་ནང་དུ་མཉམ་གནས་ཐོག ཚད་མཐོའི་རང་སྲིད་རང་སྐྱོང་ལ་ལོངས་སྤྱོད་རྒྱུར་དགོས་འདུན་འདོན་གྱིན་ཡོད། རྒྱ་ནག་གཞུང་ཕྱོགས་ནས་ཤེས་དགོས་པ་ཞིག་ནི་བོད་ནང་གི་གནད་དོན་དང་འབྲེལ་བའི་ཐོག་དུས་ནམ་ཞིག་གྲོས་མོལ་བྱེད་འདོད་ཡོད་ན། ང་ཚོའི་ཕྱོགས་ནས་འབྲེལ་མོལ་ཞུ་རྒྱུར་གྲ་སྒྲིག་ཡོད། ང་ཚོས་ད་ལྟའི་ཆར་རྒྱ་ཕྱོགས་ནས་བརྡ་ལན་བཟང་པོ་ཞིག་ཡོང་རྒྱུར་ངང་སྒུག་བྱེད་བཞིན་ཡོད།

སུད་སིའི་ཆ་འཕྲིན། ཁྱེད་རང་གིས་ད་ལྟའི་བོད་ནང་གི་གནས་སྟངས་ཐད་ག་རེ་གོ་གི་འདུག
སྐལ་བཟང་རྒྱལ་མཚན། བོད་ནང་གི་གནས་སྟངས་ནི་མུ་མཐུད་ནས་འཇིགས་སྣང་ཅན་ཞིག་རེད། བོད་ནང་གི་ཕྱོགས་མཐའ་ཀུན་དུ་དམག་མི་སྤོར་འཇོག་གིས་གང་སར་དམ་དྲག་ཤུགས་ཆེ་ཡོད་པས་ཡུལ་སྐོར་བ་ཚོ་དང་ཕྱི་མི་འགྲུལ་བསྐྱོད་བྱེད་ཆོག་གི་མེད། ཉིན་རེ་བཞིན་བོད་མི་ཚོ་འཛིན་བཟུང་གིས་ཁྲིམས་ཐག་ལྗིད་མོ་དག་གཅོད་ཀྱིན་པ་གོ་ཐོས་བྱུང་། ཉེ་ཆར་གྱི་གནས་ཚུལ་ལ་ལྟར་ན། ཉེ་ཆར་རྒྱ་གཞུང་གིས་གྲོང་གསེབ་ཀྱིས་གཙོས་པའི་ས་གནས་དག་ལ་པར་ཆས་བཙུགས་ནས་མང་ཚོགས་ཀྱི་བྱ་འགུལ་ལ་སོ་མྱུལ་བྱེད་ཀྱིན་ཡོད་པ་དང། ས་ཆ་འགའ་ཞིག་ཏུ་ས་གནས་གཅིག་ནས་གཞན་དུ་འགྲོ་བསྐྱོད་བྱེད་པར་དགོངས་འཁྲོལ་ཞུ་དགོས་ཀྱི་ཡོད་འདུག

སུད་སིའི་ཆ་འཕྲིན། ༧གོང་ས་མཆོག་གི་སྐུ་ནའི་བབ་ཀྱི་དབང་གིས་ཁོང་གི་རྗེས་འཇུག་པའི་སྐོར་གྱི་གནད་དོན་དེ་ཚོར་ཤུགས་རྣོ་བ་ཞིག་ཏུ་འགྱུར་གྱིན་ཡོད་པ་རེད། གལ་སྲིད་ཁོང་མ་བཞུགས་ཚེ་ཁྱེད་རང་ལ་མ་འོངས་པའི་བོད་ཐོག་ཏུ་སེམས་འཁུར་གང་ཡོད།
སྐལ་བཟངརྒྱལ་མཚན། གལ་སྲིད་ཁོང་མི་བཞུགས་པའི་དུས་ཤིག་ཤར་ཚེ་དེ་ནི་བོད་མི་རིགས་ལ་མཚོན་ན་གྱོང་ཆེན་པོ་ཞིག་རེད། འདི་ལ་དོགས་པ་ཡོད་པ་མ་རེད། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་མ་འོངས་པའི་དོན་དུ་ད་ལྟ་ནས་སྒྲིག་འཛུགས་ཁག་དང། སྤྱི་ཚོགས་དེ་ཡང་དག་པའི་མང་གཙོ་ཅན་དུ་བཟོ་བསྐྲུན་བྱ་བར་འབད་པ་ཧུར་བསྐྱེད་བྱེད་མུས་སུ་རེད། སྤྱིར་མ་འོངས་པའི་གནད་དོན་དེ་མི་སྒེེར་བ་གཅིག་ལ་བརྟེན་མེད་པར་བོད་མི་མི་རེ་ངོ་རེས་འགན་འཁུར་དགོས་པ་ཞིག་ཡིན། ༢༠༠༡ ལོ་ནས་བཟུང་ང་ཚོས་འོས་ཤོག་གི་ལམ་ནས་རང་གི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་འདེམས་བསྒྲུགས་བྱེད་ཀྱིན་ཡོད་པས། ངའི་བསམ་པར་ང་ཚོར་ཚད་ལྡན་གྱི་མང་གཙོ་ཞིག་ཡོད་དྲན་གྱི་ཡོད་ལ། ༸གོང་ས་མཆོག་ལ་ཆ་མཚོན་ནའང་སྐུ་ཁམས་གསལ་ཐང་ཡིན་པས། ཁོང་ཉིད་མ་མཐའ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་གནས་ཡུན་ལས་ལྷག་པ་ཞིག་འཚོ་བཞུགས་གནང་རྒྱུར་ང་ཚོར་བློ་ཐག་ཆོད་པོའི་ཡིད་ཆེས་ཡོད།

སུད་སིའི་ཆ་འཕྲིན། ༡༩༦༣ ལོར་ཁྱེད་རང་དགུང་ལོ་ ༡༡ ཡིན་པ་དང། ཁྱེད་རང་གིས་གཙོས་པའི་བོད་ཕྲུག་དྭ་ཕྲུག་རྣམས་ལ་སུད་སིའི་གཞུང་ནས་སྐྱབས་བཅོལ་བའི་ལག་འཁྱེར་སྤྲད་ནས་ད་བར་ལོ་ངོ་ ༤༠ ལྷག་ཙམ་འདིར་བཞུགས་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་སུད་སི་དང་བོད་གཉིས་ལ་འབྲེལ་ལམ་གང་འདྲ་ཡོད།
སྐལ་བཟང་རྒྱལ་མཚན། སུད་སིའི་གཞུང་ནས་ང་ལ་འཚོ་བ་སྐྱེལ་ཡུལ་གཉིས་པ་ཞིག་སྤྲད་པ་རེད། ང་ལ་མཚོན་ན་ཁོང་ཚོ་ནི་ཞེ་དྲག་གི་བཀའ་དྲིན་ཆེན་པོ་ཡིན། སུད་སི་ནི་རང་དབང་དང་མང་གཙོའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་མི་རིགས་ལ་ཆེ་མཐོང་སྤྲོད་པའི་གོམས་སྲོལ་བཟང་པོ་ཞིག་ཡོད་པས། དེས་ངའི་དམིགས་ཡུལ་དང་ངའི་བརྩི་མཐོང་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་དང། སྤྱིར་ང་སུད་སིར་འཚར་ལོངས་བྱུང་ཡང། གཙོ་བོ་བོད་མིའི་སྤྱི་ཚོགས་ནང་དུ་འཚོ་བ་སྐྱེལ་བ་དང་ལྷག་པར་དུ་ང་ལ་བོད་ཀྱི་ནང་ཆོས་དང། སྐད་ཡིག ལོ་རྒྱུས་བསླབ་མཁན་གྱི་ཆོས་དགེ་ཞིག་ཀྱང་ཡོད་པས། ནང་ཆོས་ཀྱི་ལྟ་གྲུབ་དང་དེའི་རིན་ཐང་དེ་ནི་ངའི་མི་ཚེའི་ནང་ཆེས་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན། དེ་བཞིན་དུ་སུད་བོད་གཉིས་ཀྱི་ཐུན་མོང་གི་འདྲ་ཡུལ་ནི་ཚོར་བ་དང་བསམ་བློ་གཏོང་ཕྱོགས་ཀྱི་ཐད་ནས་རེད་འདུག དཔེར་ན། ཡུལ་མི་གཉིས་པོས་སོ་སོ་མཐོ་སྒང་གི་མི་རིགས་ཤིག་ཡིན་པའི་ཚོར་བ་རྣོན་པོ་ཡོད་པ་དང། རྒྱལ་ཁབ་ཆུང་ཆུང་ཡིན་པ་དང་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་རེའི་བར་དུ་ཡོད་པའི་རྒྱུ་མཚན་གྱིས་རང་ཉིད་ལ་ཐུན་མིན་གྱི་ངོས་འཛིན་ཞིག་ཡོད་པར་སྤོབས་སེམས་སྐྱེ་བ་སོགས་རེད། ང་ལ་སུད་སི་ནི་རང་གི་ཕ་ཡུལ་ཡིན་པ་དང་ཧ་ཅང་གི་བདེ་འཇགས་ཀྱི་ཚོར་སྣང་ཞིག་འདུག ངའི་བྱིས་པ་ཚོ་འདིར་སྐྱེས་ཤིང་འདི་ནས་སློབ་གྲྭར་ཕྱིན་པ་རེད། སུད་སི་ནི་དོན་ངོ་མར་བཤད་ན་ངའི་ཕ་ཡུལ་གཉིས་པ་དེ་ཡིན།

གསར་འགོད་པ། ནོར་བུ་ཚེ་རིང་གིས་ཕབ་སྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༢༤ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༥
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese